རྭ་རྒྱའི་བཀའ་འགྱུར་ཁྲོད་ཀྱི་དཔའ་བར་འགྲོ་བའི་མདོའི་ཆོས་སྦྱིན་མཛད་སྒོ།
༢༠༢༡ལོའི་སྤྱི་ཟླ་༡༢པའི་ཚེས་༡༣ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱིས་ལས་འགན་བླངས་ཤིང་། ཁཱ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་གཙོ་འགན་ཁུར་དུ་བཞེས་པ་དང་། མགར་སྤྲུལ་ངག་དབང་ཡོན་ཏན་རིན་ཆེན་མཆོག་གིས་དཔལ་འབྱོར་གྱི་མཐུན་རྐྱེན་ཡོངས་སུ་སྦྱར་ནས་པར་དུ་སྐྲུན་བཞིན་པའི་རྭ་རྒྱའི་བཀའ་འགྱུར་ཁྲོད་ཀྱི་༼དཔའ་བར་འགྲོ་བའི་མདོ༽པར་སྐྲུན་ལེགས་འགྲུབ་བྱུང་བའི་ཆོས་སྦྱིན་མཛད་སྒོ་རྭ་རྒྱ་དགོན་དུ་གཟབ་རྒྱས་ངང་སྤེལ་ཞིང་། ཐེངས་འདིའི་མཛད་སྒོའི་རིམ་པ་སྔ་ཕྱི་ཀུན་ལ་རྭ་རྒྱ་དགོན་གཞུང་གིས་འགན་ཡོངས་སུ་བླངས་ནས་གོ་སྒྲིག་ཞུས་པར་མ་ཟད། རྭ་རྒྱ་དགོན་གཞུང་དང་འབྲེལ་བ་ཡོད་པའི་དགོན་པ་ལྔ་བཅུ་ཙམ་གྱི་འཐུས་ཚབ་མི་སྣ་ཆེད་དུ་གདན་ཞུས་གནང་།
མཛད་རིམ་དང་པོ། འགོ་འཛིན་པས་ཕྱོགས་སོ་སོ་ནས་ཕེབས་པའི་བླ་སྤྲུལ་དགེ་བའི་གཤེས་གཉེན་རྣམ་པ་དང་དགོན་སྡེའི་འཐུས་ཚབ་པ་རྣམས་ལ་འཚམས་འདྲི་ཞུ་བ་དང་མཛད་སྒོའི་གོ་རིམ་བཤད་པ།
མཛད་རིམ་གཉིས་པ། སྐྱབས་རྗེ་ཨ་ལགས༧གཙོ་རི་རིན་པོ་ཆེ་དང་བསྟན་པའི་སྦྱིན་བདག༧མགར་སྤྲུལ་ངག་དབང་ཡོན་ཏན་རིན་ཆེན་གཉིས་ཀྱིས་རྭ་རྒྱའི་བཀའ་འགྱུར་ཁྲོད་ཀྱི་དཔའ་བར་འགྲོ་བའི་མདོ་དང་དཔའ་བར་འགྲོ་བའི་མདོ་ཏིང་ངེ་འཛིན་གྱི་གླེགས་བམ་གྱི་ཞལ་འབྱེད་བྱས་པ།
མཛད་རིམ་གསུམ་པ། དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་ནས་རྭ་རྒྱའི་བཀའ་འགྱུར་གསར་རྙེད་ཀྱི་ཕྱོགས་ནས་གསུང་བཤད་གནང་བ།
མཛད་རིམ་བཞི་བ། རྭ་རྒྱ་དགོན་གཞུང་ནས་སྦྱིན་བདག་ཆེན་མོ་༧ མགར་སྤྲུལ་ཡོན་ཏན་རིན་ཆེན་དང་ལས་དཔོན་ཁཱ་ཤེས་རབ་རྒྱ་མཚོ་གཉིས་ལ་བཀའ་དྲིན་མཚོན་པའི་ལེགས་སྐྱེས་ཕུལ་བ།
མཛད་རིམ་ལྔ་བ། བཀའ་འགྱུར་ཆེན་མོའི་སྦྱིན་བདག་མགར་སྤྲུལ་ངག་དབང་ཡོན་ཏན་རིན་ཆེན་ལགས་ནས་གསུང་བཤད་གནང་བ།
མཛད་རིམ་དྲུག་པ། གསོལ་ཚིགས་བཞེས་པ།
མཛད་རིམ་བདུན་པ། མཚོ་སྔོན་ཞིང་ཆེན་དགེ་ལས་སྤྱིའི་ཚོགས་པའི་ཐོན་མི་སཾ་བྷོ་ཊ་ཐེབས་རྩའི་ཚོགས་གཙོ། བཀའ་འགྱུར་པར་བསྐྲུན་གྱི་ལས་དཔོན་ཁཱ་ཤེས་རབ་རྒྱ་མཚོས་རྭ་རྒྱའི་བཀའ་འགྱུར་པར་སྐྲུན་གྱི་བརྒྱུད་རིམ་དང་ཁོས་དཔའ་བར་འགྲོ་བའི་མདོ་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་སྙན་ཞུ་ཕུལ།
མཛད་རིམ་བརྒྱད་པ། མཁན་ཟུར་འཇམ་དབྱངས་བསྟན་འཛིན་མཆོག་ནས་གདན་འདྲེན་ཞུས་ཡོད་པའི་དགོན་པ་དག་དང་དགོན་ལག་དག་གདན་འདྲེན་ཞུ་དགོས་པའི་རྒྱུ་མཚན་དང་འབྲེལ་བའི་སྐོར་གསུང་བཤད་གནང་།
མཛད་རིམ་དགུ་པ། མཛད་སྒོའི་སྟེང་ཞུགས་པའི་ཕྱོགས་སོ་སོའི་བླ་མ་དགེ་བཤེས་གཙོས་སྐུ་མགྲོན་རྣམས་ལ་དཔའ་བར་འགྲོ་བའི་མདོའི་ལེགས་སྐྱེས་ཕུལ་ནས་མཉམ་པར་བསྒྲོན་ཏེ་མཇུག་བདེ་བླག་ངང་བསྡུས་སོ། །
དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་གསུང་བཤད་གནང་པ།
མགར་སྤྲུལ་ངག་དབང་ཡོན་ཏན་རིན་ཆེན་གྱིས་གསུང་བཤད་གནང་།
ཁཱ་ཤེས་རབ་རྒྱ་མཚོས་གསུང་བཤད་གནང་།
ཚོགས་རའི་ཟུར་ངོས།
དྲན་རྟེན་མཉམ་པར་བསྒྲོན་པ།
གསར་འགོད་པ། འབའ་སྣང་གྲོལ།
|