སྒྲོལ་མའི་གསོལ་འདེབས་བྱིན་རླབས་འདོད་འཇོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »སྒྲོལ་མའི་གསོལ་འདེབས་བྱིན་རླབས་འདོད་འཇོ།
སྒྲོལ་མའི་གསོལ་འདེབས་བྱིན་རླབས་འདོད་འཇོ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2020/2/18ལྟ་ཀློག (4551)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྒྲོལ་མའི་གསོལ་འདེབས་བྱིན་རླབས་འདོད་འཇོ།


ཐེ་བོ་དཀོན་སེང་།


དོན་དམ་འགྱུར་མེད་ཆོས་ཀྱི་སྐུ་བརྙེས་ཀྱང་།།
ཀུན་རྫོབ་སྤྱན་རས་འགྲོ་ལ་གཟིགས་མཛད་མ།།
རྒྱལ་བའི་ཡུམ་གཅིག་རྗེ་བཙུན་འཕགས་མ་ཡིས།།
འཇིགས་རུང་རིམས་ནད་གཡང་ལས་སྐྱབས་མཛོད་ཀྱེ།།

ཡུམ་ཁྱེད་དག་ཞིང་བདེ་ལྡན་གནས་སུ་བཞུགས།།
བུ་ང་མ་དག་བསིལ་ལྡན་ལྗོངས་སུ་ལྷག།
ཕྱི་ཡི་བར་ཐག་རི་ཆུས་བཅད་མོད་ཀྱང་།།
ནང་སེམས་གཙང་མས་ཉིན་བཞིན་ཁྱེད་རང་མཇལ།།

མ་དག་འཁོར་བའི་མཚོ་ལས་སྒྲོལ་མཛད་མ།།
དག་པ་ཟུང་འཇུག་ལང་ཚོ་རབ་རྫོགས་མ།།
རྒྱལ་ཀུན་འཕྲིན་ལས་ལྷ་མོའི་རྣམ་རོལ་མར།།
གུས་ཕྱག་འཚལ་ན་འདོད་དོན་བསྒྲུབ་ཏུ་གསོལ།།

སྣང་བ་སྒྱུ་མའི་རྫས་ཀྱི་མཆོད་སྤྲིན་དང་།།
སྟོང་བ་བདེ་ཆེན་གསང་བའི་མཆོད་པ་སོགས།།
སྒྱུ་འཕྲུལ་ལྷ་མོ་ཁྱེད་ལ་ཕུལ་བས་ན།།
བརྩེ་བའི་ཞགས་པས་བདག་སོགས་འཛིན་གྱུར་ཅིག།

གདོད་ནས་ད་བར་ལུས་ངག་ཡིད་གསུམ་གྱིས།།
ཚུལ་མིན་ལས་ལ་འཇུག་པའི་ནག་ཉེས་དག།
ཡུམ་ཆེན་ཁྱེད་ཀྱི་མདུན་སར་འགྱོད་བཤགས་འདིས།།
རྣམ་སྨིན་སྡུག་གི་འདམ་ལས་ཐར་བར་སྨོན།།

རང་རྒྱུད་སྨིན་པའི་ཕྱིན་དྲུག་སྤྱོད་པ་དང་།།
གཞན་རྒྱུད་སྨིན་པའི་བསྡུ་དངོས་བཞི་ལ་སོགས།།
རྗེ་བཙུན་ཨ་མའི་མཛད་བཟང་ཆ་ཤས་རེར།།
ཡིད་རངས་བསྒོམས་པས་ཕྲག་དོག་ཞི་བར་ཤོག།

སྒྱུ་མའི་གསོལ་འདེབས་ནན་གྱིས་ཡུམ་གཅིག་ཁྱེད།།
ཆོས་ཀྱི་དབྱིངས་ནས་བཞེངས་པར་བསྐུལ་གྱུར་ན།།
ཁྲོ་གཉེར་ཞི་བའི་སྒེག་ཉམས་སྟོང་ཕྲག་གིས།།
དགྱེས་པའི་འཛུམ་ཞལ་བདག་ལ་བསྟན་དུ་གསོལ།།

དུས་མཐའི་འགྲོ་བའི་མགོན་དང་དཔུང་གཉེན་དུ།།
བཞུགས་ལ་རེ་བའི་འོ་དོད་འབོད་པ་བཞིན།།
ཕོངས་བའི་གཉེན་གཅིག་རྗེ་བཙུན་སྒྲོལ་མའི་ཞབས།།
བསྐལ་བ་མ་བཏང་བར་དུ་བསྟེན་པར་སྨོན།།

མ་བཅོས་གང་ལ་མངའ་བའི་ཆེ་བ་དག།
བཅོས་མ་སྙན་ཚིག་ཕྲེང་བའི་ལམ་ག་ནས།།
ཅུང་ཙམ་བསྔགས་པའི་དགེ་ཚོགས་འོད་སྣང་འདིས།།
ད་ལྟའི་རིམས་ནད་མུན་པ་སངས་གྱུར་ཅིག།

སྐྱེ་རྒ་ན་འཆིས་འཁོར་བའི་ལུས་ཅན་ཁྲོད།།
འཆི་བ་འོང་སྙམ་མེད་པའི་གྲོགས་མང་ཞིག།
གློ་བུར་བར་དོར་ངེས་མེད་འཁྱམས་པ་དག།
ཐར་བའི་ལམ་སྣེ་ཟིན་ན་ཅི་མ་རུང།།

མི་གཅེས་དབང་མེད་ལས་ཀྱིས་དམ་དུ་སྦྲེལ།།
གཅེས་ཀྱང་མི་དབང་མི་རྟག་གློག་འདྲ་བའི།།
སྐྱེ་འཆི་འཁོར་བའི་རྩ་བ་མ་རིག་མུན།།
གཉིས་མེད་ཡེ་ཤེས་མེ་ཡིས་གཞོམ་པར་ཤོག།
    ཅེས་ད་ལྟའི་ཆར་རིམས་ནད་འདིའི་དབང་གིས་མི་བུ་ཀུན་རང་གནས་མུན་པའི་ཁུང་བུར་སྡུག་སྨེ་འདོན་པའི་སྐབས་སུ་ཆོས་པ་ཞིག་ལ་མཚོན་ན་ཕྱིའི་ཞབས་རིམ་གཙང་སྦྲ་འཕྲོད་བསྟེན་གཉེར་རྒྱུ་མ་ཟད་ནང་གི་འཕྲོད་བསྟེན་སྒོ་གསུམ་གཙང་བའི་ངང་ནས་ཡི་དམ་གང་ཞིག་གི་སྒོམ་བཟླས་དང་བླ་མའི་རྣལ་འབྱོར་གྱི་དམིགས་རིམ་ལ་བརྩོན་པ་ཟུང་འབྲེལ་བཅས་འབད་ཐུབ་ན་ཕན་ངོ་ཧ་ཅང་ཆེ་ཕྱིན་ཕྲན་གྱིས་ཀྱང་དགའ་ལྷའི་རྣལ་འབྱོར་གྱི་སྒོ་ནས་དམིགས་བརྩེ་མ་དང་། རྗེ་བཙུན་སྒྲོལ་མའི་བསྙེན་པ་གྲངས་གསོག་གི་བར་གསེང་ནས་སྒྲོལ་མའི་གསོལ་འདེབས་བྱིན་རླབས་འདོད་འཇོ་ཞེས་པ་འདི་2020/2/17/ གུས་པ་ཐེ་བོ་དཀོན་སེང་དུ་འབོད་པས་སྦྱར་བ་དགེ་གྱུར་ཅིག།    །།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
52u8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41096397
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1