ང་ཚོས་མགར་རྐང་གི་སྙན་ངག་འགའ་ལ་མྱོང་རོལ་བྱ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 4 ཚེས 8 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ང་ཚོས་མགར་རྐང་གི་སྙན་ངག་འགའ་ལ་མྱོང་རོལ་བྱ།
ང་ཚོས་མགར་རྐང་གི་སྙན་ངག་འགའ་ལ་མྱོང་རོལ་བྱ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2020/2/19ལྟ་ཀློག (787)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཡུལ་ངེས་མེད་པའི་སྙིང་གཏམ།

༼མཐོ་འབྲིང་སློབ་མའི་བརྩམས་ཆོས།༽


མགང་རྐང་།   རྫ་ཆུ་ཁ།

སྐྱེ་བ་འདི་ནས་ང་དང་གཞོགས་གཅིག་ཏུ།།
རི་དང་གཙང་བོ་འཕྲེད་དུ་བརྒལ་རོགས་སམ།།
ཡང་ན་རྨི་ལམ་སྟོང་གི་ལམ་གྱི་སྣེར།།
ལག་འཇུ་བྱེད་ཞོར་མནོ་སེམས་གཏོང་རོགས་ཡིན།།
ཆུང་དུས་ལུག་ཁྱུ་འཚོ་རོགས་མ་ཡིན་པའི།།
རྒས་དུས་དགའ་སྡུག་གློད་སའི་དགའ་མ་དེ།།
སྐྱེ་བ་འདི་ནས་ང་ཡི་ལམ་གྱི་སྣེར།།
མནོ་སེམས་བྱེད་ནས་དྲ་བ་འཐེན་པའི་མི།།
བསྐལ་བ་བརྒྱ་ལ་བཏབ་པའི་འབྲས་བུ་ཉིད།།
སེམས་དང་རྨི་ལམ་གཅིག་ཏུ་བསྡོངས་ཡོད་རྐྱེན།།
ལོ་དང་ཆར་ཆུས་ཡིད་སེམས་གདུང་བྱེད་ཀྱང་།།
བར་ཆད་རྐྱེན་གྱི་གནོད་པ་ཐུབ་མ་ཡིན།།
                ༢༠༢༠.༢.༨ ནམ་གུང་།


རང་སེམས་རྨས་པའི་གཏམ།

ཟུར་མིག་འཛུམ་པའི་བུ་མོ་སྙིང་དུ་སྡུག།།
ལུས་ཀྱི་ཉམས་ལ་འཇོ་སྒེག་ཁྲི་སྟོང་ལྡན།།
ང་དང་མཉམ་གཅིག་འགྲོགས་མྱོང་མེད་ནའང་།།
བདག་སེམས་འཕྲོག་ནས་ལོ་ཟླ་ཐུང་ཐུང་མིན།།
གལ་ཏེ་སྐྱེ་བ་སྔོན་མ་ཡོད་གྱུར་ནས།།
སྔོན་མའི་ལན་ཆགས་ད་ཐེངས་སྨིན་གྱུར་ན།།
བདག་གི་ཁོ་མོར་ལན་ཆགས་བུ་ལོན་ཏེ།།
སྤྲོད་ཆེད་བདག་སེམས་རྨས་པ་ཡིན་ཐག་ཆོད།།
              བོད་ཀྱི་གཞས་མ་གཡང་སྐྱིད་ལ་བྲིས་པ།

འཚོ་བའི་ལན་ཆགས།

ཁོ་མོ་དམིགས་ཡུལ་བསྒྲུབ་ཆེད་གནམ་མཐའི་ཡུལ་དེར་བསྙེགས་སོང་།།
ལོ་དང་ཟླ་བ་ཁེར་འགྲོར་རྒྱུ་འབྲས་ཧ་ཅང་ལྡན་པ།།
སུ་ལ་དམིགས་བསལ་གནང་སྔར་བཞིན་རང་ལམ་བསྙེགས་པ།།
ཁྱེད་ཀྱིས་སྒེའུ་ཁུང་འགྲམ་ནས་ཟུར་མིག་སུ་ལ་འཁྲེང་ཡོད།།
མཚན་གཞུང་རྨི་ལམ་ནང་ནས་སུ་དང་འཕྲད་འདོད་སྐྱེས་ཡོད།།
ཤུལ་གྱི་དྲན་གདུང་མཐའ་དག་རྡོ་ལོག་ཆུ་ལ་འཕང་འདྲ།།
ཆུང་དུས་རྩེད་རྡོ་བསྒྲིགས་པ་ད་ལྟ་ཡིད་ལ་འཆར་རམ།།
སྐབས་དེས་དགའ་སྡང་འཁོན་རེས་ད་ལྟ་བདེ་སྐྱིད་ཡིན་ནམ།།
ལོ་ཟླ་འདི་ལྟར་ཡིན་རེད་ཁག་འགེལ་སུ་ལ་གནང་ངམ།།
འཁོར་བའི་བདེ་སྐྱིད་ཏོག་ཙམ་ཆུང་དུས་བསམ་མེད་ཡིན་སྐབས།།
བསམ་ཤེས་ཅུང་ཙམ་ཤེས་སྐབས་ལུས་སེམས་ངལ་བའི་དཔེ་རེད།།
འདི་ནི་སྲིད་པའི་ཆོས་ཉིད་སུ་ཡིས་བཟློག་ཐབས་མེད་པ།།
ཀྱེ་མ་འཁོར་བའི་ལྷ་ཚོགས་ཐུགས་རྗེ་སྤྱན་གྱིས་གཟིགས་ཤིག།
                   ༢༠༢༠,༢,༡༡ ཉིན།  རིག་འབྱུང་ནས་བྲིས།


ཕྱིར་དྲན་མག་མོག་ཅིག་བཙལ་བ།
            
ཆུང་དུས་རྩེད་རྡོ་སྣ་ཚོགས་བསྒྲིགས་བྱས་ཏེ།།
ཁྱོད་ནི་མ་དང་ང་ནི་ཕ་བྱས་ནས།།
འགྲན་གྱི་ནུ་བོ་བུ་ཆུང་བྱེད་པ་དྲན།།
དེ་དུས་ཁྱོད་ཀྱི་གཅེས་མིང་ལྟ་བུའོ།།
མེ་ཏོག་རྐང་གཅིག་ཟེར་ནས་འབོད་ཙ་ན།།
སྐབས་དེར་ཁྱོད་ཀྱི་དམངས་གླུ་ལེན་པ་ཡིས།།
བདག་གི་ཡིད་སེམས་སྔར་མེད་སྤྲོ་བར་བྱེད།།
ད་སྐབས་ཕྱིར་འདང་སྣ་ཚོགས་བྱེད་ཙ་ན།།
བདག་གི་ཡིད་སེམས་སྐྱོ་བས་གཙེས་པར་བྱེད།།
ཁྱོད་ནི་བསྐལ་བ་སྟོང་གི་ལན་ཆགས་འདྲ།།།
མཚན་གྱི་རྨི་ལམ་ལས་ཀྱང་མང་པ་དང་།།
ཉིན་མོའི་ཟས་ཐུན་ལའང་དྲན་པར་བྱེད།།
གང་ལྟར་བདག་གི་སེམས་ནས་ཡལ་མེད་པ།།
ཁྱོད་ལ་དག་གིས་ཅི་ཞིག་ཆད་པ་ཡིན།།
ཀྱེ་མ་ཆུང་དུས་མེ་ཏོག་རྐང་གཅིག་ཡིན།།
མིང་འདི་ཨུ་གཉིས་བར་གྱི་སྒེར་མིང་ཡིན།།

           ༢༠༢༠/༢/༡༢ དགོང་མོར་གྲུབ།
  སྨྲེང་སེམས།

རྨི་ལམ་ཕུགས་ཀྱི་ལམ་སྣེར་མུན་པ་དང་།།
ལྷགས་པ་རྒྱག་སྐབས་ཡིད་སེམས་གྲང་པ་ཚོར།།
གྲང་ཞིང་སྨྲེང་བའི་ཡིད་སེམས་དེ་ག་འང་།།
ཨ་ཐང་ཆད་པས་མིག་ཆུའི་གཏིང་དུ་བྱིང་།།
བདག་སེམས་སྨྲེང་བའི་གནས་སུ་དེད་མཁན་དེ།།
བདག་དང་བར་མེད་བསྡོངས་པའི་ཡུལ་མཐའ་བ།།
སླར་ཡང་སྐྱེ་བ་ལྔ་བརྒྱའི་རྗེས་དེ་ལ།།
ཡུལ་མཐའ་དེ་ལ་ཡང་བསྐྱར་ཐུག་སྲིད་དམ།།
ལམ་འགྲམ་གནས་སུ་ཡོད་པའི་ཨ་ཅག་གིས།།
སོང་བའི་གནས་ཀྱི་ནག་ཐིག་བསུབས་པར་བྱས།།
བདག་གིས་སེམས་ནས་སྔར་བཞིན་ཡལ་མེད་པ།།
ཁྱེད་ཀྱི་སྨྲེང་སེམས་འདྲེས་པའི་གཏམ་རྒྱུད་དོ།།

          ༢༡༤༡/༡༢/༡༥         དགོང་མོ་རིག་འབྱུང་ནས་བྲིས་པ་དགེའོ།།
 
 ཟླ་བ་དང་སྐར་ཚོགས།  ད་དུང་སྐྱབས་གནས་དང་ང་ཡི་མི།

               
ཁོ་བོའི་ཡིད་སེམས་སྨྲེང་བས་ཁུར་འོང་བའི།།
འགྲམ་གྱི་མི་ལ་འགྲམ་ལྕག་གཞུས་ན་འདོད།།
བསམ་ཀྱིན་བསམ་ཀྱིན་རང་གིས་རང་ལ་འང་།།
འགྲམ་ལྕག་ཚ་ཐག་གཞུས་ན་བདེ་བར་སྣང་།།
འོན་ཏེ་སྒེའུ་ཁུང་འགྲམ་གྱི་རླུང་བུ་དེས།།
བདག་སེམས་རྟོགས་པ་འདྲ་བ་སྒེའུ་ཡོལ་དེ།།
ཕར་ལ་འགུལ་ཙམ་བྱས་ནས་ཟླ་བ་དང་།།
ཟླ་བའི་མཐའ་ཡི་སྐར་མ་མཐའ་དག་ཀྱང་།།
བདག་ལ་མཐོང་བར་བྱས་པས་ཡིད་སེམས་ལ།།
ལྷིང་འཇགས་བདེ་བའི་རྨི་ལམ་ཐེངས་གཅིག་སྟེར།།
འཁོར་བའི་ཁྱུ་ཚོགས་སྨྲ་བ་ཡོད་གྱུར་ཀྱང་།།
བདག་སེམས་རྟོགས་པ་རླུང་བུ་ཡིད་གར་འདྲ།།
སྨྲེང་བ་སེལ་མཁན་ཟླ་བ་ཡིན་ཀྱང་སྲིད།།
ཀྱེ་མ་ང་ཡི་སྐྱབས་དང་ང་ཡི་མི།།
སྨྲེང་བའི་དུས་སུ་བྲོས་བྱོལ་བྱེད་དོན་གང་།།
                     ༢༠༢༠/༢/༡ དགོང་མོར་གྲུབ།

འཕྲིན་ཡིག་དང་ཀྱེ་མོའི་ཚོགས།


ཉིད་ཀྱིས་སྔར་བཞིན་ཧ་ཅང་ལྐོག་གྱུར་གྱི།།
མཚན་མོར་མི་ཉལ་འཕྲིན་ཡིག་འབྲི་དོན་ཅི།།
གྲོང་གསེབ་དེ་ཡིས་མི་རྣམས་གཉོམ་ལྷིང་ངེར།།
གཉིད་ལས་ཤོར་བས་བཟོ་ལྟ་རིག་ཙ་ན།།
མཚན་མོར་མི་གཉིད་ཡིག་འཕྲིན་འབྲི་བ་ལ།།
ལུས་ལ་ངལ་བ་གནང་ངམ་ཀྱེ་མོའི་ཚོགས།།
མཚན་མོར་རྨི་ལམ་ཡག་པོ་རྨིས་པ་ན།།
འཁོར་བའི་བྱ་བ་དང་ནི་བརྩེ་གདུང་སོགས།།
གནས་སྐབས་བརྗེད་ནས་དག་པའི་ཞིང་མཆོག་ལ།།
འཕྲད་པའི་སྐལ་བཟང་སྟོང་ལྡན་ཡིན་པ་ལགས།།
སྡིག་ཆེན་འཁོར་བའི་ཚོགས་ལ་དག་པའི་ཞིང་།།
གནས་སྐབས་རྨི་ལམ་མ་གཏོགས་ཡོད་མ་ཡིན།།
ཀྱེ་མོའི་ཚོགས་ཁྱུ་སྔར་བཞིན་མི་ཉལ་ལམ།།
མ་དག་ཞིང་གི་བདེ་སྐྱིད་མི་མྱོང་ངམ།།
འཕྲིན་ཡིག་དེ་ཡིས་ནང་དོན་ག་རེ་ཡིན།།
ལོ་དང་ཟླ་བའི་མི་ཚེ་འཆིང་ནས་ཡོད།།།

              ༢༠༢༠.༢.༢ དགོང་མོར།

ཕྱིར་དྲན་མག་མོག


རྨི་ལམ་ནང་ནས་ནམ་མཁར་འཕུར་ཞིང་འཕུར།།
སྡུག་བསྔལ་བརྗེད་ནས་བདེ་སྐྱིད་འཁྱིལ་ཞིང་འཁྱིལ།།
ཀྱེ་མ་འཁོར་བའི་སྡུག་བསྔལ་མཐའ་དག་གིས།།
འགྲམ་གྱིས་གྲོང་ཚོའི་མི་རྣམ་ངལ་བར་བྱེད།།
གནམ་སའི་མཐའ་ནས་སྡུག་བསྔལ་མེ་ལྟར་འབར།།
སེམས་པ་སྲེགས་ཤིང་དུ་བ་མངོན་མི་བྱེད།།
སྲིད་པའི་གྲོང་ནས་མེ་སོགས་འབར་བ་ལ།།
དུ་བ་མེད་པ་སེམས་པ་བསྲེགས་པ་བཞིན།།
དྲན་པ་དུབ་ནས་ངལ་བ་བྱེད་པ་ལ།།
འཁོར་བའི་མི་རྣམས་སུན་ཡང་ཐབས་བཀོད་ཅི།།

           ༢༠༢༠,༢,༡༦ཉིན།

ན་གཞོན་རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

ཕྲན་གྱི་མིང་ལ་ལེགས་ལམ་ཟེར་ཞིང་། དྲྭ་མིང་ལ་མགར་རྐང་འབོད། ཕ་ཡུལ་སེར་ཤུལ་རྫོང་འབུམ་རྙིང་ཡུལ་ཚོ་ནས་ཡིན། ད་སྐབས་མཐོ་འབྲིང་སློབ་མ་ཞིག་གི་མིང་ཙམ་བླངས་ནས་མཐོ་འབྲིང་འདོན་བཞིན་ཡོད། དོ་ནུབ་བདག་གི་སྙན་ངག་ཡིན་མིན་གྱི་སྐད་ཆ་དག་སྤྱི་སྡོམ་ཐེངས་ཤིག་བྱས་པ་ལགས་པས་ཀློག་པ་པོ་དག་གིས་དཔྱད་བརྗོད་སྤེལ་རོགས་ཞུ།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96yd བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: འཁོར་ཚང་། སྤེལ་དུས:2020/2/19
ཡགས།
 སྤེལ་མཁན: གཡུ་མ། སྤེལ་དུས:2020/2/19
མུ་ནས་བྲིས་དང་། རེ་མ་འདུག
 སྤེལ་མཁན: འོད་པ། སྤེལ་དུས:2020/2/19
སྙན་ངག་ཧ་ཅང་ཡགས། མུ་ནས་འབྲི་རྒྱུ་བཀའ་དྲིན་ཆེ། རེ་བ་ཡོད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
17667851
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号