ཆེས་དམའ་རིམ་ནས་བསྒྲུབ་པར་བྱ། བསྒྱུར་རྩོམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ཆེས་དམའ་རིམ་ནས་བསྒྲུབ་པར་བྱ། བསྒྱུར་རྩོམ།
ཆེས་དམའ་རིམ་ནས་བསྒྲུབ་པར་བྱ། བསྒྱུར་རྩོམ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2021/2/7ལྟ་ཀློག (23630)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཆེས་དམའ་རིམ་ནས་བསྒྲུབ་པར་བྱ།

《འཛམ་གླིང་གི་ཆེས་ཐོག་མའི་དུང་ཕྱུར་ཅན་གྱི་ཕྱུག་བདག་ཅིག་གིས་ན་གཞོན་ལ་བྲིས་པའི་ཚོང་ལས་བསླབ་བྱ་》ལས་བདམས་ཏེ་ཨ་མཁར་འདྲེ་སྨྱོན་གྱིས་བསྒྱུར།

 

སྙིང་ཉེ་བའི་གཡོས་ཧན་ཆུང་བ།

     ཉེ་ཆར་ཁྱོད་སྤྱི་གཉེར་གྱི་རྡོ་སྣུམ་ཚོང་རར་ཚོང་གཉེར་ལས་ཀ་སྒྲུབ་ཀྱིན་ཡོད། ངོ་མ་དཀའ་སྡུག་ཆེ་འམ། དོན་དངོས་ཐོག  ཁྱོད་པོ་ལུན་སློབ་ཆེན་ནས་མཐར་ཕྱིན་རྗེས། ཚོང་ལས་སྟེང་བརྒྱུད་འཚོང་པ་ཞིག་གི་ལས་ལ་ཞུགས་ཡོད་ཀྱང་། འདི་ནི་དཀའ་ལས་ཆེ་ཞིང་ངོ་སོ་མེད་པའི་ལས་ཀ་ཞིག་ཡིན་པ་ཤེས་དགོས།   ཁྱོད་ཀྱིས་བྱ་བ་འདིའི་ཁྲོད་ནས་མི་ཕལ་བ་རྣམས་ཀྱི་དཀའ་སྡུག་ཤེས་བྱུང་ངམ། ཁྱོས་བློས་གཏོང་བྱེད་པའི་བསམ་པ་དེ་འོས་འཚམས་མིན། ཁྱོད་ཉིན་འགའ་མཐུད་དེ་ཁྱིམ་དུ་གབ་ནས་རོལ་དབྱངས་ལ་ཉན་པའམ་ཕྱི་རུ་སོང་སྟེ་ཆང་འཐུང་ལ། ད་དུང་ལས་ལ་མི་ཞུགས་པ་ཅི་ཡིན། ཁྱོད་ད་སོ་མ་ལས་དོན་དང་མི་ཚེའི་མགོ་འཛུགས་ཙམ་ཡིན་པ་མི་ཤེས་སམ། ངོ་མ་ཁྱོད་ཉམས་མྱོང་གསོག་པའི་སྐབས་རེད། 

      གཅེས་ཕྲུག ཁྱོད་ཀྱི་བྱེད་ལུགས་འདི་དག་གིས་ངའི་སེམས་ཅུང་མི་བདེ་སྟེ། ངོ་མ་ཁྱོད་གོ་རྟོགས་ཤིག་སད་པར་རེ། ལེགས་འགྲུབ་པ་གང་ཞིག་ཡིན་ཡང་དམའ་ས་ནས་བསྒྲུབས་ཏེ་ཡོང་བ་ཡིན་ཞིང་། ན་གཞོན་སུ་འདྲ་ཡིན་ཡང་གཞན་ལས་མགོ་འཕང་མཐོ་བར་འདོད་པ་གཅིག་མཚུངས་ཡིན་ཡང་། འདི་ལ་བརྒྱུད་རིམ་ངེས་ཅན་ཞིག་དགོས་པ་ངས་ཐག་གཅོད་ཐུབ། དོན་དངོས་སུ་ང་ཡང་ལས་ཀ་ལ་མི་དགའ་སྟེ། མི་སུ་ཡང་ལས་སྒྲུབ་ལ་མི་དགའ་བས་སོ། །ཡིན་ཡང་། ལས་ཀའི་ཕག་ན་ཡོད་པའི་དངོས་པོ་སྟེ།  རང་ཉིད་ཀྱི་གོ་སྐབས་གསར་རྟོགས་དང་།  རྒྱུན་མི་ཆད་པར་རང་ཉིད་ཀྱིས་རང་ངོ་ཟིན་པ་གཅིག་པུས་རང་ཉིད་མཐོར་འདེགས་གཏོང་བ་དང་། དེ་ལ་བརྟེན་ནས་རང་ཉིད་གོམ་པ་རེ་རེ་ནས་ལེགས་འགྲུབ་ཀྱི་ཕྱོགས་ལ་བགྲོད་པའི་ཉམས་མྱོང་གསོག་པ་དག་ལ་ང་དགའ། ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན་མང་པོ་ཞིག་གིས་ཁྱོའི་ལོ་ཚོད་ཙམ་ནས་ཁྱོད་གཏན་ནས་མི་དོ། དེའི་རྐྱེན་གྱིས་སེམས་འཚུབ་མ་བྱེད། ལྷག་པར་དུ་སེམས་ཤུགས་མ་ཆག  

     ང་གཞོན་དུས་ཀྱི་ཉིན་ཐོ་ཞིག་གི་ནང་དུ་རང་ཉིད་ལོ་གཅིག་ཏུ་མཚན་སྙན་མེད་པའི་མི་ཕལ་བ་ཞིག་བྱས་པའི་བརྒྱུད་རིམ་འཁོད་འདུག

      ལོ་ཞིག་གི་དབྱར་ཁར་སློབ་གྲྭ་དགོངས་པ་གནང་རྗེས་རང་ཉིད་ཀྱིས་ལས་ཀ་བཙལ་ཏེ་སྦྱོང་བརྡར་བྱ་རྒྱུ་སེམས་ཐག་བཅད་ཅིང་། གྲོགས་པོ་ཞིག་གིས་ང་ལ་ཨེ་ཧི་ཨེ་མངའ་སྡེའི་འཕྲུལ་ཆས་བཟོ་སྐྲུན་སྤྱི་གཉེར་གྱིས་མི་བསྡུ་གིན་འདུག་ཟེར་བས། ངས་རླུང་རྟ་ཞིག་རྒྱུག་ན་སྙམ་སྟེ་འགྲོ་རྒྱུ་ཐག་བཅད།

      ཉིན་གཉིས་པར་ང་སྔ་མོ་ནས་ངོ་རྒྱུགས་ལེན་སར་ཐོན་ཞིང་། ཆུ་ཚོད་བཅུར་ལོན་དུས། མི་ཚོགས་གྲལ་སྒྲིག་པ་ལྟར་སྔོན་དུ་རེ་རེ་བཞིན་བཤར་ཞིང་། མ་འགྱང་བར་ང་ཡང་ངོ་རྒྱུགས་ལེན་རན་ལ་ཐོན།“ཁྱོད་ཀྱིས་ལས་ཀ་ཅི་འདྲ་ཞིག་འཚོལ་དགོས།’’ཞེས་མི་དོན་དོ་དམ་པ་ཞིག་གིས་དེ་སྐད་དྲིས་བྱུང་།

      “ཁྱོད་ཚོའི་ལས་ཀའི་ནང་གི་གླ་ཕོགས་ཆེས་དམའ་ཤོས་དེ་དགོས།’’ཞེས་ངས་བཤད་པ་ལ་“འོ་ཡ། ང་ཚོས་གླ་རྒྱུ་ཡིན།’’ཟེར་རོ། །

      བདག་ཤིན་ཏུ་དགའ་སྟེ། དེ་སྐབས་ང་ནི་འཚོ་བའི་ཁྲོད་ཀྱི་ཆེས་དམའ་རིམ་ན་ཡོད་པས་སོ། །ང་ལ་མགོ་འཛུགས་ས་ཞིག་དགོས་ཤིང་། ཆེས་དམའ་རིམ་ཡིན་ཡང་ཆོག་ལ། དུས་ཐོག་དེར་ང་ལ་གོ་སྐབས་འདི་ལྟར་ཤར་བར་གྱུར་ནས། ང་ནི་སྤྱི་སྒྲིག་ཚན་ཁག་ཏུ་བཀོད་སྒྲིག་བྱས། དེའི་སྐབས་སྤྱི་གཉེར་གྱིས་སྐམ་དམག་ཆེད་དུ་འཕྲུལ་འཁོར་གྱི་ལག་འདེགས་སྒྲོན་མེ་བཟོ་བཞིན་ཡོད་ལ། ངའི་ལས་ཀ་ནི་ཟངས་འཛེར་གྱི་ཁ་དིག་ལ་ལྕགས་ལུང་བཀྲི་རྒྱུ་དེའོ། །

      སྤྱིར་སྐབས་དེའི་ངའི་གླ་ཕོགས་དུས་ཚོད་རེར་ཨ་སྒོར་སྐར་ཉི་ཤུ་ལས་མེད་ཀྱང་། ལག་ཤེས་ངལ་རྩོལ་ལ་དགའ་དུང་ཡིད་ཚིམས་པ་ཞིག་ཡོད་དོ། །མི་རྣམས་ཚེ་གཅིག་གི་ནང་ནས་ལག་པས་ངལ་རྩོལ་བྱས་པའི་གོ་རིམ་དེ་ཕལ་ཆེར་བརྒྱུད་མྱོང་བས། ལས་ཀ་འདི་ང་ལ་མཚོན་ན་དེ་འདྲ་དཀའ་རྒྱུ་མི་འདུག ལས་སྒྲུབ་ཉིན་དང་པོར་སྤྱི་སྒྲིག་ཚན་ཁག་ནས་ཟངས་འཛེར་བརྡུང་བའི་སྐབས། ངའི་ལག་པ་ཐོ་བ་ཡིས་རྨས། ང་དོན་རྐྱེན་འདིས་ལས་ཀ་བསྒྲུབ་ཐུབ་རྒྱུ་སྟབས་མི་བདེ་བ་གཏོང་སོང་སྙམ་ནས་སེམས་ཁྲལ་ཤིན་ཏུ་ཆེ་ཡང་། ཚོང་བདག་གི་དགོངས་འཁྲོལ་ཐོབ་པས། ལས་གྲོལ་གྱི་རྗེས་ངས་མུ་མཐུད་ནས་ལག་པ་རྨས་སྐྱོན་ཅན་གྱི་སོར་མོས་ལས་སྒྲུབ་ནུས་པའི་ཐབས་ཤེས་ལ་ཚོད་ལྟ་བྱས། དཀའ་བ་སྤྱད་ན་འབྲས་བུ་ཐོན་པའི་གནས་ལུགས་ལ་ཡིད་ཆེས་ཏེ་ངས་འཁོར་ཁང་ནས་ལག་ཅ་དང་རྒྱུ་ཆ་བཙལ་བས།  ང་ལ་དགོས་པའི་ལག་ཆ་དང་རྒྱུ་ཆ་རྙེད་སོང་། དེ་དག་ལ་ཤིང་གི་སྦྲེལ་ཚིགས་ཤིག་བཟོས་ནས། འདི་ལ་འཛེར་མ་དེ་བརྟན་པོར་འཛེར་ཐུབ་པར་བྱས་པས།  དཀའ་ངལ་ཆེན་པོ་མི་དགོས་པར་ངའི་ལས་ཀ་བསྒྲུབ་ཐུབ་འདུག

      ཉིན་གཉིས་པ། ཞོགས་པ་སྔ་མོར་ལངས་ནས་རང་གིས་གསར་དུ་བཟོས་པའི་ལག་ཅ་དེ་ཚོད་སྤྱོད་བྱས་ཏེ། བཟོ་པ་གཞན་རྣམས་མ་ཐོན་གོང་ལས་སྒྲུབ་ཀྱི་མགོ་བཙུགས། ངས་མི་རྣམས་ངོ་མཚར་བའི་གྲུབ་འབྲས་ཐོབ་པར་བྱས་ཏེ། ཤིང་གི་སྦྲེལ་ཚིགས་འདིས་འཛེར་མ་བརྟན་པོར་འཛིན་ནུས་ཤིང་། ལག་པ་གཅིག་ཤོས་ཀྱིས་ཟུར་རོགས་མི་དགོས་པས། ལག་པ་དེས་གང་ཡང་བསྒྲུབ་མི་དགོས་པར་དལ་བར་གྱུར་ཅིང་། སྔོན་ལས་ལྷག་པའི་ལས་ཀ་མང་པོ་བསྒྲུབ་ཐུབ་སོང་ངོ་། །ངའི་གསར་གཏོད་འདི་ལ་སྦྱིན་བདག་གིས་བསྟོད་བསྔགས་ཆེ་ཆེར་བྱས་ཤིང་། གསར་གཏོད་ཆུང་ཆུང་འདི་བྱས་པ་བརྒྱུད། ལས་ཀ་གང་དང་ཅི་འདྲ་ཡིན་རུང་།  ཐ་ན་ཆེས་དམའ་བའི་ལས་སྒྲུབ་ཡིན་ཡང་།  ཚང་མ་ལ་ནན་ཏན་གྱི་རྣམ་འགྱུར་བཟང་པོ་དགོས་པ་གཞི་ནས་ཤེས་བྱུང་། ལྷག་པར་དུ་ཁྱོད་ཀྱི་གསར་རྙེད་ཆུང་ཆུང་ཡང་ཚེ་གཅིག་གི་ལས་དབང་་གསར་བཅོས་ཀྱི་འགག་རྩ་ཡིན་པའང་རྟོགས། ཤིང་གི་སྦྲེལ་ཚིགས་འདི་ཡོད་པ་ནས་བཟུང་ངའི་ལས་སྒྲུབ་མྱུར་ཚད་སྔོན་མ་ལས་ལྡབ་བཅུ་རུ་འཕར། དེ་བས་ང་ལ་དུས་ཚོད་མང་པོ་ཞིག་གི་བར་སྟོང་ཡོད་པར་གྱུར་བས། ངས་ཚོང་བདག་ལ་ལས་ཞུ་རེ་བ་མང་པོ་བྱས་ནས།  ཉོག་འཛིང་གི་འགན་དབང་དེ་དག་འགྲུབ་པར་བྱས། སྤྱི་སྒྲིག་ཐོག་གི་ལས་སྒྲུབ་བུ་མོ་ལ་རོགས་པའི་ཚུལ་དུ་ལས་སྒྲུབ་སྟེགས་མཐོ་ཚད་སྙོམས་སྒྲིག་བྱས་པས། ཁོང་མོ་ཚོས་བསྒྲུབ་པ་ལས་ཀྱང་བཟང་བའི་དོན་འགྲུབ་ཅིང་། དེ་དང་མཉམ་དུ་ལས་སྒྲུབ་ཕྱོད་ཇེ་མཐོར་གཏོང་ཐུབ་ཡོད། སྤྱིར་ངས་འགག་རྩ་ཅན་གྱི་ཁྲོད་ཚོང་བདག་ལ་རོགས་མང་དུ་བྱས་ཏེ། ཉིན་རྟག་པར་སྔོན་མ་ལ་ལས་སྒྲུབ་ཁང་དུ་ཐོན་པར་བྱེད་ལ། ལས་གྲོལ་རྗེས་སུ་བསྡད་ནས་དག་སྒྲིག་ལ་རོགས་བྱས་ནས་ཉིན་རྗེས་མའི་གྲ་སྒྲིག་ཚགས་སུ་བཙུད། ངས་བལྟས་ན་ལས་ཀ་འདིས་ཤིན་ཏུ་གོ་ཆོད་འདུག་སྟེ། སྐབས་དེའི་ངའི་དགོས་མཁོ་ཡོངས་སུ་གང་ལ། ལས་སྒྲུབ་ཀྱི་ནུས་པའང་ཇེ་མཐོ་རུ་ཐོན་ཏེ་མ་འོངས་པའི་འཕེལ་རྒྱས་ལ་རྨང་གཞི་ཐིངས་བས་སོ། ། 

      དུས་ཚོད་འགོར་རིམ་བཞིན་སྤྱི་གཉེར་ཁང་གི་མི་རྣམས་ཁྱིམ་ཚང་གཅིག་གི་ཁྱིམ་མི་ལྟ་བུར་གྱུར་བས། ང་སྤྱི་གཉེར་གྱི་རོལ་རྩེད་བྱ་འགུལ་འགའ་ལ་ཞུགས་མྱོང་། སྤྱི་གཉེར་ལ་རྫོང་གྲུག་རུ་ཁག་ཅིག་ཡོད་ཅིང་། གཟའ་འཁོར་རེར་སྤྱི་གཉེར་ཆུང་བ་འགའི་རྫོང་གྲུག་རུ་ཁག་འགྲན་བསྡུར་བྱེད་ཀྱིན་ཡོད། ང་རྫོང་གྲུག་རུ་ཁག་གི་དོ་དམ་པ་བྱས་ནས། སྤྱི་གཉེར་རྒྱབ་ཀྱི་གྲུག་ཐང་ནས་ངས་ཨོ་ལན་ཧ་ཝེ་ངོ་ཤེས་བྱུང་། ཁོང་ནི་གྲུག་ཁག་གི་རུ་དཔོན་དང་སྤྱི་གཉེར་གྱི་ཉོ་འཚོང་པ་ཡང་ཡིན་ལ། ཉིན་ཞིག གྲུག་སྦྱོང་སྐབས་ང་ཚོས་ལས་སྒྲུབ་སྐོར་གླེང་བས་ང་ལ་“ཁྱོད་སྤྱི་གཉེར་འདི་རུ་ལས་ཀ་བསྒྲུབ་པའི་མྱོང་ཚོར་ཅི་འདུག་”ཅེས་ཁོང་གིས་དྲིས་བྱུང་ལ། ངས་ཀྱང་“བཟང་པོ་འདུག་”ཅེས་ཞུས་པ་མ་ཟད་མུ་མཐུད་ནས་ངས་“ཡིན་ན་ཡང་། འཛེར་མའི་ལས་སྒྲུབ་འདིས་ངའི་ནུས་པ་མཐོར་འདེགས་ཐུབ་ཀྱིན་མི་འདུག་པས། ངས་འགྲན་ཤུགས་རང་བཞིན་ཅན་གྱི་ལས་ཀ་ཞིག་བསྒྲུབ་འདོད། འདི་ལྟ་བུ་ལ་བརྟེན་ནས་ངས་ཤེས་བྱ་མང་པོ་ཞིག་བསླབ་ཐུབ་ངེས། ”ཞེས་ནན་གྱིས་བཤད་པ་ཡིན།

      སྐད་ཆ་འདི་གླེང་ཚར་རྗེས་ངས་དོན་དེ་ལ་མཉམ་མི་གཞག་པར་མུ་མཐུད་ནས་རང་གི་ལས་ཀ་སྒྲུབ་ལ། ཉིན་ཞིག གློ་བུར་དུ་ང་ཚོ་ལས་སྒྲུབ་ཁང་དུ་སྐུ་ཞབས་ཧ་ཝེ་ཕེབས་ཏེ། “ཁྱོད་ཉོ་འཚོང་ཚན་ཁག་ཏུ་སྔོན་མངགས་པ་ཞིག་བྱེད་དུ་འགྲོ་བསམ་མམ། ཡོང་ཧན།’’ཞེས་ཁོང་གིས་ང་ལ་དྲིས་བྱུང་། ཐོན་སྐྱེད་བྱས་ཟིན་པའི་དངོས་རྫས་དང་དགོས་མཁོའི་རྒྱུ་ཆ་ཚང་མ་ཉོ་སྒྲུབ་བརྒྱུད་རིམ་འདི་ནས་བརྒྱུད་དགོས་ཚུལ་དང་། སྔོན་མངགས་པའི་ལས་འགན་གསལ་བཤད་། དེ་ལ་བརྟེན་ནས་སྤྱི་གཉེར་ཡོངས་ཀྱི་ཐོན་སྐྱེད་བརྒྱུད་རིམ་ལ་རྒྱུས་ལོན་བྱེད་ཆོག་ཚུལ་བཅས་ཁོང་གིས་ནན་གྱིས་གསུང་བས་ང་མོས་མཐུན་བྱས་ཏེ་ཚན་ཁག་དེར་སོང་བ་ཡིན་ནོ། །མཐའ་མར་ལས་ཀ་གསར་པ་འདིའི་ཁྲོད་མི་སྒེར་ལས་སྒྲུབ་ཀྱི་འབད་པ་དང་གནད་དོན་ཐག་གཅོད་ཀྱི་ནུས་པ་གཉིས་ངོས་ལེན་བྱས་ནས་གཟེངས་བསྟོད་གནང་བྱུང་། དུས་ཚོད་ཐུང་ཐུང་ཟླ་གསུམ་གྱི་དགོངས་གནང་གི་ཁྲོད་སྤྱི་སྒྲིག་ལས་འགན་པ་ནས་ཉོ་སྒྲུབ་པ་རུ་འཕར་ཞིང་། དེ་བཞིན་དུ་ཚན་ཁག་སྤྱི་གཉེར་གྱི་ལས་རོགས་པ་ཡང་བྱས་པ་ཡིན་ནོ། །མ་འགྱང་བར་ངའི་སློབ་གྲྭར་སློབ་མགོ་ཚུགས་པས་སྤྱི་གཉེར་དང་མི་འབྲལ་ཀ་མེད་བྱུང་སྟེ། མུ་མཐུད་དུ་སློབ་སྦྱོང་བྱེད་དུ་ཆས།  ཟླ་གསུམ་གྱི་ལས་སྒྲུབ་འདིས་ནང་ཁུལ་གྱི་འབྲེལ་བ་དང་བརྒྱུད་ནས་ངོ་སྤྲོད་བྱེད་མཁན་མེད་ཀྱང་། རང་ཆེས་དམའ་ས་ནས་བསྒྲུབ་ན། ཅུང་ཙམ་ཅུང་ཙམ་ལེགས་འགྲུབ་འཐོབ་ཡོང་བ་དེ་ཤེས་སོང་། ངས་བསམ་ན་འདི་ནི་ཚོང་ལས་ཤིག་གི་རྨང་གཞིའི་ལམ་ཆེས་བཟང་བ་དེ་རེད་སྙམ། འདིས་ང་ལ་ཁྱབ་ཁོངས་ཤིག་གི་ནང་དུ་འཕེལ་རྒྱས་ལ་ངེས་པར་དུ་དགོས་པའི་རང་རྟོན་དེ་ཐོབ་པར་གྱུར་བས་སོ། །

      ནམ་རྒྱུན་ང་ལ་མི་རྣམས་ཀྱིས་“གང་ཞིག་གིས་བརྟན་བརླིང་གི་ལེགས་གྲུབ་ལམ་ཆེན་དེ་རྙེད་པ་ཡིན་’’ཅེས་འདྲི།  ངས་བསམ་ན། ཆེས་གལ་ཆེ་ཤོས་དེ་ངེས་པར་དུ་གླ་པ་ཡག་པོ་བྱ་དེའོ། །འདི་ལ་རྒྱུ་མཚན་གཉིས་ཡོད་དེ། ལས་ཀ་གང་འདྲ་ཡིན་ཡང་བསྒྲུབ་ཐུབ་ན། ཁྱོད་ལ་དེ་མཐུན་གྱི་ངོས་ལེན་དང་། སྒོར་མོ། རང་བཀུར་ཡོད་ཅིང་། འཚོ་བ་ཡང་འགྱུར་ཏེ་མཛེས་སྡུག་ལྡན་ངེས་པའི་རྒྱུ་མཚན་དང་གཅིག གླ་པ་ཆེས་བཟང་བོ་ཞིག་ཡིན་ན་ཁུ་སིམ་པོས་ངོས་ལེན། སྒོར་མོ། རང་བཀུར་ལ་སྒུག་པའི་གོ་རིམ་ཁྲོད་སྤྲོ་སྣང་མང་པོ་ཐོབ་ངེས་པའི་རྒྱུ་མཚན་དང་བཅས་གཉིས་ཡོད་པས་སོ། །

      གཡོས་ཧན།  ངའི་བརྒྱུད་རིམ་འདི་དག་བཤད་པ་ལ་བརྟེན་ནས་ཁྱོད་ཀྱིས་ཅི་ཞིག་བསླབ་ཐུབ་བྱུང་། ཁྱོད་ཀྱིས་ངའི་བསམ་ཚུལ་འདི་དག་དང་ལེན་ཞུས་ན་འགྲིག་འདུག་གམ། ཁྱོད་ད་ལྟ་ལས་སྒྲུབ་ཀྱི་མགོ་བཟུང་མ་ཐག་ཡིན་པས། ཁྱོད་ལ་དགོས་པ་དངོས་མ་དག་ད་རུང་ངོ་མ་ཞིག་རྒྱུས་ལོན་ཐུབ་མེད། ཁྱོད་ཀྱིས་ག་ལེར་རྒྱུས་ལོན་ཐུབ་རྗེས་ལས་སྒྲུབ་ལ་ཐོགས་པ་མེད་པ་འགྱུར་ངེས་ཤིང་ལས་སྒྲུབ་ལ་ཁྱད་ཆོས་ལྡན་ནས་དགའ་སྣང་ཆེ་ཆེར་རྒྱས་ངེས། ད་ལྟ། ངས་རང་ཉིད་ཀྱི་ལས་རིགས་སྒྲིག་ལམ་འགའ་ཁྱོད་ལ་འོས་སྦྱོར་བྱ།  འདི་དག་ཚང་མ་ངས་ཆེས་དམའ་རིམ་ནས་འབད་བརྩོན་བྱས་ཏེ་ཐོབ་པའི་གྲུབ་འབྲས་ཁྲོད་ལས་ཐོན་པའི་སྤྱི་བསྡོམས་དག་དག་ཡིན།

       ཁྱོད་ཀྱིས་དཀའ་སྤྱད་སྡུག་རུས་ཤིག་ངེས་པར་དུ་བྱ་དགོས་ཏེ། ན་གཞོན་མང་ཆེ་བ་ཞིག་ཐོག་མར་ལས་སྒྲུབ་ལ་ཞུགས་དུས། དཀའ་སྡུག་ཉོག་རྫོབ་ཆེ་བ་འགའ་བརྒྱུད་དགོས་ཤིང་། སྣེ་གཅིག་བྲོ་མེད་ཀྱི་ལས་བསྒྲུབས་ནས།  ཉིན་གཅིག་དོན་མང་སྒྲུབ་པའི་སྦྱིན་བདག་གི་རྐང་པ་ལྟ་བུ་བྱེད་དགོས་ལ། །ཁོང་(ཁོང་མོ་)གི་འཕྲིན་འགོད་དེབ་འདྲ་མིན་མང་པོ་ཞིག་ཀྱང་དག་སྒྲིག་བྱ་དགོས་ངེས་པས་སོ། །ཁོང་ཚོ་ལ་མཚོན་ན་འདི་དག་ལས་རིགས་ཤིག་ཏུ་བརྩི་ཐབས་མེད་ཀྱང་། ཁྱོད་ཀྱིས་ངེས་པར་དུ་ལས་སྒྲུབ་འདི་འདྲ་ནི་རྒྱུན་རིང་ལམ་འཚོལ་གྱི་མགོ་འཛུགས་ཉིད་དུ་བསྒྱུར་དགོས།

       དམིགས་གཏད་པའི་ལས་ཀ་ལས་གཞན་ཡིན་ཡང་། ལས་སྒྲུབ་དེ་ལ་དགའ་བ་ཆེན་པོས་དང་ལེན་གྱིས། འོས་འཚམས་ཡིན་ན་འགྲིག འགྲེམ་འཚོང་ཚོགས་འདུ་ཐོག་ཁྱོད་སྤྱི་གཉེར་གྱི་ཚབ་བྱེད་པའི་ཐོབ་ཐང་མེད་ཀྱང་། རང་ཉིད་དགའ་བས་འགན་ཁུར་བའི་ལས་ཀ་ཅི་ཞིག་ཡིན་ཡང་གཞན་གྱིས་མཐོང་ཆུང་བྱེད་དུ་མ་འཇུག  གལ་སྲིད་ཁྱོད་ལ་གང་ལས་ཀྱང་ལྷག་པའི་རྩ་འཛུགས་ཚན་ཁག་འདི་ལ་གསར་སྐྲུན་བྱེད་པའི་བསམ་བློའི་ཐབས་བཀོད་ཡོད་ན། ཁྱོད་ཀྱིས་སྙིང་སྟོབས་ཆེན་པོས་བཤད་དགོས་པ་ལགས་སོ། །རང་ཉིད་ལ་དགོས་མཁོ་ཆེ་བའི་ལས་སྒྲུབ་ཚང་མ་ཐག་གཅོད་ཀྱི་ནུས་པ་ཁྱོད་ལ་ཡོད་པར་བྱས་ཏེ། ཁྱོད་ཀྱིས་ནུས་པ་ཚང་མ་ཕྱོགས་གཅིག་བསྡུས་ཐུབ་པར་བྱ་རྒྱུ་ནི་མ་བརྗེད་པར་ཡིད་ལ་ངེས་པར་གྱིས་ཤིག

       ནང་དུ་ངར་ཤུགས་ཀྱིས་ཁེངས་ཀྱང་ཕྱི་རུ་སྒྲོབ་ཚུགས་སྟོན་པར་མི་བྱ་སྟེ། ལེགས་འགྲུབ་ངོ་མ་ནི་ཤེས་རབ་ལས་གཞན་པ་ཡིད་འཕྲོག་གི་མི་གཤིས་དང་འབད་བརྩོན་ལྷོད་མེད་ཀྱིས་ཐོབ་པ་ལས། ཚབ་བྱེད་ཀྱི་དངོས་པོ་གཞན་གང་ཡང་མེད་པས་སོ། །ཁྱོད་ཀྱིས་མི་མངོན་པའི་ཚུལ་དུ་ངར་ཤུགས་ཤིག་ཐོན་པར་བྱས་ཏེ། ནམ་ཡང་མིག་གིས་ཆེར་གདངས་ནས་ཕྱོགས་བཞི་རུ་ཅི་ཞིག་གིས་འདང་ཡོད་མེད་ལ་ལྟོས་དང་། གོ་སྐབས་ཐོན་དུས་སྒྲུབ་ཆོག་ཆོག་ཏུ་ཡོད་དོ། །  དོན་དངོས་ཐོག དང་མའི་སྒུལ་ཤུགས་དང་སྐྱེས་སུ་འབུལ་རྒྱུ་ནི་ལེགས་གྲུབ་དང་དགའ་སྤྲོ་འདྲེན་པའི་ཐབས་ཤེས་ཆེས་བཟང་བ་དེའོ། །

      མི་དང་མི་ཡི་བར་ཁྱད་མང་པོ་ཞིག་ནི་བསམ་བློའི་ཐབས་ཤེས་སྟེང་ནས་མངོན་ཏེ། སྤྱིར་མགོ་འཛུགས་དུས་སུ་ཆུང་ཆུང་ཞིག་ཡིན་ཡང་། ཉིན་གསོག་ཟླ་གསོག་བྱེད་ཡོང་དུས་ཇེ་ཆེ་འགྱུར་ངེས་སོ། །དེའི་རྐྱེན་གྱིས་བར་ཁྱད་ཀྱི་སྤྱི་བསྡོམས་དེ་དུས་མ་ཡིན་པ་ལ་མངོན་པར་འགྱུར་བས། ནུས་པ་དགུ་ཡིས་རྗེས་ཆོད་པར་གྱིས། ཁྱོད་ཀྱིས་ཞིབ་རྟོག སློབ་སྦྱོང་། བསམ་གཞིག་དང་སྤྱི་སྡོམ་འཇོན་དགོས་པ་ལས། དེ་ལ་ཁྱོད་གཏན་ནས་གཡོལ་མི་རུང་། ད་རུང་སྣ་གཅིག་འབད་བརྩོན་གྱིས་སྡུག་རུས་བྱེད་ཅིང་། མགོ་ཐོག་ནས་བརྫི་ན་ཡང་ལམ་ལ་མི་བལྟ་བ་ནི་གཏན་ནས་མི་འགྲིག་པས། །འདི་ལྟར་མི་ཞིག་གིས་ནམ་དུ་ཡང་གོམ་པ་དང་མའི་བགྲོད་ལམ་དུ་སྤོ་ན། སང་ཉིན་ཡང་དེ་རིང་དང་ཁ་སང་གི་གཏམ་རྒྱུད་རྙིང་པ་བསྐྱར་ཟློས་བྱེད་པ་ངེས་སོ། །

     ལེགས་གྲུབ་ཀྱི་སྒྲིག་སྲོལ་དེ་འདྲ་གསལ་པོ་ཞིག་མི་དགོས། ཆེས་མཐོའི་གོ་རྟོགས་དང་མཐིལ་རྟོགས་ནུས་པ་དང་། བར་ཁྱད་དང་འདེམས་རྩོད་ལ་གདོང་གཏད་ཐུབ་པ། དུས་ཐོག་ཏུ་སེམས་ཁམས་སྙོམས་སྒྲིག་ནུས་པ། རང་ཉིད་ཀྱི་ཡིད་རྟོན་བརྟན་པོར་བྱེད་པ། སྒེར་ཚུགས་བསམ་གཞིག་ནུས་པ། ཕྱོགས་མང་གཤིབ་བསྡུར་ཐུབ་པ། སྟབས་བསྟུན་བསྒྱུར་བཅོས་བྱེད་ཤེས་པ་བཅས་ཁྱོད་ལ་འཛོམས་དགོས་ཏེ། འདི་དག་ནི་ངའི་སེམས་གྱི་ལམ་རིམ་ཡིན་པའི་ཕྱིར། ངའི་དེ་རིང་གི་གྲུབ་འབྲས་འདི་དག་ནི་ཆེས་དམའ་རིམ་ནས་བསྒྲུབས་ཤིང་འབད་བརྩོད་ལྷོད་མེད་བྱས་པའི་འབྲས་བུ་ཡིན་ལ། དེའི་རྐྱེན་གྱིས། མི་ཕལ་བ་བྱ་རྒྱུ་ནི་དེ་འདྲའི་སྐྱོ་དགོས་པ་ཞིག་མིན་ལ། མི་ཕལ་བ་ནས་མགོ་བཟུང་བའི་དཔའ་སྤོབས་མེད་པ་དེ་ཆེས་སྐྱོ་དགོས་པ་ཞིག་གོ། །

    ངའི་རེ་བ་ལ། སང་ཉིན་ཁྱོད་ཚད་ལྡན་གྱི་སེམས་ཁམས་ཤིག་གིས་རང་གི་ལས་ཀ་ལ་བལྟ་ཞིང་། རང་ཉིད་ཀྱི་ལས་སྒྲུབ་ལ་དགའ་སྤྲོ་དང་ནན་ཏན་གྱིས་ལྟོས་ཤིག འོ་ཡ། ཁྱོད་སང་ཉིན་དུས་ཚོད་ལྟར་སྤྱི་གཉེར་དུ་ལས་འཚོགས་སུ་ཐོན་ཡོང་པ་ང་ཡིད་ཆེས་ཡོད།  

 ཁྱོད་ལ་དགའ་བའི་ཨ་ཕ་ནས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b80e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41106913
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1