ཉི་མ་ནུབ་རི་ལས་བརྒལ་བ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 10 ཚེས 26 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »ཉི་མ་ནུབ་རི་ལས་བརྒལ་བ།
ཉི་མ་ནུབ་རི་ལས་བརྒལ་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/10/12ལྟ་ཀློག (334)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཉི་མ་ནུབ་རི་ལས་བརྒལ་བ།

__•རྣལ།

[ ཁ་བྱང་གི་མཆན། ] ཉི་མ་བཞུད་ཟིན་པའི་ཉིན་འདི་དག་ཅི་ཡང་མེད་པ་འདྲ་བའི་ཁེར་རྐྱང་གི་མིག་ཆུ་དང་། སྨྲེང་ཚིག ཡང་ན་སྙན་ཚིག་འདྲ་བའི་ཚིག་འདི་དག


ཟླ་བདུན་པ།  སྡོང་བོ་ལ་སེར་ཐིགས་ལྷུང་བས   ལོ་མའི་རིང་ཚུགས་ཤོར
ཟླ་བདུན་པ། དབྱར་གཞུང་ལ་སེར་བུ་ཕོག་པས  མཛེས་འཛུམ་གྱི་མེ་ཏོག་ཡལ
ཟླ་བདུན་པ། ཡུལ་འདིའི་ནོར་བུ་ཆག་གྲིམ་དུ་སོང་བས  ས་གཞིའི་འོད་སྣང་ནུབ
དུས་ཚིགས་འདིར      ཉི་མ་ནུབ་རི་ལས་བརྒལ་བས
ངེད་ཅག་སྙིང་ཁར་རྨ་ཁ་ཚེས
དུས་ཚིགས་འདིར་        ཉི་མ་ནུབ་རི་ལས་བརྒལ་བས  
ངེད་ཅག་གི་རྨ་ཁ་ལ་ན་ཟུག་བསླངས
དུས་དེ་ནས་བཟུང་ངེད་ཅག་ཁེར་རྐྱང་དུ་ལུས
ངེད་ཅག་གི་སེམས་ཁམས་ལ་དབུལ་ཕོངས་བསླེབས་ཤིང་
སེམས་ཁམས་འདིས་དྭངས་གཙང་གི་མཆོད་པ་ཕུལ་མགོ་བརྩམས


ཞི་བའི་ཀློང་གི་ཉི་མ།

[ སྦྱིན། ]

ཆེས་མཐོ་བའི་ང་རྒྱལ་གྱི་ཕྲག་གོང་བུད་ནས
ཆེས་རྫོབ་པའི་མི་ཡུལ་གྱི་གཏི་མུག་དང་  ཕྲག་དོག་བརྒལ་ནས
དྭངས་གཙང་གི་སྟོང་ཉིད་དང  ལྷིང་འཇགས་ཀྱི་ཞི་གནས་ཁྲོད་ནས
ཀུན་གྱི་ཚ་གདུང་འཇོམ་བྱེད    དམིགས་མེད་སྦྲང་ཆར་གྱི་སྦྱིན་པ་གནང་

[ ཚུལ། ]

འདོད་པའི་སྨུག་ཀློང་དང་  ཆགས་པའི་ན་བུན་ལས་བརྒལ་ཞིང་
ལོག་པའི་མུན་ནག་དང་  གཡེམ་སྦྱོར་གྱི་དུད་ནག་དོར་ནས
ལྗང་ལྡེམ་ལྡེམ་གྱི་སྡོང་ལོའི་བསིལ་གྲིབ་ཀྱིས་གུར་ཆུང་གྲུབ་ནས
འོད་ཀྲིག་ཀྲིག་གི་གཙང་ཆུས་སྐུ་ཁྲུས་གསོལ་བར་མཛད

[ བཟོད། ]

༥༩ དུས་ཚིགས་དེར   བསམ་གཞིག་དང་གནོང་འགྱོད་འབོར་ཞིང་
ང་རྒྱལ་དང་   གནོད་སེམས་ཀྱིས་གཟིར་བས་བུད་མེད་ཀྱི་ཚོགས་ནས
སྙིང་རྗེའི་སྤྱན་ཆབ་བསིལ་བཞིན  དཀའ་སྡུག་གི་ངལ་དུབ་ཕྲག་ཏུ་བླངས་ནས
གདོང་པགས་གྱོན་པའི་འཚེར་སྡོང་ལ་བཀའ་དྲིན་སེམས

[ བརྩོན།  ]

རང་ཉིད་ལ་དབང་བའི་ཁང་མིག་ཆུང་ཆུང་གི་ནང་ནས
དཀའ་སྡུག་གི་སྙིང་རུས་མ་འབོར་ཞིང་  བརྩོན་པ་ཆུ་བོའི་རྒྱུན་དང་མཉམ་ནས
ཐང་ཡངས་མོའི་དཀྱིལ་ནས    གུར་གུམ་སོགས་ཀྱི་མདོ་དང་
རྒྱ་སེ་སོགས་ཀྱི་སྔགས་དག་དཔྱིས་ཕྱིན་པར་བཏུས་པར་མཛད

[ བསམ། ]

དྲི་ནག་གིས་ཁེབས་པའི་རྣམ་གཡེང་དང་   སྒྱིད་ལུག་གི་འཚེར་ཕོང་དོར་ནས
ཉི་ཟླའི་བར་སྲུབས་ནས་རྙེད་པའི    འོད་ལམ་ལམ་གྱི་སྐར་ཁྱུ་དག
རེ་རེ་ནས་སྒོམ་ཞིང་  རྩེ་གཅིག་གིས་ཉམས་སུ་གཞོལ་ནས
མཐར་འཛིན་གྱི་མུ་མཐའ་ལས་བརྒལ་ཞིང་
སྤྲོས་བྲལ་གྱི་འགོག་བདེན་མངོན་སུམ་གྱིས་མཁྱེན

[ ཤེས། ]

སྟོང་ཉིད་ལ་སྟོང་ཉིད་ཉིད་དུ་ངོ་ཤེས་ཤིང་     
གསལ་བ་ལ་གསལ་བ་ཉིད་དུ་དོན་རྟོགས     
གསལ་སྟོང་ཐ་དད་ཉིད་དུ་མ་འཛིན་ཞིང་
ཟུང་འཇུག་ཡ་གྱལ་ཡིན་པ་ཤེས་རབ་ཀྱིས་མཁྱེན
དེ་ནས་ཤེས་རིག་གི་ཁོག་རྒྱ་ཡངས་ཤིང་
དེ་ནས་ཤེས་རབ་ཀྱི་མན་ངག་མུ་མཐའ་བྲལ



སྨྲེང་གླུ་དང་སྨྲེང་ཚིག་ཁྲོད་ཀྱི་བྱེའུ།


བྱེའུ   རྡུལ་རླུང་དང་སྨག་མུན་ཁྲོད་ན་ཉམ་ཐག་གེར
བྱེའུ   དཀར་མེ་ཆུང་ངུ་ཞིག་གི་འོད་ངོགས་སུ་གཉོམ་ཆུང་ངེ་
བྱེའུ    ཉི་འོད་དང་བྲལ་བའི་ཁང་སྐྱ་ལེབ་ལེབ་ཅིག་གི་ཁྲོད་ན་འདར་སིག་སིག
ཆང་གིས་བཟི་བ་ཇི་བཞིན་གང་ས་ནས་འཁྱལ་མ་འཁྱོལ   བྱེའུ
མཚན་མོ་འདི་དག    ལྷིང་འཇགས་དང་ཁུམ་སིམ་མེའི་ཟླ་འོད་འོག་ནས
སྨྲེང་ཚིག་འབྲི་ཞིང་   སྨྲེང་ཚིག་གྱེར་བའི    བྱེའུ



སྨོན་ལམ་མཉམ་དུ་འདེབས།


ཁྱེད་ཉི་མ་དང་འདྲ་བར་བྱས་ནས་བསྐྱར་ནས་འཆར་བ་ལ་རེ་སྨོན་བྱེད
ཁྱེད་ཟླ་བ་དང་མཚུངས་པར་བྱས་ནས་སྨག་ནས་འཛུམ་པ་ལ་རེ་ལྟོས་བྱེད
ང་ཚོས་མཉམ་དུ་སྨོན་ལམ་འདེབས
ཉི་མའི་དྲོད་ཁོལ་ལ་སྨོན
ཟླ་བའི་བསིལ་ཟེར་ལ་སྨོན
ང་ཚོས་མཉམ་དུ་སྨོན་ལམ་འདེབས
ཡང་ནས་ཡང་དུ་འདེབས

                                  ༢༠༢༠   ༡༠   ༧  ནུབ་མོ་མཇུག་གྲུབ།


བཱ་ཐུར་ཐུབ་དགའ་ཡིད་བཞིན་ནོར་བུའི་ཐུགས་ཟིན་གྱི་བུ་སློབ། ཆོས་རྗེ་འཇིགས་མེད་ཕུན་ཚོགས་དང་། ཨ་རིག་མཁན་ཆེན་པད་མ་ཚེ་དབང་དང་།
དགེ་མང་མཁན་ཆེན་པད་མ་དབང་རྒྱལ་སོགས་ཀྱི་མཆེད་གྲོགས། ཡང་དར་བསྟན་པའི་གསལ་བྱེད། ངེས་པ་དོན་གྱི་བྱ་བཏང་བ། སྦས་པའི་རྣལ་འབྱོར་བ་ཆེན་པོ། གླང་ཡག་མཁན་ཆེན་ཕུན་ཚོགས་ཚེ་རིང་ངམ་འཇམ་དབྱངས་ཆོས་འཕེལ་མཆོག་རབ་བྱུང་བཅུ་བདུན་པའི་ཀུན་ལྡན་ལྕགས་བྱི་ལོའི་ཟླ(7)པའི་ཚེས(30)ཐོ་རེངས་ཀྱི་ཆར་སྐུ་ཚེའི་མཐའ་མའི་མཛད་པ་དགོངས་པ་ཆོས་ཀྱི་དབྱིངས་སུ་མཉམ་པར་བཞག་པའི་ཚུལ་བསྟན་པའི་དགོངས་རྫོགས་སྐབས་གང་གི་མཛད་བཟང་ལ་དད་པ་དབང་མེད་དུ་ཤོར་བའི་སློབ་མ་གླང་ཡག་ཨོ་རྒྱན་འཇམ་དབྱངས་སམ་སྙན་འབྲི་བ་<རྣལ་>དུ་འབོད་པ་དེས་གུས་པ་ཆེན་པོས་སྦྱར་བའོ།།  །།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urjx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
20855656
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号