འཇིགས་མེད་བོད་སྨན་ཁང་ནས་དངོས་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 12 ཚེས 4 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »འཇིགས་མེད་བོད་སྨན་ཁང་ནས་དངོས་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བ
འཇིགས་མེད་བོད་སྨན་ཁང་ནས་དངོས་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/7/17ལྟ་ཀློག (645)རྩོམ་ཁུངས: ངེད་དྲ་བ།

མཚོ་སྔོན་འཇིགས་མེད་བོད་གསོ་སྨན་ཁང་གི་གསར་འགྱུར།

 

འཇིགས་མེད་བོད་སྨན་ཁང་ནས་དངོས་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།

ཟླ་༧པའི་ཚེས་༡༤ཉིན།

     ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་མཚོ་སྔོན་འཇིགས་མེད་བོད་གསོ་སྨན་ཁང་གཉིས་ཀྱིས་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་ཅིང་། དུས་དེ་ནས་ངེད་མཚོ་སྔོན་འཇིགས་མེད་བོད་གསོ་སྨན་ཁང་སི་ཁྲོན་ཞིང་ཆེན་མཐོ་རིམ་གསོ་རིག་སློབ་གླིང་གི་ནད་ཐོག་སློབ་ཁྲིད་རྟེན་གཞི་དང་ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་དངོས་སྦྱོང་སྨན་ཁང་དུ་གྱུར། མཚོ་སྔོན་འཇིགས་མེད་བོད་གསོ་སྨན་ཁང་གི་ཡོན་ཀྲང་འཇིགས་མེད་ཕུན་ཚོགས་ལགས་དང་། ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་མི་རིགས་གསོ་རིག་སློབ་གླིང་གི་གླིང་གཙོ་གཞོན་པ་ཅཱང་ཀུའེ་ཧྭ། མི་རིགས་གསོ་རིག་རིག་གནས་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཀྲང་ཏན། མཚོ་སྔོན་འཇིགས་མེད་བོད་གསོ་སྨན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བཅས་མཛད་སྒོར་ཞུགས།

    མཛད་སྒོའི་སྟེང་དུ་ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་གླིང་གཙོ་གཞོན་པ་ཅཱང་ལགས་ཀྱིས་མཚོ་སྔོན་འཇིགས་མེད་བོད་གསོ་སྨན་ཁང་གི་ཡོན་ཀྲང་འཇིགས་མེད་ཕུན་ཚོགས་ལ་སྒོ་བྱང་ཕུལ་བ་དང་། དེ་རྗེས་འགོ་ཁྲིད་གཉིས་ཀས་སྔ་རྗེས་སྒོས་གཏམ་བཤད་གནང་ནས་ནད་ཐོག་སྨན་བཅོས་ཀྱི་སློབ་ཁྲིད་རྟེན་གཞིས་བཏོན་པའི་དགེ་མཚན་ལྡན་པའི་ནུས་པ་ལ་ཚད་མཐོའི་གདེང་འཇོག་བྱས།

     ངེད་སྨན་ཁང་དང་ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གཉིས་ཀྱིས། ཐུན་མོང་ནས་ཐོན་སྐྱེད་དང་ཚན་རིག་ཞིབ་འཇུག་ཁྲོད་ཀྱི་མཉམ་འབྲེལ་ཚན་རྩལ་གྱི་བཟང་ཆ་འདོན་སྤེལ་བྱས་ཏེ། ཕྱོགས་གཉིས་ཀས་ཕྱོགས་གཉིས་ཀའི་སྟོབས་ཤུགས་སྒྲིག་འཛུགས་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་ཚན་རིག་ཞིབ་འཇུག་དང་ཐོན་སྐྱེད་མཉམ་འབྲེལ་སྒྲིག་གཞི་བཙུགས་ཏེ། རྒྱལ་ཁབ་དང་ས་གནས་ཀྱི་གནད་ཆེའི་ལས་གཞིའི་རྣམ་གྲངས་དང་། ཚན་རྩལ་གྱི་རྣམ་གྲངས་གལ་ཆེན། ལག་རྩལ་མཐོ་གྲས་ཀྱི་ཐོན་རྫས་བཅས་ལ་མཉམ་འབྲེལ་གྱིས་སྒྲུབ་འགན་ལེན་པ་དང་འགག་གནད་སྒྲོལ་བ། གསར་སྤེལ་བཅས་བྱ་དགོས་ཤིང་། ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་འཆར་འགོད་དང་། ཞིབ་འཇུག་ཁ་ཕྱོགས། འཕེལ་རྒྱས་དམིགས་ཚད། སློབ་དེབ་རྩོམ་སྒྲིག ཤེས་ལྡན་པ་གསོ་སྐྱོང་ཇུས་གཞི་སོགས་ཐུན་མོང་ཐོག་ཞིབ་འཇུག་དང་། གཏན་འབེབས། འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།

      ཕྱོགས་གཉིས་ཀའི་ཐུན་མོང་གི་འབད་བརྩོན་འོག རྟེན་གཞིའི་འཕེལ་རྒྱས་ཀྱི་མདུན་ལམ་སྔར་ལས་ཡངས་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུར་ཡིད་ཆེས་བརྟན་པོ་ཡོད་པ་དང་། སྒོ་བྱང་འགེལ་བའི་མཛད་སྒོ་བཀྲ་ཤིས་བདེ་བླག་ངང་མཇུག་སྒྲིལ།



དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
21537698
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号