དབྱངས་དཀར་མོ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 8 ཚེས 13 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »དབྱངས་དཀར་མོ།
དབྱངས་དཀར་མོ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/11/6ལྟ་ཀློག (4575)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དབྱངས་དཀར་མོ།

དབུ་འཇིཊ་མེད།    མཚོ་ལྷོ།

ཟླ་འོད་དྭངས་ཤིང་གསལ་བའི་འགྲམ་ངོགས་སུ། །
མྱི་ཚོགས་སྤྲིན་དཀར་དུམ་བུ་འགུལ་འགུལ་བྱེད། །
དབྱངས་ཀྱི་ཚེ་སྲོག་ཕྲ་མོ་མ་འགགས་པར། །

མཚན་ལ་བཏབ་པའི་ཟློས་གར་ངག་ལ་སྦྱར། །


ཡིད་འོང་རབ་མཛེས་མཚན་མོ་འུག་པའི་མགུར། །
མི་རྟག་སྒྱུ་མའི་ཆོ་འཕྲུལ་བཞིན་དུ་སྦྱར། །
མཚན་མོ་རྨི་ལམ་རབ་རིབ་སེམས་སུ་འཁྱིལ། །

འཁྲུལ་སྣང་རྟོག་པའི་བཏགས་པ་མ་ཤེས་མོད། །


ཡིད་ཀྱི་མེ་ཏོག་འཛུམ་པའི་མུན་ནག་ཁྲོད། །
ཆུ་དང་ཆར་བ་འདྲེས་པའི་བར་མཚམས་ན། །
དགའ་སྐྱོ་འདྲེས་པའི་གཏམ་རྒྱུད་མང་ཙམ་གླེང་། །

ཟླ་འོད་མེད་པའི་མཚན་ལམ་རིང་མོ་བསྐྱལ། །


སེམས་པ་ནམ་མཁར་བཏེགས་ཏེ་ཟླ་བ་དྲན། །
སྣང་བའི་སྟོང་ཆེན་ཉི་ཟླའི་གཞེས་ཁྱིམ་ཡིན། །
དེ་ན་འཛོམས་པའི་ཉི་ཟླའི་སྨོན་ལམ་ཡག །

སྨོན་ལམ་བཀྲ་ཤིས་གཡང་དྲུང་རི་མོ་བརྟན། །


སྣང་བ་སྨོན་པར་བསྲེས་ཏེ་སྨིན་དྲུག་བསུ། །
སྟོང་ཆེན་གཡོ་བའི་རྨི་ལམ་དགུ་མཚར་ཞིག །
ངག་རིག་གཙང་བོ་བརྒྱུད་དེ་མདོར་ཙམ་གླེང་། །

མཚན་ལམ་རིང་མོ་ངག་གི་སྒོ་མོར་ཞུགས། །


སྐྱོ་བའི་ཟློས་གར་ཤིག་གིས་མཚན་ལམ་བསྐྱལ། །
ཟླ་མེད་ཤུགས་གླུ་རིང་མོས་རང་སེམས་གསོས། །
ལྷིང་འཇགས་མུན་པའི་ཁྲོད་ནས་དྲན་ཐོ་བྲིས། །

ཟླ་བོ་གཡུ་དཀར་ལྷ་མོར་བསྐུར་འདོད་བྱུང། །


ཡིད་སེམས་པདྨ་བཞིན་དུ་དཀར་ལ་ཡག །
བཅོ་ལྔའི་ཟླ་འདིའི་ཞལ་དཀྱིལ་ཡིད་ལ་འཛུམ། །
གཡུ་ཆུང་དཀར་མོ་འདི་ཡི་བརྩེ་བ་དེ། །

རི་ཆུ་སྟོང་གི་ཕྱི་ནང་ཡིན་སོང་ངམ། །


༢༠༢༠~༩~༢༦ཉིན་ལྔ་རིག་སློབ་གླིང་དུ་བྲིས།
རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།

པིར་མིང་དབུ་འཇིགས་མེད། མིང་གཞན་གངས་རླུང་བུ།
༡༩༩༨ལོར་མདོ་སྨད་ཡུལ་གྱི་བོང་སྟག་སྡེ་བའི་འབྲོག་ཚང་དཀྱུས་མ་ཞིག་ཏུ་སྐྱེས།
༢༠༡༩ལོ་ནས་བཟུང་རང་གི་དགའ་ཕྱོགས་ལྟར་དུ་རྩོམ་རིག་གི་ལམ་ཁར་ཕྱོགས།
དེ་ནས་བཟུང་མུ་མཐུད་དུ་(མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ)(བཙན་པོའི་མགར་གྱི་དྲ་བ)
(ཁམས་པའི་གསར་འགྱུར་དྲ་བ)(ང་ཡི་རེབ་གོང་དྲ་བ)(ཁམས་པའི་ཚགས་པར)
(ཀན་ལྷོའི་ཚགས་པར)དུས་དེབ་བསྟོད་དབྱངས་ཀྱི་རང་སྒྲ་སོགས་ཚགས་དེབ་ཀྱི་སྟེང་དུ་རྩོམ་སྤེལ་མྱོང་།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
oldr བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
30638000
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1