ཀ་ཕྲེང་ཆང་གི་ཉེས་པ་གླེང་བའི་གཏམ་དམར་རྗེན་མ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 9 ཚེས 29 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ཀ་ཕྲེང་ཆང་གི་ཉེས་པ་གླེང་བའི་གཏམ་དམར་རྗེན་མ།
ཀ་ཕྲེང་ཆང་གི་ཉེས་པ་གླེང་བའི་གཏམ་དམར་རྗེན་མ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2022/4/5ལྟ་ཀློག (5467)རྩོམ་ཁུངས: ངེད་དྲ་བ།

ཀ་ཕྲེང་ཆང་གི་ཉེས་པ་གླེང་བའི་གཏམ་དམར་རྗེན་མ།

ཐེ་བོ་དཀོན་སེང་སེང་།

ཀྭ་ཡེ་མཛའ་གྲོགས་ཕོག་ཐུག་ཆང་གིས་བཏང་།།
ཁ་ངན་ཚིག་རྩུབ་མཚོན་ཆ་ཆང་གིས་བཤམས།།
ག་ཤད་འགྲོ་འདུག་ནོར་བ་ཆང་གིས་བཟོས།།
ང་ཚོའི་གོམས་སྲོལ་བཟང་ཀུན་ཆང་གིས་བརླགས།།
དེའི་ཕྱིེར་ཆང་འདི་ཉེས་པ་ཀུན་གྱི་གཞི།།

ཅ་ཅོའི་གཏམ་འཆལ་ཐམས་ཅད་ཆང་གིས་བཤད།།
ཆ་ཆོལ་སྤྱོད་ངན་རིགས་ཀུན་ཆང་གིས་སྟོན།།
ཇ་ཕོར་རྒྱུ་དངོས་འགངས་ཆེན་ཆང་གིས་བཅག།
ཉ་ཆུའི་བརྩེ་བའི་མཐུན་ལམ་ཆང་གིས་གཏོར།།
དེའི་ཕྱིར་ཆང་འདི་ཉེས་པ་ཀུན་གྱི་གཞི།།

ཏཱ་རིན་མི་ཆེན་གོ་གནས་ཆང་གིས་ཤོར།།
ཐ་ཆད་སྡུག་ཡུས་སྨྲེ་ངག་ཆང་གིས་འདོན།།
ད་ལོའི་འཆར་གཞི་ཡོད་ཚད་ཆང་གིས་བཅོམ།།
ན་ནིང་ཆག་སྒོ་མང་པོ་ཆང་གིས་བསླངས།།
དེའི་ཕྱིར་ཆང་འདི་ཉེས་པ་ཀུན་གྱི་གཞི།།

པ་ཕ་ཨ་མའི་བཟའ་ཐོར་ཆང་གིས་བྱས།།
ཕ་ཁྱིམ་དྲོད་འཁོལ་ཆང་གིས་མེད་པར་བཟོས།།
བ་ཞོའི་རིན་ཐང་ཐམས་ཅད་ཆང་གིས་བསླད།།
མ་རབས་སྐྱོན་མཚང་ཡོངས་རྫོགས་ཆང་གིས་བསུ།།
དེའི་ཕྱིར་ཆང་འདི་ཉེས་པ་ཀུན་གྱི་གཞི།།

ཙག་ཙིག་ཤེས་པ་ཐམས་ཅད་ཆང་གིས་བརྗེད།།
ཚ་རེག་འཕྲལ་གྱི་རྐྱེན་ངན་ཆང་གིས་འདྲེན།།
ཛ་ཡི་བསྟན་པའི་ཞབས་འདྲེན་ཆང་གིས་ཞུ།།
ཝ་ལེར་ཞེ་འཁོན་མེ་ལྕེ་ཆང་གིས་སྦར།།
དེའི་ཕྱིར་ཆང་འདི་ཉེས་པ་ཀུན་གྱི་གཞི།།

ཞ་བོ་ཐེང་བོ་རང་ལུས་ཆང་གིས་བཟོས།།
ཟ་ཟིའི་དོན་མེད་ཉིན་མཚན་ཆང་གིས་འདའ།།
འ་འུར་ཆགས་སྡང་སྡིག་པ་ཆང་གིས་བསགས།།
ཡ་སོ་ཅན་གྱི་ཁྱུ་ལ་ཆང་གིས་ལྷུང་།།
དེའི་ཕྱིར་ཆང་འདི་ཉེས་པ་ཀྱི་གཞི།།

ར་མ་ལུག་གི་ལབ་བརྡོལ་ཆང་གིས་འབྱིན།།
ལ་ལུང་རླངས་འཁོར་གཡང་སར་ཆང་གིས་ལྕེབས།།
ཤ་ཉེ་སྤུན་མཆེད་ནང་འཁྲུག་ཆང་གིས་བཟོ།།
ས་སྟེང་སྐྱེ་བོ་ཕལ་ཆེ་ཆང་གིས་བརྫད།།
དེའི་ཕྱིར་ཆང་འདི་ཉེསཔ་ཀུན་གྱི་གཞི།།

ཧ་ཧ་སྡར་མས་དཔའ་སྐད་ཆང་གིས་བསྒྲགས།།
ཨ་ཚ་ཨ་ནས་རྨས་ཤི་ཆང་གིས་ཐེབས།།
ཧ་ལམ་ཆང་གི་ཉེས་པ་མདོར་འདུས་ཙམ།།
ཨ་ཁུས་བསམ་གཞིག་ངང་ནས་འདི་ཙམ་ཐལ།།
དེའི་ཕྱིར་བཏུང་རིགས་ཆང་ལ་འཛེམ་ན་ལེགས།།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
vsky བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
31124071
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1