[དཔེ་འཕྲིན།]མཛོད་དགེའི་རྟ་བཤད།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 8 ཚེས 12 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »[དཔེ་འཕྲིན།]མཛོད་དགེའི་རྟ་བཤད།
[དཔེ་འཕྲིན།]མཛོད་དགེའི་རྟ་བཤད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2020/3/28ལྟ་ཀློག (1376)རྩོམ་ཁུངས: ངེད་དྲ་བ།པར་འདེབ།



རྟ་འདོ་བའི་ཕ་ས་འབྲོག་ན་ཡོད།།འབྲོག་མི་རེའི་ཁ་ན་རྟ་བཤད་རེ།།

སྒ་བེ་ཤིང་ཕ་ས་རོང་ན་ཡོད།།རོང་ལག་ཤེས་ཅན་གྱི་སྒ་གཞོག་ཤེས།།

     ཞེས་པ་ལྟར་མདོ་སྨད་རྟའི་ཆོལ་ཁའི་ཨ་མདོ་མཛོད་དགེའི་རོང་འབྲོག་མང་ཚོགས་ཀྱི་ངག་ན་འཇགས་མེད་དུ་གླེང་བ་ནི་རྟ་བཤད་དང་སྒ་བཤད་ལྟ་བུར་གྱུར་ཡོད་པ་རེད།  ཡིན་ཡང་སྙན་བརྒྱུད་དུ་ཡོད་པའི་རྟའི་རིག་གནས་དེ་ཉིད་ངག་ཐོག་ཏུ་ཡོད་པ་མ་ཟད་འབྲོག་པའི་སྤྱི་ཚོགས་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་རིག་གནས་འཚོ་བའི་དགོས་མཁོ་ཞིག་ཏུ་གྱུར་ཡོད་ཕྱིར་མཛོད་དགེ་འབྲོག་ཆེན་བརྒྱད་ཀྱི་རྟ་བ་རྒན་པོ་དང་རྟ་རྫི་ཉམས་མྱོང་ཅན་སོགས་བསྐོང་ཚོགས་དང་མཛོད་དགེའི་རི་ཆུའི་རིག་གནས་རྩོམ་སྒྲིག་ཁང་དང་མཛོད་དགེའི་ཨ་མདོ་རྟ་རྒྱུག་མཐུན་ཚོགས། རྫོང་ཏང་གི་རིག་གནས་ལོ་རྒྱུས་རྩོམ་སྒྲིག་ཁང་། རྫོང་ཆོས་ལུགས་ཅུས་གཞུང་སྒྲུབ་ཁང་སོགས་འབྲེལ་ཡོད་ལས་ཁུངས་དག་གིས་འགན་བཅོལ་ལྟར་འབྲོག་པའི་རྟ་ནོར་ལུག་གསུམ་གྱི་སྒོ་ཟོག་ལ་རྒྱུས་མངའ་ཡོད་པའི་གླིང་བ་བྱང་རིག་ཁོའམ་དངུལ་ཁབ་མཁན་པོས་ཟླ་འགའ་ལ་རྒྱུ་ཆ་འཚོལ་བསྡུ་དང་རྒན་པོ་ཉམས་མྱོང་ཅན་ལ་བཅར་འདྲི་བྱེད་པ། རྟ་གཟུགས་ཀྱི་རི་མོ་འབྲི་བ་སོགས་ཞིབ་འཇུག་དང་བསྡུར་དཔྱོད་ཀྱི་ཕྱག་ལས་ལ་བྲེལ་ཏེ་ལེགས་པར་གྲུབ་པའི་མཛོད་དགེའི་རྟ་བཤད་འདི་ཉིད་ནི་སྔ་ན་མེད་པའི་རྟའི་རིག་གནས་ཀྱི་རྨང་གཞི་དང་བོ་དང་དཔྱད་ལྟའི་རྒྱུ་ཆ་ཐོག་མ་ཡིན་པར་འདོད།

     བོད་སྤྱི་ཚོགས་ཀྱི་རིག་གནས་འཚོ་བའི་ཤུལ་བཞག་སྲུང་སྐྱོང་བྱ་བའི་འབྲོག་པའི་རྟ་ཐོག་གི་རིག་གནས་འཚོ་བའི་སྟོང་ཆ་ལྟ་བུར་གྱུར་ཡོད་པ་ཡང་གདོན་མི་ཟའོ། །

རེད་དེ་ང་ཚོའི་རྟའི་གཏམ་རྒྱུད་དང་རྟའི་མཆེད་ཁུངས། རྟའི་བྱུང་བ། མི་དང་རྟའི་མཛའ་བརྩེ། མི་དང་རྟའི་འབྲེལ་བ་སོགས་འཐུས་སྒོ་ཚང་བར་བྲིས་ཡོད་པས་རྟའི་རིག་གནས་ལ་དུང་ཞེན་ཡོད་པ་དང་རྟ་བཤད་དང་རྟ་གཟུགས་ཤེས་འདོད་མཁན་ཚོར་མཁོ་བའི་ཨ་མདོ་འབྲོག་པའི་རྟ་བཤད་འདི་ཉིད་རྒྱ་ཆེའི་ཀློག་པ་བོ་རྣམས་ལ་དཀྱུས་སུ་ཕུལ་བའོ།།
དགོས་མཁོ་ཡོད་ན་གཤམ་གྱི་འབྲེལ་གནས་ལ་གཏུག་དང་སྐུར་ཐུབ།
པཎ་ཆེན་རྒྱལ།     15881044422
འབྲུག་མོ་འཚོ།     15378372352
འབྲེལ་བ་གནོངས་དང་མཛོད་དགེའི་རྫོང་ཐོག་ཏུ་ཉོ་རྒྱུ་ཡོད།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
53u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
19680496
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号