ནག་པོ་དགུ་སྦྱོར་བེད་སྤྱོད་སྐབས་ཡིད་གཟབ་བྱ་དགོས་པ་བཅུ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 4 ཚེས 8 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» ཡུལ་སྲོལ་དང་རྒྱུན་ཤེས། »ནག་པོ་དགུ་སྦྱོར་བེད་སྤྱོད་སྐབས་ཡིད་གཟབ་བྱ་དགོས་པ་བཅུ།
ནག་པོ་དགུ་སྦྱོར་བེད་སྤྱོད་སྐབས་ཡིད་གཟབ་བྱ་དགོས་པ་བཅུ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2020/2/12ལྟ་ཀློག (1287)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ནག་པོ་དགུ་སྦྱོར་བེད་སྤྱོད་སྐབས་ཡིད་གཟབ་བྱ་དགོས་པ་བཅུ།

      བོད་ལུགས་གསོ་རིག་གི་རིམས་སྲུང་སྨན་ནག་པོ་དགུ་སྦྱོར་ལ་གཉན་རིམས་སྲུང་བའི་ནུས་པ་ངེས་ཅན་ལྡན་པར་གཞུང་ཁག་ལས་གསུངས་ཤིང་། དེ་ཡང་སྨན་འདི་ཁོ་ནས་རིམས་ནད་ཡོངས་སུ་འགོག་ཐུབ་པའི་ངེས་པ་མ་མཆིས་པས། སྨན་འདི་དང་ལྷན་དུ་དེང་སྐབས་ནད་རིམས་འགོག་པའི་ཐབས་ལམ་དག་ཆ་ཚང་བར་བསྟེན་རྒྱུ་ནི་ཧ་ཅང་གལ་ཆེ། སྨན་འདི་ཡང་དག་པར་བེད་སྤྱོད་གཏོང་སྟངས་དང་ཡིད་གཟབ་བྱ་དགོས་པའི་གནད་དོན་ཁག་ཅིག་ལ་གསལ་འགྲེལ་བྱ་རྒྱུ་གཤམ་གསལ་ལྟར་ཏེ། 

          ༡ ཚད་ལྡན་གྱི་སྨན་ཉོ་དགོས། དེ་ནི་སྨན་ཁང་ཁག་དང་ཚད་ལྡན་གྱི་བོད་སྨན་བཟོ་གྲྭ་ཁག་ནས་བཟོས་པའི་སྨན་ཉོ་དགོས། དེའི་ཁྱད་ཆོས་ནི་སྤུས་ཚད་འགན་སྲུང་ཐུབ་པ་མ་ཟད། སྨན་དང་མཉམ་དུ་མ་མཐར་གསལ་བཤད་ཡི་གེ་ཡོད་ལ། དེའི་སྟེང་སྨན་བཟོ་གྲྭ་གང་ནས་བཟོས་ཡོད་མེད་དང་བེད་སྤྱོད་བྱ་ཐབས་སོགས་བྲིས་ཡོད།
          ༢ ངེས་པར་དུ་སྨན་གྱི་བེད་སྤྱོད་བྱ་ཐབས་གསལ་བཤད་ཡི་གེ་གཞིར་བཟུང་ནས་བེད་སྤྱོད་གནང་དགོས།
          ༣ མིག་སྔར་ཐོན་སྐྱེད་བྱས་པའི་ནག་པོ་དགུ་སྦྱོར་ནི་སྨན་ཐུམ་བུར་སྒྲིལ་ནས་སྐེ་ལ་བཏགས་ཏེ་བེད་སྤྱོད་གཏོང་དགོས་པ་ཁོ་ན་ཡིན།
          ༤ ནག་པོ་དགུ་སྦྱོར་ཁོང་སྨན་དུ་གཏན་ནས་གཏོང་མི་རུང་། སྨན་གྱི་སྦྱོར་བའི་ནང་བཙན་དུག་སོགས་དུག་ཤས་ཅན་གྱི་སྨན་ལྡན་པས་ཁ་ལ་མཆོད་ན་དུག་ཕོག་པ་སོགས་ཀྱི་ཉེན་ཁ་ཆེན་པོ་ཡོད།
          ༥ སྦྲུམ་མ་དང་བྱིས་པ་ལོ་ཆུང་རིགས་ལ་སྨན་འདི་བེད་སྤྱོད་མ་བཏང་ན་བཟང་།
          ༦ སྐེ་ལ་འདོགས་པ་དང་དྲི་མ་སྣོམས་པ་སོགས་ཀྱི་སྐབས་མི་འཕྲོད་པའི་གནས་ཚུལ་ཡོད་ཚེ་ལམ་སེང་བེད་སྤྱོད་གཏོང་མཚམས་འཇོག་དགོས།
          ༧ ནག་པོ་དགུ་སྦྱོར་སྐེ་ལ་བཏགས་ནས་སྨན་ཐུམ་གྱི་ཕྱི་ནས་ཉིན་རེར་ཐེངས་༢ནས་༣ཙམ་བར་དྲི་སྣོམས་དགོས་པ་དང་། དེ་ཡང་རང་རང་གི་ལུས་པོའི་གནས་ཚུལ་ལ་གཞིགས་ནས་འཕྲོད་མིན་སོགས་ལ་དོ་སྣང་བྱ་དགོས།
          ༨ སྐེ་ལ་འདོགས་སྐབས་ཐད་ཀར་བྲང་གི་ཤ་པགས་ལ་ཐུག་ན་པགས་པར་མི་འཕྲོད་པའི་གནས་ཚུལ་སོགས་འབྱུང་སྲིད་པས། རབ་ལ་བྱུང་ན་སྟོད་གོས་ནང་མའི་སྟེང་ཙམ་ལ་བཞག་ན་འཚམས།
          ༩ ནག་པོ་དགུ་སྦྱོར་ཉར་ཚགས་བྱ་སྐབས་སྨན་ཐུམ་ཁ་བརྒྱབ་ནས་འགྱིག་ཤོག་སོགས་ཀྱིས་བཏུམས་རྗེས་སྐམ་ས་དང་བྱིས་པས་མ་སྙོབས་པའི་མཐོ་སར་འཇོག་དགོས། 
          ༡༠ ནག་པོ་དགུ་སྦྱོར་ཁོ་ན་ཙམ་མིན་པར། དེང་སྐབས་ཀྱི་ནད་རིམས་ལ་དམིགས་པའི་རིམས་འགོག་གི་ཐབས་ལམ་སྟེ། ཕྱི་ལ་མི་འགྲོ་བ་དང་རྟག་ཏུ་ལག་པ་བཀྲུ་བ། ཁ་རས་རྒྱག་པ་སོགས་ཀྱི་ཐབས་ལམ་ཁག་ངེས་པར་དུ་དང་ལེན་བྱ་དགོས།


     འདི་ནི་བོད་ཀྱི་གསོ་རིག་ལས་གདོན་ནད་གསོ་བའི་སྨན་ཞིག་ཡིན་ཏེ།  ཨ་རུ་ར།   གི་ཝང་།  བཙན་དུག གླ་རྩི། ཤིང་ཀུན། ཤུ་དག་ནག་པོ་སོགས་སྨན་སྣ་དགུ་ལས་གྲུབ་པ་དང་།  མགོ་བའི་ནད་རིགས་ཀུན་སེལ་བར་ཕན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།
རྒྱ་ཡིག་གི་མིང་།
九配黑药散
རྣམ་པ།
ཕྱེ་མ།

1སྨན་སྦྱོར།

ཨ་རུ་ར། གི་ཝང་། བཙན་དུག གླ་རྩི། ཤིང་ཀུན། ཤུ་དག་ནག་པོ། མུ་ཟི་ནག་པོ། གུ་གུལ་ནག་པོ། རྒྱ་སྣག་སོགས་སྨན་སྣ་དགུ་ལས་གྲུབ་པ་ཡིན།

2ཕན་ནུས།

མགོ་བའི་ནད་རིགས་ཐམས་ཅད་འཇོམས་པའི་མཆོག །

3བསྟེན་ཚུལ།

ཉིན་རེར་ཐེངས1དང་།   ཐེངས་རེར་ཐུན1རེ་བསྟེན།

4ངོ་བོ།

ངོ་བོ་ཅུང་དྲོ་ལ་བཟི་ཡོད།

5འཛེམ་བྱ།

དྲི་བདུག་དགོས།  ཁོང་དུ་མི་བསྟེན།

6རྣམ་པ།

ཕྱེ་མ།

དཔྱད་གཞིའི་ཡིག་ཆ།
  • 1  ཟུར་མཁར་མཉམ་ཉིད་རྡོ་རྗེས་བརྩམས་པའི 《མན་ངག་བྱེ་བ་རིང་བསྲེལ་པོད་ཆུང་རབ་འབྱམས་གསལ་བའི་སྒྲོན་མེ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1993ལོའི་ཟླ8པའི་པར་ཐེངས་དང་པོ།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
17667763
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号