གཏེར་སྣང་བྱེད་ཀྱི་རྩོམ་ཡིག་གཉིས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 27 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »གཏེར་སྣང་བྱེད་ཀྱི་རྩོམ་ཡིག་གཉིས།
གཏེར་སྣང་བྱེད་ཀྱི་རྩོམ་ཡིག་གཉིས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2020/4/24ལྟ་ཀློག (444)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྒྱུ་མའི་མེ་ལ་འབར་བའི་སྐྱོ་གཏམ།

གཏེར་སྣང་བྱེད།

འཇིག་རྟེན་བདེ་སྡུག་བྱེ་ཐང་སྨུག་རྒྱུ་ལ་ཡན་ནས།།
རང་སེམས་སྨྱོན་པའི་རྐང་བ་ཚོགས་དྲུག་ལ་ཟུག་སྟེ།།
སྐྱིད་འདོད་འཚོ་བའི་ལག་པ་ནམ་མཁའ་ལ་རེག་ཀྱང་།།
རེ་དོགས་སྡུག་གི་སྤྲིན་པ་ཐོལ་ཐོལ་དུ་འཕྱུར་སོང་།།

རྣམ་རྟོག་འདྲེ་མོའི་བསླུ་བྲིད་ནམ་ཞར་དུ་འཕྲོ་བས།།
ཐར་འདོད་བློ་ཡི་ཕུགས་འདུན་ཡུད་ཙམ་ནས་ཡལ་སོང་།།
དུས་ཐུང་མི་ཚེའི་ཉི་མ་ནུབ་ཕྱོགས་སུ་བགྲོད་པས།།
འཆི་བའི་གྲིབ་སོ་ནག་པོ་ཚུར་ཚུར་ལ་ཕྱོགས་སོང་།།

མྱོང་ཚོར་ཆུ་ཡི་རི་མོ་བར་མེད་དུ་རྒོད་པས།།
ཡང་དག་ལྟ་བའི་སེམས་བྱུང་ཤུལ་མེད་དུ་བྱས་སོང་།།
རྨི་ལམ་རྒྱལ་ཁམས་འགྲིམ་པའི་འཁྱམ་པོ་ཡི་ལས་དབང་།།
གཏན་ཚིགས་སྟོང་གིས་མ་ཟིན་རླུང་བུ་ལ་འདྲེས་འདུག།

ཕར་བཏགས་སྒྱུ་མའི་ཆོས་ལ་ཡིད་རྟོན་ཞིག་མེད་ལ།།
ཚུར་མཐོང་སོ་སྐྱེས་བློ་ཡང་འཁྲུལ་བ་རུ་འདུག་པས།།
སྣང་བ་རྫུན་ཕུགས་བརྡིབས་པའི་གློ་རྡེག་གི་ངེས་འབྱུང་།།
ཐོག་མེད་གོམས་པའི་གཤིས་ཀྱིས་སྐད་ཅིག་ལ་བསྒྱུར་སོང་།།


གར་ཡོང་ངེས་གཏད་མེད་པའི་རྒྱུས་མེད་ཀྱི་འགྲོན་པོ།།
འདིར་འགྲོ་རང་དབང་བོར་བའི་འཁོར་བ་ཡི་རྣམ་ཤེས།།
སྙིང་མེད་བུ་ཆུང་སྲིད་པའི་བཙོན་ར་ལ་ཚུད་འདི།།
མཆོག་གསུམ་བསླུ་བ་མེད་པའི་ཐུགས་རྗེ་ལ་རེ་འོ།།

བཅོས་མའི་སྙིང་བོ་དབྱར་དགུན་འགྱུར་ལྡོག་གི་རྣམ་པ།།
མ་བཅོས་རང་བྱུང་སེམས་ཀྱི་སྙིང་གཏམ་གྱི་དྭངས་མ།།
གོ་འདོད་གཞན་ལ་ཡོད་མེད་ཨུ་ཚུགས་ནི་དགོས་མེད།།
རང་མགོ་རང་གིས་ཐོན་པའི་ལམ་བུ་ཞིག་མཆོག་གོ།།

ཡིད་ངོ་ཁ་ཆར་འཚུབ་འདྲའི་བཟང་ངན་གྱི་ཡོ་ལངས།།
ཞལ་ལྕེ་སྟོང་དུ་སྤྲུལ་ཡང་རྫོགས་ཚད་ནི་མེད་པས།།
བརྗོད་འདས་རང་ངོ་མཐོང་བའི་སྐལ་བ་ཞིག་ཡོད་ན།།
གཏམ་འཆལ་ཕྲེང་བར་བསྟར་བའི་ཁུར་བོ་ཡང་གཡུག་ཆོག།


མྱོང་ཚོར་རླབས་ཀྱི་གཡོ་སྐྱོམ།
                                  

མི་དོན་རི་མོ་བཞིན་དུ་བྲིས་བྲིས་ནས།།
དགའ་སྐྱོ་ཆུ་ལོག་བཞིན་དུ་བྲུག་བྲུག་སྟེ།།
སྒྱུ་མའི་རྒྱ་མཚོར་ཞུགས་པའི་ཁྲལ་ལས་འདི།།
བྱེད་པོ་སུ་ཡིས་བཀའ་བསྒོས་དམ་བཞག་ཡིན།།


མི་ཚེ་རྟག་ཆད་རྫིང་བུ་བཞུར་བཞུར་ནས།།
རྣམ་རྟོག་དར་ལྕོག་བཞིན་དུ་གཡུག་གཡུག་ནས།།
བདེན་དང་རྫུན་གྱི་དཔང་པོར་རློམ་རློམ་ནས།།
ཁེ་དང་རྒྱལ་ཁའི་བདག་པོ་སུ་ཞིག་བཞུགས།།


ཁ་བཤད་གོ་ལོ་ཐོས་ལོ་ཡིད་རྟོན་ནས།།
འཇིག་རྟེན་དཀར་ནག་ལམ་བུ་དེད་དེད་ནས།།
དུས་ཚོད་སྟོང་ཟད་བྱས་པའི་ཕར་ནང་ན།།
གསང་བའི་སྒོ་ཆེན་ཅི་ཞིག་ལྷགས་ཡོད་དམ།།


ང་ཚོ་གང་ནས་ཤི་བའི་རྣམ་ཤེས་ཡིན།།
སུ་ཡི་སྐྱེ་བ་ཡིན་པའི་འབྲས་རྟགས་གང་།།
ད་ནི་གང་ལ་འགྲོ་བའི་གདེང་ཚོད་ཅི།།
རྨི་ལམ་འདི་ནི་ཚར་ན་ཅི་ཞིག་བྱ།།

མི་ཡི་གཤིས་ནི་ཕྱི་ཡི་ཟོལ་ལ་དགའ།།

ཕྱི་ཡི་མདོག་ནི་རྫུ་བག་བྱེད་ལ་དགའ།།
ཁྲ་ཁྲ་ཟང་ཟིང་གར་ལ་རོལ་རོལ་ནས།།
རང་ཉིད་བོར་བའི་དུས་ཀྱང་བརྗེད་ནས་སོང་།།


ཟབ་པ་ཟབ་པ་ཟེར་བ་བློ་བཅོལ་ནས།།
ཟབ་པའི་རྒྱུ་མཚན་མི་གོ་ཁ་ཕོ་ཡིས།།
ག་ཤེད་ཅིག་ན་གབ་ས་ཡོད་སྙམ་གྱིས།།
རང་མགོ་སྐོར་བའི་རྒྱུ་མཚན་ཅི་ལ་ཐུག།།


མདོར་ན་སྒྱུ་མའི་རྩེད་མོར་གཡེང་གཡེང་ནས།།
མཐོ་དམན་བར་མའི་མྱོང་ལུགས་མི་གཅིག་ཀྱང་།།
མཐར་ནི་ལམ་ཁ་གཅིག་ལ་ཕྱོགས་པ་ན།།
ལམ་བུའི་བཞི་མདོར་ཐོན་ན་རང་རང་ཉིད།།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
nkdr བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
18460893
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号