སྐྱེ་བ་སྔ་ཕྱིའི་སྐོར་གྱི་དཔེ་དེབ་ཡག་ཤོས་ཤིག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» བརྡ་སྦྱོར་གླིང་། »སྐྱེ་བ་སྔ་ཕྱིའི་སྐོར་གྱི་དཔེ་དེབ་ཡག་ཤོས་ཤིག
སྐྱེ་བ་སྔ་ཕྱིའི་སྐོར་གྱི་དཔེ་དེབ་ཡག་ཤོས་ཤིག
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/7/4ལྟ་ཀློག (22851)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དཔེ་དེབ་གསར་ཐོན་གྱི་གསལ་བསྒྲགས།


སྐྱེ་བ་སྔ་ཕྱི་ལ་དཔྱད་པ་གཟུར་གནས་དགྱེས་པའི་དགའ་སྟོན།

      ཤེས་རབ་ཀྱི་འོད་སྣང་ལ་དུང་བ་ཟབ་ཅིང་བླང་དོར་འཇུག་ལྡོག་གི་གནས་ལ་མངོན་པར་སྤྲོ་བའི་རྒྱ་ཆེ་བའི་དཔྱོད་ལྡན་གྱི་ཀློག་པ་བོ་རྣམས་ལ་ཆེད་ཞུ།

      ཉེ་ཆར་གདན་ས་ཆེན་མོ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་བགྲང་བྱ་ཉི་ཤུ་ཙམ་ལ་གཞུང་ཆེན་བཀའ་པོད་ལྔ་དང་བརྡ་སྤྲོད་རིག་གནས་ཚན་རིག་སོགས་ལ་ཐོས་བསམ་རྣལ་མ་མཛད་མྱོང་བའི་རིགས་ལམ་སྨྲ་བའི་དབང་བོ་རྒན་དངོས་གྲུབ་དཔལ་ལྡན་ལགས་ཀྱི་བརྩམས་ཆོས་དག་ལས་༼སྐྱེ་བ་སྔ་ཕྱི་ལ་དཔྱད་པ་གཟུར་གནས་དགྱེས་པའི་དགའ་སྟོན།༽ཞེས་པ་ཞིག་དཔར་སྐྲུན་བྱེད་བཞིན་ཡོད་ལ། མི་འགྱང་བར་ཡུལ་ཕྱོགས་སོ་སོའི་ཀློག་མཁན་དག་གི་སྤྱན་ལམ་དུ་འབུལ་རྩིས་ཡོད། ཁོང་གི་བརྩམས་ཆོས་འདིའི་བརྗོད་བྱའི་ནང་དོན་རྣམས་དོན་ཚན་ཆེན་པོ་གསུམ་དུ་བསྡུས་ནས་ངོ་སྤྲོད་དང་ཁྱད་ཆོས་རགས་ཙམ་ཞུས་ན།

     དོན་ཚན་དང་བོ། ནང་བའི་སློབ་དཔོན་ཆེན་མོ་དག་གི་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པར་དཔྱད་པ།

    ཚེ་འཕོ་བ་ཇི་ལྟར་འགྱུར་བ་ཞུས་པའི་མདོ་དང་དབུ་མའི་སློབ་དཔོན་ཆེན་མོ་ལེགས་ལྡན་འབྱེད་དང་ཞི་བ་འཚོ། ཚད་མ་རིག་པའི་སློབ་དཔོན་ཆེན་མོ་དཔལ་ཆོས་ཀྱི་གྲགས་པ་དང་། སྙན་ངག་གི་དབང་ཕྱུག་ཆེན་མོ་སློབ་དཔོན་དཔའ་བོ་སོགས་ཀྱིས་སོ་སོའི་གཞུང་ཆེན་ཁག་ཏུ་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་ཇི་ལྟར་གསུངས་ཚུལ་རྣམས་འདིར་ཕྱོགས་བཏུས་བཅས་གུང་བསྒྲིགས་ནས་དེ་ལ་དཔྱད་གསུམ་དག་པའི་རིགས་པས་དཔྱད་འགྲེལ་སྦྱོར་ངག་དང་བཅས་པ་ཁ་གསལ་ཞིང་། གོ་བདེ་བར་མཛད་པས་འདི་ལས་བྱམས་བརྩེ་དང་ཤེས་རབ་ཀྱིས་ཀུན་ནས་ཕྱུག་པའི་ནང་བའི་སློབ་དཔོན་ཆེན་མོ་དག་གིས་ཟབ་ཅིང་ཕྲ་བའི་སྐྱེ་བ་སྔ་ཕྱི་ཇི་ལྟར་སྒྲུབ་པའི་རིགས་པའི་མཐིལ་རྣམས་ལེགས་པར་རྟོགས་སླ་ལ་གནད་ཀྱི་དམ་པ་ཡིད་ལ་འཛིན་བདེ་བར་བྱས་འདུག

དོན་ཚན་གཉིས་པ། སྐྱེ་བའི་སྔ་ཕྱིའི་དྲིས་ལན་བརྒྱ་དང་ཉི་ཤུའི་སོམ་ཉིའི་མདུད་བཀྲོལ།

       འདིར་འབྲས་སྤུངས་བློ་གླིང་གི་ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྒན་ཟླ་བ་ཚེ་རིང་ལགས་ཀྱིས་མདོ་སྔགས་གཉིས་ཀྱི་གཞུང་དང་འབྲེལ་ནས་སྐྱེ་བ་སྔ་ཕྱིའི་སྐོར་གྱི་དྲི་བ་བརྒྱད་གནང་ཡོད་པ་དང་། མཁས་དབང་དཔའ་བརྟུལ་ལགས་ཀྱིས་ཚན་རིག་དང་ཆོས་ལུགས་སོགས་དང་འབྲེལ་ནས་སྐྱེ་བ་སྔ་ཕྱིའི་སྐོར་གྱི་དྲི་བ་སོ་ལྔ་དང་། དེ་མིན་རྒྱལ་ནང་ཕྱི་ནང་གི་བློ་གསལ་བ་མང་བོས་སྒོ་སྣ་ཚོགས་ནས་སྐྱེ་བ་སྔ་ཕྱིའི་སྐོར་ལ་དོགས་འདྲི་དོན་བདུན་གནང་བ་སྟེ། ཁྱོན་བསྡོམས་མདོ་སྔགས་ཀྱི་གཞུང་དང་ཚན་རིག སྲོལ་རྒྱུན་གྱི་རིག་གནས་དང་ཉིན་རེའི་སྤྱི་ཚོགས་ཀྱི་འཚོ་བ་སོགས་སྒོ་སྣ་ཚོགས་ཀྱིས་སྐྱེ་བ་སྔ་ཕྱིའི་སྐོར་གྱི་དྲི་བ་བརྒྱ་དང་ཉི་ཤུ་ཙམ་དྲིས་པར་རང་གི་བསམ་ཚུལ་བཏོན་པ་ཙམ་མིན་པར། དྲི་བ་རེ་རེར་རིགས་ལམ་དཔང་དུ་བཙུགས་ནས་རྒྱབ་རྟེན་གྱི་ལུང་དང་། རིགས་པའི་ཁུངས། རྣམ་དཔྱོད་ཀྱི་རྩལ་སོགས་ཀྱིས་བློ་གཟུ་བོའི་ངང་ནས་ཟབ་ཅིང་རྒྱ་ཆེ་བའི་དོགས་གནད་མང་བོ་ཞིག་གསེད་བཀྲོལ་བྱས་ཏེ་སོམ་ཉིའི་དྲ་བ་ཐག་སེ་གཅོད་པའི་ལན་ལྡོན་ཡོད་པས། སྐྱེ་བ་སྔ་ཕྱིའི་སྐོར་ལ་དོ་སྣང་དང་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཚེ་འདི་ལས་ཟུར་མང་བོ་ནས་བསམ་གཞིགས་དང་སྒོ་མང་བོའི་བློ་སྐྱེད་ཕུན་སུམ་ཚོགས་པ་ཐོབ་པའི་ཡིད་ཆེས་གནང་ཆོག

དོན་ཚན་གསུམ་པ། མགོ་མེད་པའི་མི་དང་སྐྱེ་བ་སྔ་མ་དྲན་པའི་དངོས་བྱུང་སོགས་ཀྱིས་ཟུར་བརྒྱན་པ།

      རྒྱུན་ལྡན་གྱི་མིས་སྐྱེ་བ་སྔ་མ་དྲན་པའི་དངོས་ཡོད་ཀྱི་བྱུང་བ་བཤད་པ་དང་། གཉིད་འབེབས་ཀྱི་ཐབས་ལ་བརྟེན་ནས་སྐྱེ་བ་སྔ་མ་དྲན་པའི་དངོས་ཡོད་ཀྱི་བྱུང་བ་བཤད་པ། མགོ་མེད་པའི་མི་ཡོད་མེད་བཤད་པ། བཙས་ནས་སྐར་མ་ཁ་ཤས་ལས་མ་སོང་ཡང་གོམ་པ་སྤོ་ཤེས་པའི་ཕྲུ་གུ་དང་། བུ་མོ་ཞིག་གི་མིག་ནང་ནས་ཐོན་པའི་རྡོ་རྗེ་ཕ་ལམ་ཞེས་བརྗོད་བྱའི་དོན་ཚན་གྱི་ཁ་བྱང་མཐོང་མ་ཐག་ཀློག་པར་སྤྲོ་ཞིང་ཁྱད་མཚར་བ་བསམ་ཡུལ་འདས་པའི་དངོས་ཡོད་ཀྱི་བྱུང་བ་མང་བོ་རྒྱ་བོད་ཡིག་རིགས་གཉིས་བཀོད་ཀྱིས་སྐྱེ་བ་སྔ་ཕྱིའི་དཔྱད་པ་ལ་ཟུར་བརྒྱན་ཡོད་པར་མ་ཟད། སྐྱེ་གནས་བཞིའི་དོན་སྙིང་བསྡུས་སུ་བཤད་པ་དང་། རྣམ་ཤེས་གང་དུ་གནས་པའི་རྟེན་རགས་བསྡུས་སུ་བཤད་པ། ལྗོན་ཤིང་སེམས་ལྡན་འགོག་པ་དང་ནང་བའི་ཚེ་སྲོག་གི་དོན་བཤད་པ་ལྟ་བུས་སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་མ་ཤེས་ཐབས་མེད་ཀྱི་རྒྱུན་ཤེས་གལ་ཆེན་འགའ་ཡང་ཞོར་དུ་གླེང་ཡོད།

མདོར་ན་བརྗོད་བྱ་དོན་གྱིས་ཕྱུག་ཅིང་རྗོད་བྱེད་ཚིག་སྦྱོར་ལེགས་པའི་དེབ་གསར་འདི་ནི་སྐྱེ་བ་སྔ་ཕྱིའི་སྐོར་ལ་དོ་སྣང་དང་ཞིབ་འཇུག་བྱེད་མཁན་གྱི་བློ་ལྡན་ཚོར་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་དང་ལེགས་སྐྱེས་གྱ་ནོམ་པ་ཞིག་ཏུ་འགྱུར་བའི་ཡིད་ཆེས་ཡོད། 

     ཅེས་བློ་བཟང་རྒྱ་མཚོས་༢༠༢༠ཟླ་༦ཚེས་༢༧གྱི་ཞོགས་པར་རྒྱལ་སྐྱོང་ཆོས་འཁོར་གླིང་དུ་བྲིས་པའོ། །

འབྲེལ་གཏུག་བྱ་ཡུལ།


18383633193/ 15140166990

སིལ་ཚོང་དང་སྡེབ་ཚོང་གཉིས་ཀ་ཡོད་ཅིང་རིན་གོང་ཕབ་གཅོག་ཡང་སྤྱི་མཚུངས་ལྟར་ཡིན།

སྐད་འཕྲིན་འབྲེལ་གནས།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0wo3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41148586
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1