༢༠༢༡ལོའི་ཁཱ་ཤཱིའི་ཤེས་རིག་ཡར་སྐུལ་གཟེངས་རྟགས་མཛད་སྒོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »༢༠༢༡ལོའི་ཁཱ་ཤཱིའི་ཤེས་རིག་ཡར་སྐུལ་གཟེངས་རྟགས་མཛད་སྒོ།
༢༠༢༡ལོའི་ཁཱ་ཤཱིའི་ཤེས་རིག་ཡར་སྐུལ་གཟེངས་རྟགས་མཛད་སྒོ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2021/2/12ལྟ་ཀློག (29276)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     དེ་རིང་༢༠༢༡ལོའི་ཟླ་༢པའི་ཚེས་༡༢དང་བོད་ཀྱི་ལོ་སར་གྱི་ཚེས་གཅིག་ཉིན་འདི་ལ་ཁཱ་ཤཱིའི“རེ་བའི་སྐར་ཚོམས་མི་རབས་གསར་པའི་དཔེ་བཟང་མི་སྣ”ལ་ཤེས་རིག་ཡར་སྐུལ་གཟེངས་རྟགས་འབུལ་བའི་མཛད་སྒོ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་བློན་ཚང་ཡུལ་ཚོའི་ཁཱ་ཤཱི་དགོན་བཀྲ་ཤིས་དགེ་འཕེལ་བསམ་གཏན་གླིང་དུ་བསྡུས།

2021藏歷新年卡西村「希望之星,新一代楷模」頒獎盛典




༢༠༢༡ལོར་ཁཱ་ཤཱིའི་ཤེས་རིག་ཡར་སྐུལ་བྱ་དགའ་

ཐོབ་མཁན་གྱི་མིང་ཐོ།

༡ བློ་བཟང་ཐོགས་མེད། ཁཱ་ཤཱིའི་ངང་བ་སང་། ཁཱ་ཤཱི་དགོན་བཀྲ་ཤིས་དགེ་འཕེལ་བསམ་གཏན་གླིང་གི་རྒྱུན་བཞུགས་ཀུན་སྤྱོད་བྱ་དགའ་ཐོབ།

༢ བློ་བཟང་ཡོན་ཏན། ཁཱ་ཤཱིའི་ཡོ་སང་། གྲྭ་ས་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་ནས་ཀུན་སྤྱོད་བྱ་དགའ་ཐོབ།

༣ བློ་བཟང་དབྱིག་གཉེན།  ཁཱ་ཤཱིའི་གདོང་སང་། གྲྭ་ས་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་ནས་ཀུན་སྤྱོད་བྱ་དགའ་ཐོབ།

༤ བློ་བཟང་བྱམས་པ། ཁཱ་ཤཱིའི་བར་སྐོར་སང་། གྲྭ་ས་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་ནས་ཀུན་སྤྱོད་བྱ་དགའ་ཐོབ།

༥ འཇིགས་གོ       ཁཱ་ཤཱིའི་གྲོང་སྨད་སང་།  བོད་ལྗོངས་སློབ་ཆེན།[西藏大学]ཞིབ་འཇུག་སློབ་མ།

༦ མང་དགའ། ཁཱ་ཤཱིའི་ཤར་ཁ་སང་། ལྷོ་ནུབ་མི་རིགས་སློབ་ཆེན།[西南民族大学]ཞིབ་འཇུག་སློབ་མ།

༧ ལྷ་སྐྱིད། ཤར་ཁ་སང་།     རྔ་བའི་དགེ་ཐོན་སློབ་ཆེན།[阿坝师范学院]དངོས་གཞི་སློབ་མ།

༨ ཆོས་སྒྲོན། འབའ་སང་།    རྔ་བའི་དགེ་ཐོན་སློབ་ཆེན།[阿坝师范学院]དངོས་གཞི་སློབ་མ།

༩ ཚེ་སྐྱིད།   སངས་རྒྱམ་སང་ངམ་ཧོར་སང་།    ལྷོ་ནུབ་མི་རིགས་སློབ་ཆེན།[西南民族大学]དངོས་གཞི་སློབ་མ།

༡༠ དངོས་གྲུབ་མཚོ། ཁང་སར་སང་། ལྷོ་ནུབ་མི་རིགས་སློབ་ཆེན།[西南民族大学]དངོས་གཞི་སློབ་མ།

༡༡ བསྟན་འཛིན་ཆོས་དར། ཟླ་དོན་སང་། སི་ཁྲོན་མི་རིགས་སློབ་གླིང་།[四川民族学院]དངོས་གཞི་སློབ་མ།


གསལ་བཤད།

      བྱ་དགའ་ཐོབ་མཁན་དག་ལས་རྒྱུན་བཞུགས་ཀུན་སྤྱོད་བྱ་དགའ་ཐོབ་མཁན་བློ་བཟང་ཐོགས་མེད་ལ་སྒོར་༥༠༠དང་ཤམ་ཐབས་ཁ་བཏགས་གཟེངས་བྱང་སོགས་ཕུལ་བ་དང་། བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་ལ་རྒྱུགས་འཕྲོད་པའི་ཁཱ་ཤཱིའི་གྲོང་སྨད་སང་གི་འཇིགས་གོ་ལ་སྒོར་༥༠༠དང་གཟེངས་བྱང་ཁ་བཏགས་སོགས་ཕུལ་བ་མ་ཟད། ཁཱ་ཤཱིའི་ཤར་ཁ་སང་གི་མང་དགས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་ལ་རྒྱུགས་འཕྲོད་པས་སྒོར་༥༠༠དང་ཁ་བཏགས་བསྟོད་བྱང་སོགས་ཕུལ་རྗེས་གཞན་བྱ་དགའ་ཐོབ་མཁན་ཡོངས་ལ་དམངས་སྒོར་༣༠༠རེ་དང་བསྟོད་བྱང་ཁ་བཏགས་སོགས་ཕུལ་བ་ཡིན།


ཁཱ་ཤཱིའི་ལས་བྱེད་ཚོགས་པའི་ཞལ་འདེབས་མིང་ཐོ།

༡.ཚེ་གོ༡༠༠  ༢.ཆོས་དར༼ཆུང་།༽ ༡༠༠  ༣.ཡིད་བཞིན།༡༠༠  ༤.བསོད་དཔལ།༡༠༠   ༥.བུ་གཡང་རྒྱལ་མེ།༡༠༠   ༦.འབྲས་པོ།༡༠༠   ༧.ཨ་འཛོམས་ཚེ་པོ།༡༠༠   ༨.བསོད་ནམས་སྐྱིད༼བསོད་པེ༽༡༠༠   ༩.རྡོར་པོ། ༡༠༠   ༡༠.ཕུན་ཚོགས་སྒྲོལ་མ།༡༠༠   ༡༡.ཆོས་དར༼ཆེ༽ ༡༠༠   ༡༢.བསོད་ནམས་སྐྱིད།༡༠༠   ༡༣.གཡུང་ཚུལ།༡༠༠   ༡༤.འབྲུག་རྒྱལ།༡༠༠   ༡༥.གྲོང་སྨད་ཚེ་གོ༡༠༠   ༡༦.དཀོན་པེ།༡༠༠   ༡༧.གངས་ལྷ།༡༠༠   ༡༨.དཀོན་གོ༡༠༠   ༡༩.འཇམ་དབྱངས་སྒྲོན།༡༠༠   ༢༠.ཚེ་རིང་ལྷ་མོ།༡༠༠   ༢༡.ཚེ་དཔལ་སྐྱིད།༡༠༠   ༢༢.སྒྲོལ་དཀར་སྐྱིད།༡༠༠   ༢༣.འབྱོར་ཕྱུག༡༠༠   ༢༤.ཚུལ་ཁོ།༡༠༠ ཁྱོན་བསྡོམས་སྒོར༢༤༠༠ཡོད།

    ཕ་མཐའ་དོན་ཁོ་དང་ཁཱ་ཤེར་གཉིས་ཀྱིས་སྒོར་༡༥༦༦དང་གྲྭ་པའི་བྱ་དགའི་ན་བཟའ་དང་ཁ་བཏགས་སོགས་ཞལ་འདེབས་བྱས།

    གྲོང་སྨད་དཀོན་པེས་བྱ་དགའི་བསྟོད་བྱང་སོགས་ཀྱི་རིན་ལ་སྒོར༣༧༠ཞལ་འདེབས་བྱས། 

     གནམ་ལོ་གསར་ཚེས་ཀྱི་ཉིན་བཟང་སྐལ་བཟང་དང་སྤྱི་ལོ་༢༠༢༡ལོའི་ལོ་སར་གྱི་ཚེས་གཅིག་ཉིན་ཁཱ་ཤཱི་དགོན་དམངས་གཙོའི་དོ་དམ་ཨུ་ཡོན་ལྷན་ཁང་དང་ཁཱ་ཤཱིའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་ཁཱ་ཤཱིའི“རེ་བའི་སྐར་ཚོམས་མི་རབས་གསར་པའི་དཔེ་བཟང་མི་སྣ”ལ་ཤེས་རིག་ཡར་སྐུལ་གཟེངས་རྟགས་འབུལ་བའི་མཛད་སྒོའི་བྱ་འགུལ་རྒྱལ་ཁ་དང་གཟི་བརྗིད་ངང་མཇུག་བསྡུས་པ་ཡིན་པས་ཚང་མ་བཀྲ་ཤིས་བདེ་ལེགས་ཞུ།

ཁཱ་ཤཱིའི་ཤེས་རིག་ཡར་སྐུལ་གཟེངས་རྟགས་འབུལ་བའི་འགན་འཛིན་པ་དག་གི་མིང་ཐོ།

ཁཱ་ཤེས་རབ་རྒྱ་མཚོ། འཇམ་དཔལ། དར་རྒྱས། དཀོན་པེ། བཀྲ་བྷོ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
52t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41170067
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1