ཏོག་དབྱིབས་རིམས་ནད་སྐབས་ཀྱི་ཉིན་ཐོ་ཞིག <<བསྒྱུར་རྩོམ།>>
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 4 ཚེས 8 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ཏོག་དབྱིབས་རིམས་ནད་སྐབས་ཀྱི་ཉིན་ཐོ་ཞིག <<བསྒྱུར་རྩོམ།>>
ཏོག་དབྱིབས་རིམས་ནད་སྐབས་ཀྱི་ཉིན་ཐོ་ཞིག <<བསྒྱུར་རྩོམ།>>
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2020/2/21ལྟ་ཀློག (1224)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དཔྱིད་དཔལ་བསུ་བའི་ཉི་འོད་གྲོང་གསེབ་ཏུ་འཕྲོས།

 xxxཉིན་ཐོ།

       ཨ་ཙུའུ།   ཡར་ལོངས་དང་ཞོགས་ཟས་ཟ།   སྐད་ཆ་དེ་ངའི་ཨ་མས་ང་ལ་འབོད་ཐེངས་དུ་ཡིན་པ་མི་དྲན།  གློ་བུར་དུ་བྱུང་བའི་རིམས་ནད་ཅིག་གིས་མི་མང་བོ་ཞིག་གིས་རེ་འདུན་བཟང་བོ་དེ་དཀྲུག་པར་མ་ཟད།  འཚོ་བ་དང་ལས་ཀ་ཡང་དཀྲུག་སོང་།   དེ་མིན་ལོ་སར་ལ་གཉེན་ཉེའི་བར་ཕན་ཚུན་ལ་འགྲོ་འོངས་བྱེད་པ་དེ་ཡང་མེད་པར་བཟོས་སོང་།   རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མ་དག་དང་འདྲ་བར།  ང་རང་ཉལ་ཐུལ་ནང་དུ་འཛུལ་ནས་ཞོར་དུ་སློབ་འགོ་ཚུགས་པའི་བརྡ་ལ་སྒུག་ནས་བསྡད་པ་ཡིན།

      ཁ་པར་གྱི་སྒོ་ཕྱེས་མ་ཐག་ནད་རིམས་གྱི་གཞི་གྲངས་དགུན་ཁའི་གྲང་རླུང་དང་འདྲ་བར་བདག་གི་དབང་རྩ་ལ་ཐུག་གྱིན་འདུག  བོད་ཁུལ་གྱི་ནད་པའི་ཁ་གྲངས་རྒྱུན་མ་ཆད་པར་ཡར་འཛེགས་པ་དང་བསྟུན་ནས་བོད་ཁུལ་གྱི་གྲོང་རྡལ་དང་། སྡེ་ཁུལ་སྲང་ལམ།  དགོན་པ།   ཚོ་པ།  གྲོང་ཚོའི་ཚོ་ཆུང་སོགས་ཀྱིས་ཡང་མཇལ་སྐོར་དང་བསང་མཆོད་ལ་སོགས་དགོན་པའི་ཆོས་ལུགས་བྱེད་སྒོ་སྣ་ཚོགས་གནས་སྐབས་སུ་མཚམས་བཞག

     སྒེའུ་ཁུང་ཕྱི་རོལ་དུ་ཁ་བའི་འདབ་མ་འཕུར་ལྡིང་བྱེད་བཞིན་ཡོད་པ་དང་།   ཁྱིམ་ནང་དྲོད་ཀྱིས་ཁེངས་འདུག  ཚ་ལྷང་ལྷང་གི་འོ་ཇ་ཕོར་བ་གང་འཐུང་བའི་དུས་སུ་རྣ་ལམ་དུ་འདི་འདྲའི་ཚིག་གྲུབ་འགའ་གསན་བྱུང་། ༼ སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་ཏུ་ནད་ལས་ཐར་གྱུར་ཅིག  །འགྲོ་བའི་ནད་རྣམས་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག  །    ཅེས་དང་།

     གསར་འགྱུར་ཁྲོད་གསོ་རིག་ཆེད་མཁས་པས་ཕྱི་ལ་འགྲོ་འོང་བྱེད་རྒྱུ་གང་ཐུབ་ཀྱིས་ཇེ་ཉུང་ལ་གཏོང་དགོས་ཞེས་བཤད།  སྤྱི་ཚོགས་ཧྲིལ་བོ་དབེན་པའི་གནས་སུ་ལྷུང་།  མི་མང་པོ་ཞིག་ཕྱི་ལ་འགྲོ་མ་ཐུབ་པའི་རྐྱེན་གྱིས་བློ་ཕམ་ཞིང་ཡིད་ཆད་འདུག    ངས་ཡང་དོན་དག་དེ་ལ་དང་ལེན་བྱས་ནས་བསྡད་པ་ཡིན།

      གློ་བུར་དུ་སྡེ་ཁུལ་གྱི་ཀྲུའུ་རིན་བཀྲ་ཤིས་ཀྱིས་ངའི་ཨ་མ་ལ་ཁ་པར་བཏང་ནས་ཁྱིམ་ནང་དུ་ཕྱི་ཡོང་མི་ཡོད་མེད་དྲིས་པར་མ་ཟད།  ང་སྒོ་རུ་གཏན་ནས་འགྲོ་རུ་མ་འཇུག་ཅེས་པས་སྐུལ་མ་བྱས།   དེ་དུས་ངའི་སེམས་སུ་གཞི་རིམ་ལས་བྱེད་མི་སྣ་འདི་དག་ལ་གོ་གནས་དང་འགན་ཁུར་ཡོད་པས་ཕྱི་རུ་འགྲོ་ཐབས་མེད་པ་གཞི་ནས་རྟོགས་བྱུང་།

     མི་མང་པོ་ཞིག་ཁྱིམ་དུ་འདུག་དགོས་པ་དང་།  ད་དུང་སྒོ་ཕྱིར་བུད་ནས་ལས་ཀ་སྒྲུབ་དགོས་པའི་མི་ཡང་མང་པོ་ཞིག་ཡོད།  རོགས་དངུལ་བྱིན་པ་དང་དེ་མིན་དངོས་པོ་གཞན་འབུལ་མཁན་ཡང་མང་པོ་ཞིག་ཡོད།  སྨན་ཁང་གི་སྨན་པ་ཚང་མ་ལ་ལས་ཀ་ཇེ་མང་ནས་ཇེ་མང་དུ་སོང་།  གཞིས་ཁུལ་ནས་ཕྱིར་འགྲོ་ནང་ཡོང་ལ་ཐེངས་རེ་རེར་ཐོ་འགོད་བྱེད་དགོས་པ་མ་ཟད།  རླངས་འཁོར་སྲང་ལམ་དུ་འགྲོ་ཚེ་འགྲིམ་འགྲུལ་ཉེན་རྟོག་པས་མི་རེ་རེ་ལ་ལུས་དྲོད་ལ་བརྟག་དཔྱད་བྱས་པ་རེད།   ཁོར་ཡུག་གཙང་སྦྲ་བྱེད་པའི་བཟོ་བ་ད་གིས་གཙང་སྦྲ་བྱེད་བཞིན་པའི་གད་སྙིགས་སྔར་ལས་ཇེ་མང་བ་བདུ་ཉར་བྱེད་བཞིན་ཡོད།  ཁ་བཀར་ཡོད་པའི་ཁྱིམ་ཚང་དག་ལ་མི་ལ་ལས་འཚོ་བའི་མཁོ་ཆས་རེ་ཉོ་རོགས་བྱེད་ཀྱིན་འདུག

      དགོན་པའི་ནང་གི་གྲྭ་བ་དག་གིས་རང་ས་ནས་ཁ་ཏོན་དགེ་སྦྱོར་དང་སྐྱབས་འཇུག་བྱེད་བཞིན་ཡོད་པར་མ་ཟད།  གནོད་ཐེབས་ས་ཁུལ་ལ་རོགས་དངུལ་ཡང་སྟེར་བཞིན་ཡོད།

    ད་དུང་རྒན་གཞོན་སྐོར་ཞིག་གིས་དྲྭ་ལམ་ནས་རང་འགུལ་གྱིས་རིམས་ནད་སྔོན་འགོག་གི་ཁྱབ་བསྒྲགས་དེ་ལྷ་སའི་སྐད་དང་།  ནག་ཆུའི་སྐད།   སྡེ་དགེའི་སྐད།   ཨ་མདོའི་སྐད།  རྒྱལ་རོང་གི་སྐད་སོགས་ལ་བསྒྱུར་ནས་མདོ་དབུས་ཁམས་གསུམ་དང་དེ་མིན་མི་མང་པོ་ཞིག་ལ་བདེ་ཐང་གི་ཁོར་ཡུག་ཅིག་བསྐྲུན་པར་རེ་བ་བྱེད་ཀྱིན་ཡོད།   མི་དེ་ཚོ་ནི་དོན་ངོ་མའི་རླབས་ཆེན་གྱི་མི་སྣ་རེད་བསམས་སོང་།  རིམས་ནད་མི་ཡོང་བའི་ཆེད་དུ་མི་ཚང་མས་རང་རང་གི་ལས་འགན་དེ་སྒྲུབ་བཞིན་ཡོད་པ་འདྲ།  མི་ཚང་མའི་དམིགས་འབེན་ནི་རིམས་ནད་སེལ་ནས་སྔར་གྱི་འཚོ་བ་རོལ་རྒྱུ་དེ་ཡིན་ཨང་།

        རིམས་ནད་དེ་སེལ་རྗེས།  ང་རང་ངེས་པར་དུ་མཐོ་སར་བུད་ནས་འཚང་ཁ་ཤིག་ཤིག་བྱེད་པའི་སྲང་ལམ་ལ་བལྟ་ན་འདོད།   དཔྱིད་ཀ་སླེབས་པ་དང་མཉམ་དུ།  བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་མྱོང་བྱེད་འདོད།



迎春日艳阳,撒午后村庄

xxx日记
        阿足,起来吃饭了!我忘了这是阿妈今天第几次叫我起床。一场突如其来的瘟疫,打乱了几乎所有人的这一美好愿望。生活、工作被打乱,甚至亲情的一次探望都被生生阻隔。像全国所有大学生一样,我一边窝在被窝里等待开学的通知,一边手指不经意间从手机屏幕上轻轻的滑过,一摞又一摞的疫情数据数据像冰冷的寒风刺激着我神经。整个藏区确诊人数不断攀升,随之而来的是藏区的乡镇、社区街道,寺庙、部落、村组都响应起来了,信众的礼佛、转经、煨桑活动取消了,寺庙的宗教活动也暂停了。
      窗外雪花飞舞,屋内暖意绵绵,喝一碗热乎乎酥油茶,不经意间听到了这样的词句“我敬你满身伤痕还如此认真,山水迢迢还奋不顾身,我敬你泪流成河还如此诚恳,乌云滚滚还走马上任”。新闻中的医学专家强调,尽量避免外出,整个社会一下陷入寂静,很多人因为不能外出而垂头丧气。我也静静地感受这份沉重的宁静,突然社区的扎西主任给阿妈打来电话,询问阿妈家中是否有外来人员,嘱咐阿妈一定不能让我出去。我突然想到,这些基层政府人员因职务在身,必须要走出家门。
       很多人需要蜗居在家中,可也有人需要走出家门。有人身体力行,有人捐款捐物。医院的医生显得格外忙碌;小区的出入,每次都有人登记备案;车辆上街,也有交警的测温检查;环卫工人打扫的生活垃圾似乎比以前更多了;居家隔离的家庭,有人给他们代购柴米油盐;要调集物资平抑物价,还要查处一些黑心商户投机倒把;寺庙的僧人不仅念经祈福,还自发捐款,还有一群年轻人在网上自做藏语翻译,将疫情防控宣传做成拉萨话、那曲话、德格话、安多话、嘉绒话。这些繁琐的工作构筑了每一道防控线,也确保了更多人的长治久安。他们每个人都是默默无闻的,有着自家的喜怒哀乐,在疫情面前,每个人都在做好自己的工作。所有人的目标只有一个,战胜这场疫情,恢复往日的生活。

       感恩每个人的付出。等疫情结束了,我一定会爬到藏卡山上,找一块山岗,看街头熙熙攘攘,迎着春日艳阳,感受幸福安康。


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
ca2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
17667906
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号