《སྟོན་ཁ》སོགས་སྙན་ངག་ཚན་པ་བཞི། གྱང་ཆག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »《སྟོན་ཁ》སོགས་སྙན་ངག་ཚན་པ་བཞི། གྱང་ཆག
《སྟོན་ཁ》སོགས་སྙན་ངག་ཚན་པ་བཞི། གྱང་ཆག
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2023/11/2ལྟ་ཀློག (12094)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྩྭ་ཐང་གི་རླུང་བུ།

          གྱང་ཆག 〔ཡུལ་ཤུལ〕

ལྷིང་འཇགས་ཀྱིས་མཐའ་བྲལ་བའི་རྨི་ལམ་གཤོག་པས་བཏེགས
རྩྭ་ཐང་གི་རླུང་བུས་སྐྱོ་ངལ་གྱི་ན་བུན་འཕྲེད་དུ་བཅད

རྒྱུས་ཡོད་ཀྱི་ས་ཆ་འདི་ནས 
ངས་རྩྭ་ཐང་གི་རླུང་བུར་སྨོན་ལམ་བཏབ

མཚན་ཆར་རེ་རེ་རྩྭ་གསེང་ལ་ལྷུང་ཤུལ་དུ
རེའུ་ལྕག་མེ་ཏོག་གི་མཛེས་སྡུག་དང་གཏམ་རྒྱུད་ཁ་ཤས
རྩྭ་ཐང་གི་རླུང་བུ་དང་ལྷན་དུ་ཁོད་ཡངས་ལ་ཡང་ཡང་འཕུར

རྩྭ་ཐང་གི་རླུང་བུ  ཧ་ཅང་ཞི་འཇམ་ངང་ལྡང་བས
ངའི་སེམས་པའི་ངོགས་སུ་དབྱར་ཁ་དང་མེ་ཏོག་གཞན་ཞིག་སྨིན
རྩྭ་ཐང་གི་རླུང་བུ  ཤིན་ཏུ་ཡིད་འོང་སྒོས་ལྡང་བས
ངའི་སྐྲ་ལོ་དང་གྲོམ་འགྲོས་མཛེས་པར་བཏང

དབྱར་དགུན་སྟོན་དཔྱིད་ཀྱི་ཁ་དོག་གཞི་གཅིག་ཏུ་བསྲེས་པའི་རྩྭ་ཐང་གི་རླུང་བུ   
མ་འོངས་པའི་ནམ་མཁའ་དང་རྨི་ལམ་ནང་དྲག་ཏུ་ལྡང

      ༢༠༢༣-༧-༢༤ཨག་ཆུའི་འགྲམ་དུ།

        《རྔ་བའི་ཚགས་པར》དུ་བཀོད།


སྐར་མ་སྨིན་དྲུག  


ཟླ་བདུན་པའི་མཚན་ལྗོངས་ཀྱི་ལྷིང་འཇགས་ཟོམ་གང
སྒོ་ཁྱིའི་ཟུག་སྐད་ལྷང་ལྷང་གིས་དཀྲོགས་སོང
དབྱར་གཞུང་གི་སྐྱོ་ངལ་ཐ་དག
སྐར་མ་སྨིན་དྲུག་གི་མངའ་ཐང་དུ་གཤར


དྲན་ཚུལ་ཞིག་ལ་ངས་སྨིན་དྲུག་གི་གཤོག་བར་ནས
སྙན་ངག་དང་རྨི་ལམ་བསྒྲུགས་མྱོང
དྲན་ཚུལ་ཞིག་ལ་ངས་མཚན་སྨག་དང
ཆར་རླུང་གི་རྔམས་ཁ་བརྒལ་མྱོང


    ༢༠༢༣-༧-༢༠མཐོ་གཞུང་དུ་བྲིས།
   ༢༠༢༣-༩-༡༦ཀན་ལྷོའི་ཚགས་པར་དུ་བཀོད།


ཁེར་རྐྱང་ཀློག་པ།


མགོ་བོ་དགྱེས་ནས་བལྟས་ན
ནམ་མཁའ་འདི་ལྷིང་ཞིང་འཇགས
གནམ་འོག་ནས་ཐུར་དུ་དཔྱངས་པའི་ཟླ་འོད་ཀྱི་སྣེ་རུ
ཁེར་རྐྱང་གི་ཞེ་རྩ་འཁྱག་སིབ་སིབ།
མཚམས་མཚམས་སུ་ལྡང་བའི་རླུང་བུ་དག
ཉིན་མཚན་གྱི་རྨ་ཁ་དང་སྨྲེང་བ་ཆགས


རས་གར་གྱི་ཐོག་ཏུ་ལྷུངས་པའི་ཆར་ཐིགས་ཀྱི་སྒྲ་ལས
མཚན་ཐོག་ཐག་ཅིག་གི་རྨི་ལམ་དང་ཆོ་འཕྲུལ་དུམ་བར་ཆག
དུར་ཁྲོད་ཀྱི་རྡོ་འབུམ་འཁྲིས་སུ་མཆེད་པའི་ཝ་མོའི་ངུ་སྐད་ལས
རོ་ལངས་ཀྱི་རང་རྣམ་དང་ཁེར་རྐྱང་འཐོར
             
འདི་ནི་སྤྱིར་བཏང་བའི་ཁེར་རྐྱང་གི་མཚན་མོ་ཞིག་གོ
འདི་ནི་སྐྱོ་གར་གྱིས་རྨས་པའི་ཁེར་རྐྱང་གི་ནང་སེམས་དང་དྲན་གདུང་ངོ


༢༠༢༣-༧-༢༥རྩྭ་ཐང་དུ་གྲུབ།
༢༠༢༣-༨-༡༡རྔ་བའི་གསར་འགྱུར་ཚགས་པར་དུ་བཀོད།


སྟོན་ཁ། 


          གྱང་ཆག〔ཡུལ་ཤུལ〕


སེར་ཐིག་ལྷུང་བའི་ལོ་མ་རེ་རེའི་རྨི་ལམ
དུར་ཁྲོད་ལྟ་བུའི་སྟོན་གྱི་དུས་ཚིགས་ནང་དུམ་བུར་ཆག


ནང་སེམས་སྐྱོ་བས་བཏེགས་པའི་ཁེར་རྐྱང་གི་སྙན་ངག
ཉིན་མཚན་གྱི་གསང་བའི་རྩེ་ན་ཚག་ཚག་འབར


སྐྱེ་འཆིའི་གཏམ་རྒྱུད་ཤོང་བའི་རོ་སྒམ་གྱི་མཐའ་ན
དུས་ཚིགས་ཤིག་གི་སྡུག་བསྔལ་གྱིས་གྲུབ་བའི་མེ་ཏོག་ཁྲུ་གང་བཞད


༢༠༢༣-༨-༡༢
༢༠༢༣-༩-༢༠《བོད་ལྗོང་ཉིན་རེའི་ཚགས་པར》་དུ་བཀོད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41461602
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1