ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་ལ་མཇལ་འཕྲད་གནང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 30 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་ལ་མཇལ་འཕྲད་གནང་།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2023/11/19ལྟ་ཀློག (20023)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ས་དེའི་དུས་ཚོད་ཟླ11པའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་གྲོང་ཁྱེར་ཅིག་ཅིན་ཧྲན་གྱི་ཧྥེ་ལའོ་ལིས་གཞིས་ཀ་རུ། ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་དང་ལྷན་དུ། ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་བར་གྱི་མཇལ་འཕྲད་སྤེལ།  རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ནས། ལྷག་བསམ་ཟོལ་མེད་སྒོས་དགོངས་འཆར་བརྗེ་རེས་ཟབ་མོ་གནང་།

ས་དེའི་དུས་ཚོད་ཟླ11པའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་གྲོང་ཁྱེར་ཅིག་ཅིན་ཧྲན་གྱི་ཧྥེ་ལའོ་ལིས་གཞིས་ཀ་རུ། ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་དང་ལྷན་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་བར་གྱི་མཇལ་འཕྲད་སྤེལ།

ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་འདི་ཉིད་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་འཕྲད་ཡོད། གནས་སྟངས་འདི་འདྲའི་འོག་ཏུ། ཀྲུང་གོ་དང་ཨ་མེ་རི་ཁའི་བར་གདམ་ག་གཉིས་མ་གཏོགས་མེད་དེ། གཅིག་ནི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་དུ་ལག་གདང་སྦྲེལ་ནས་འཛམ་གླིང་ཧྲིལ་བོའི་འགྲན་སློང་ལ་ཁ་གཏད་འཇལ་ཏེ། འཛམ་གླིང་གི་བདེ་འཇགས་དང་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ལ། ཅིག་ཤོས་ནི་རྒྱལ་ཕམ་རྩོད་པའི་བསམ་བློ་བཅངས་ནས། དཔུང་ཁག་ཕན་ཚུན་ཁ་གཏད་དུ་ལངས་ཏེ་འཛམ་གླིང་འདི་ཉིད་ཟང་ཟིང་དང་ཁ་བྲལ་གྱི་ཕྱོགས་སུ་འཕེལ་བར་བྱེད་རྒྱུ་དེ་ཡིན། གདམ་གསེས་རིགས་གཉིས་ཀས་ཁ་ཕྱོགས་གཉིས་མཚོན་ཡོད་ཅིང་། དེས་མིའི་རིགས་ཀྱི་མདུན་ལམ་དང་འཛམ་གླིང་གི་མ་འོངས་པ་ཐག་གཅོད་བྱེད་ཐུབ། འཛམ་གླིང་གི་ངོས་ནས་བཤད་ན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེར་རྒྱབ་ལྗོངས་ཆེན་པོ་འདི་འདྲའི་འོག་ཏུ་བསམ་གཞིག་དང་ཇུས་འགོད་བྱེད་དགོས། ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་འདྲིས་མ་བྱས་ན་མི་འགྲིག་ཅིང་། ཕ་རོལ་བ་རང་གི་འདོད་པ་ལྟར་བསྒྱུར་འདོད་པ་དེ་དོན་དངོས་དང་མི་མཐུན་ལ། འགལ་ཟླ་དང་འགྲན་རྒོལ་གྱི་མཇུག་འབྲས་ནི་ཕར་ཚུར་གང་གིས་ཀྱང་ཐེག་མི་ཐུབ། རྒྱལ་ཁབ་ཆེན་པོའི་འགྲན་རྩོད་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་འཕྲད་པའི་གནད་དོན་ཐག་གཅོད་བྱེད་མི་ཐུབ། སའི་གོ་ལ་འདིའི་སྟེང་དུ་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་མཉམ་གནས་བྱེད་ཐུབ་ལ། ཀྲུང་གོ་དང་ཨ་མེ་རི་ཁ་སོ་སོར་ཐོབ་པའི་གྲུབ་འབྲས་ནི་ཕན་ཚུན་གྱི་གོ་སྐབས་ཤིག་ཀྱང་ཡིན་ཞེས་གསུངས།

ས་དེའི་དུས་ཚོད་ཟླ11པའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་གྲོང་ཁྱེར་ཅིག་ཅིན་ཧྲན་གྱི་ཧྥེ་ལའོ་ལིས་གཞིས་ཀ་རུ། ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་དང་ལྷན་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་བར་གྱི་མཇལ་འཕྲད་སྤེལ།

ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་ཁྱད་ཆོས་དང་ནང་དོན་གྱི་སྙིང་བོ། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་དང་འཐབ་ཇུས་ཀྱི་བསམ་འདུན་བཅས་རྒྱས་བཤད་གཏིང་ཟབ་གནང་། ཞི་ཅིན་ཕིང་གིས་ཀྲུང་གོ་འཕེལ་རྒྱས་གཏོང་བར་རང་ངོས་ཀྱི་གཏན་ཚིགས་དང་ཆོས་ཉིད་ཡོད་པས། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་འདི་ཉིད་མི་སེར་སྤེལ་བའི་འཕྲོག་བཅོམ་གྱི་ལམ་རྙིང་སྟེང་མི་ཞུགས་ལ། རྒྱལ་ཁབ་སྟོབས་ཆེ་རུ་ཕྱིན་ན་བཙན་དབང་བཀོལ་བའི་བགྲོད་ལམ་སྟེང་མི་ཞུགས་པ་དང་། རང་གི་འདུ་ཤེས་གཞན་ལ་བཙན་འགེལ་ཡང་མི་བྱེད། ཀྲུང་གོར་ཨ་མེ་རི་ཁ་ལས་བརྒལ་བའམ་ཡང་ན་དེའི་ཚབ་བྱེད་པའི་འཆར་གཞི་མེད་ལ། ཨ་མེ་རི་ཁར་ཡང་ཀྲུང་གོའི་མགོ་གནོན་པ་དང་བཀག་སྡོམ་བྱ་རྒྱུའི་བསམ་བློ་ཡོད་མི་རུང་ཞེས་གསུངས།

ས་དེའི་དུས་ཚོད་ཟླ11པའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་གྲོང་ཁྱེར་ཅིག་ཅིན་ཧྲན་གྱི་ཧྥེ་ལའོ་ལིས་གཞིས་ཀ་རུ། ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་དང་ལྷན་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་བར་གྱི་མཇལ་འཕྲད་སྤེལ།

ཞི་ཅིན་ཕིང་གིས་ཕན་ཚུན་བརྩི་འཇོག་དང་ཞི་བདེ། མཉམ་ལས་གཉིས་ཕན་བཅས་མངོན་འགྱུར་བྱ་རྒྱུ་ནི། ལོ་ངོ་ལྔ་བཅུའི་རིང་ལ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་བདམས་པའི་ཉམས་མྱོང་ཞིག་ཡིན་ལ། ལོ་རྒྱུས་སྟེང་གི་རྒྱལ་ཁབ་ཆེན་པོའི་གདོང་ཐུག་ལས་བསྐྱེད་པའི་བློ་སྒོ་ཞིག་ཀྱང་ཡིན་པས། ཀྲུང་གོ་དང་ཨ་རིའི་ཐུན་མོང་འབད་བརྩོན་གྱི་ཁ་ཕྱོགས་ཀྱང་ཡིན་འོས། ཐེངས་འདིའི་ཅིག་ཅིན་ཧྲན་གྱི་ཐུག་འཕྲད་ལས་ཀྲུང་གོ་དང་ཨ་རིར་འཆར་གཞི་གསར་བ་ཡོད་འོས་ལ། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཀ་ཆེན་ལྔ་བརྟན་པོར་འཛུགས་དགོས་ཏེ།

གཅིག་ནས་མཉམ་དུ་ཐུན་མོང་གི་ངོས་འཛིན་ཡང་དག་པ་འཛུགས་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་དང་བདེ་ཐང་། རྒྱུན་མཐུད་བཅས་ཀྱི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཛུགས་རྒྱུར་འབད་བཞིན་ཡོད་པ་དང་མཉམ་དུ། ཀྲུང་གོར་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་པའི་ཁེ་ཕན་དང་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་པའི་རྩ་དོན། ངེས་པར་དུ་བརྟན་སྲུང་བྱེད་དགོས་པའི་ཚད་མཐའ་བཅས་ཡོད། རྒྱལ་ཁབ་གཉིས་ཀས་ཟླ་གྲོགས་བཟང་བོ་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས་བྱ་རྒྱུའི་རེ་བ་ཡོད།

གཉིས་ནས་མཉམ་དུ་མི་མཐུན་པའི་ཆར་དོ་དམ་དང་ཚོད་འཛིན་ནུས་ལྡན་བྱེད་དགོས། འགལ་བ་དེ་རྒྱལ་ཁབ་གཉིས་ཀའི་བར་འཕྲེད་དུ་གཅོད་བྱེད་ཀྱི་འགལ་རྐྱེན་ཆེན་པོ་རུ་འགྱུར་མི་རུང་བར། ཐབས་ཤེས་བཏོན་ནས་མཐུན་ལམ་ཕྱོགས་སུ་སྙེག་སའི་ཟམ་པ་བསྐྲུན་དགོས། ཕྱོགས་གཉིས་ཀས་ཕན་ཚུན་བར་གྱི་རྩ་དོན་གྱི་ཚད་མཐའ་གསལ་རྟོགས་བྱས་ཏེ། རྙོག་དྲ་མི་བཟོ་བ་དང་དོན་དག་མེད་བཞིན་དུ་དོན་དག་མི་བཙལ་བ། མཚམས་ཚིགས་ལས་མི་བརྒལ་བར་བྱེད་པ། འབྲེལ་གཏུག་གང་མང་བྱེད་པ། ཕན་ཚུན་བར་གྲོས་མོལ་བྱེད་པ། གྲོས་བསྡུར་གང་མང་བྱེད་པ། ལྟ་བ་མི་མཐུན་པ་དང་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞི་ལྷོད་ངང་ཐག་གཅོད་བཅས་བྱེད་དགོས།

གསུམ་ནས་གཉིས་ཕན་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཨ་རིའི་བར་ཁྱབ་ཁོངས་མང་བོའི་ཁྲོད་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ངང་གནས་ཡོད་ཅིང་། དེའི་ཁྲོད་དུ་དཔལ་འབྱོར་ཚོང་དོན་དང་ཞིང་ལས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཚུད་ཡོད་ལ། གནམ་གཤིས་འགྱུར་ལྡོག་དང་མིས་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱང་འདུས་ཡོད། ཕྱོགས་གཉིས་ཀས་ཕྱི་འབྲེལ་དང་དཔལ་འབྱོར། དངུལ་རྩ། ཚོང་དོན། ཞིང་ལས་སོགས་ཁྱབ་ཁོངས་སུ་སླར་གསོ་དང་གསར་འཛུགས་བྱས་པའི་ལམ་སྲོལ་གང་ལེགས་སྒོས་སྤྱད་དེ། དུག་འགོག་དང་ཁྲིམས་འཛིན་ཁྲིམས་བསྟར། མིས་བཟོས་རིག་ནུས། ཚན་རྩལ་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་དགོས།

བཞི་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་དགོས། མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་དཀའ་ངལ་ཐག་གཅོད་པ་དེ་རྒྱལ་ཁབ་ཆེན་པོའི་མཉམ་ལས་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་དང་ཨ་མེ་རི་ཁས་མིག་དཔེ་བཟང་བོ་བསྟན་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས། འཛམ་གླིང་ཧྲིལ་པོར་སྤྱི་པའི་ཐོན་རྫས་སྔར་ལས་གང་མང་མཁོ་འདོན་བྱེད་དགོས། ཕྱོགས་གཉིས་ཀས་བཏོན་པའི་གྲོས་འགོར་ཕན་ཚུན་སོ་སོས་ཁོག་རྒྱ་ཡངས་པོ་བཅངས་དགོས་པ་དང་། དེར་མཐུན་སྦྱོར་འབྲེལ་མཐུད་བྱས་ནས་མཉམ་ཤུགས་གྲུབ་པར་བྱེད་དགོས།

ལྔ་ནས་མི་གཞུང་རིག་གནས་བརྗེ་རེས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་ཀའི་བར་གནམ་གྲུ་གཏོང་ཐེངས་ཇེ་མང་དུ་གཏོང་རྒྱུ་དང་། ཡུལ་སྐོར་མཉམ་ལས་ལ་སྐུལ་འདེད་གཏོང་བ། ས་གནས་བར་དུ་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གསོའི་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱིས་ཕན་ཚུན་བར་འགྲོ་འོང་གང་མང་དང་འབྲེལ་གཏུག་གང་མང་བྱེད་པར་སྐུལ་སློང་དང་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཐའེ་ཝན་གནད་དོན་ཐད་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་ཟབ་མོ་མཛད་དེ། ཐའེ་ཝན་གྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཁྲོད་ཀྱི་གལ་ཆེ་ཤོས་དང་ཚོར་བ་རྣོ་ཤོས་ཀྱི་གནད་དོན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས་པ་ལིས་གླིང་ཕྲན་དུ་མཇལ་འཕྲད་གནང་སྐབས་ཀྲུང་གོར་བསྟན་པའི་རྣམ་འགྱུར་ལ་མཐོང་ཆེན་བྱེད་ཀྱིན་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས“ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པའི་རྣམ་འགྱུར་དེ་ཞིབ་ཕྲའི་བྱ་སྤྱོད་ཀྱི་སྟེང་ནས་མཚོན་པར་བྱས་ཏེ། ཐའེ་ཝན་ལ་མཚོན་ཆ་བཙོང་མཚམས་འཇོག་རྒྱུ་དང་ཀྲུང་གོའི་ཞི་བདེ་གཅིག་གྱུར་ལ་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ནམ་ཡང་གཅིག་གྱུར་ཡིན་ལ། གཅིག་གྱུར་ཡོང་ངེས་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོར་ཕྱིར་གཏོང་ཚོད་འཛིན་དང་དངུལ་གཏོང་ཞིབ་བཤེར། ཕྱོགས་རྐྱང་པའི་བཀག་སྡོམ་བཅས་བྱས་ནས། ཀྲུང་གོ་ཕྱོགས་ཀྱི་ལུགས་མཐུན་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་གསར་གཏོད་ཀྱི་སྐུལ་ཁྲིད་ལ་བརྟེན་ཡོད་པས། ཀྲུང་གོའི་ཚན་རྩལ་གྱི་མགོ་གནོན་པ་ནི་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཀག་འགོག་བྱེད་པ་དང་ཀྲུང་གོའི་མི་དམངས་ཀྱི་འཕེལ་རྒྱས་དབང་ཆ་བཙན་འཕྲོག་བྱེད་པ་ཞིག་ཡིན། ཀྲུང་གོ་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བར་ནང་གནས་ཀྱི་གཏན་ཚིགས་ཡོད་པས། ཕྱིའི་སྟོབས་ཤུགས་ཀྱིས་བཀག་འགོག་བྱེད་མི་ཐུབ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་ལ་ལྟ་སྟངས་ནན་མོ་འཛིན་རྒྱུ་དང་ཕྱོགས་རྐྱང་པའི་བཀག་སྡོམ་མེད་པར་བཟོས་ནས། ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་ལུགས་མཐུན། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཁོར་ཡུག་བསྐྲུན་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།

ས་དེའི་དུས་ཚོད་ཟླ11པའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་གྲོང་ཁྱེར་ཅིག་ཅིན་ཧྲན་གྱི་ཧྥེ་ལའོ་ལིས་གཞིས་ཀ་རུ། ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་དང་ལྷན་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་བར་གྱི་མཇལ་འཕྲད་སྤེལ།

པའེ་ཏེན་གྱིས་ཞི་ཅིན་ཕིང་གདན་དྲངས་པ་ལྟར་ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་མཇལ་འཕྲད་ལ་ཞུགས་པར་སྤྲོ་སེམས་འཁོལ་བའི་ངངདགའ་བསུ་ཞུས། པའེ་ཏིན་གྱིས་ན་ནིང་ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་པ་ལིས་གླིང་ཕྲན་དུ་ཐུག་འཕྲད་གལ་ཆེན་བྱས་པ་ཡིན། ཅིག་ཅིན་ཧྲན་ནི་ཕྱི་སྡོད་ཀྲུང་གོ་བ་ཨ་མེ་རི་ཁར་སླེབས་སྔ་ཤོས་ཀྱི་ས་ཆ་ཡིན་ལ། ཨ་མེ་རི་ཁ་དང་ཀྲུང་གོས་མཉམ་དུ། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》བཀོད་ས་ཆ་ཡིན་པར་མ་ཟད། ཨ་མེ་རི་ཁ་དང་ཀྲུང་གོས་ཆེས་སྔ་ཤོས་ཀྱི་མཛའ་མཐུན་གྲོང་ཁྱེར་འཛུགས་ས་ཡང་ཡིན། དེ་རིང་ང་ཚོས་ཅིག་ཅིན་ཧྲན་དུ་སླར་ཡང་ཐུག་འཕྲད་བྱས་པར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན། ངས་པ་ལིས་གླིང་ཕྲན་དུ་ཐུག་འཕྲད་བྱས་པའི་རྨང་གཞིའི་སྟེང་དུ། ཕན་ཚུན་བར་ཐུན་མོང་གི་ངོས་འཛིན་གསར་བ་དང་གྲུབ་འབྲས་གསར་བ་ཐོབ་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད་ཅེས་བསྟན།

པའེ་ཏིན་གྱིས་ངས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ནི་འཛམ་གླིང་སྟེང་གི་ཕྱོགས་གཉིས་ཀྱི་འབྲེལ་བ་ཆེས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཅིང་། ཨ་མེ་རི་ཁ་དང་ཀྲུང་གོའི་འགལ་བ་ནི་གཡོལ་ཐབས་མེད་པ་ཞིག་གཏན་ནས་མིན་པར། བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ཀྲུང་གོ་ནི་ཨ་མེ་རི་ཁ་དང་འཛམ་གླིང་གི་ཁེ་ཕན་དང་མཐུན། ཀྲུང་གོའི་དཔལ་འབྱོར་འཕར་རྒྱུ་དེ་ཨ་མེ་རི་ཁར་ཕན་པ་ཡོད་ལ་འཛམ་གླིང་ལའང་ཕན་པ་ཡོད། ཨ་མེ་རི་ཁ་དང་ཀྲུང་གོའི་བར་གྱི་འབྲེལ་བ་བརྟན་ལྷིང་ངང་རྒྱུན་འཁྱོངས་བྱེད་པ་དང་འགལ་བ་སྔོན་འགོག་བྱེད་པ། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་བཅས་བྱེད་དགོས་པར་མ་ཟད། ཕྱོགས་གཉིས་ཀའི་ཁེ་ཕན་དང་མཐུན་པའི་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུ་དེས། རྒྱལ་ཁབ་གཉིས་ཀས་རང་སོ་སོའི་གནད་དོན་དང་ཐུན་མོང་ཐོག་འཕྲད་པའི་གནད་དོན་ལ་སྔར་ལས་ལེགས་པའི་སྒོ་ནས་ཁ་གཏད་འཇལ་རྒྱུར་ཕན་ཐོགས་ངེས་ཅན་ཡོད།  ངས་པ་ལིས་གླིང་ཕྲན་དུ་ཐུག་འཕྲད་བྱེད་སྐབས་ཁས་ལེན་བྱས་པའི་དོན་ཚན་ལྔ་བསྐྱར་བསྒྲགས་བྱས་པ་ཡིན་ཏེ། ཨ་མེ་རི་ཁས་འཇམ་འཐབ་གསར་པ་འཚོལ་ཞིབ་མི་བྱེད་པ་དང་ཀྲུང་གོའི་སྒྲིག་སྲོལ་ལ་འགྱུར་ལྡོག་གཏོང་རྩིས་མི་བྱེད་པ། མནའ་མཐུན་གྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་བཏང་ནས་ཀྲུང་གོར་ངོ་རྒོལ་མི་བྱེད་པ། “ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པ། བསམ་གཟས་ནས་ཀྲུང་གོའི་བར་འགལ་བ་མི་བཟོ་བ་བཅས་ཡིན། ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་ཡོད་པས། ཨ་མེ་རི་ཁས་ཀྲུང་གོ་འཕེལ་རྒྱས་འབྱུང་བ་དང་ཕྱུག་པོར་འགྱུར་བའི་གནས་ཚུལ་མཐོང་འདོད་ཆེ་ཞིང་། ཀྲུང་གོའི་འཕེལ་རྒྱས་ལ་འགོག་རྐྱེན་མི་བཟོ་བ་དང་ཀྲུང་གོ་དང་འབྲེལ་ཐག་གཅོད་རྩིས་མེད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བརྩི་སྲུང་ནན་མོ་བྱས་ནས། ཕྱོགས་གཉིས་ཀའི་སྡེ་ཁག་སོ་སོ་དང་རིམ་པ་སོ་སོས་གྲོས་མོལ་བྱེད་པར་དགའ་བསུ་ཞུས་པ་ཡིན་ལ། ཀྲུང་གོ་ཕྱོགས་དང་མུ་མཐུད་སྒོ་འབྱེད་དང་ཟོལ་མེད་ཀྱི་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས། ཕན་ཚུན་བར་རྒྱུས་ལོན་གཏིང་ཟབ་དང་ཕན་ཚུན་བར་གོ་ནོར་མི་ཐེབས་པ། མི་མཐུན་སར་དོ་དམ་ཚོད་འཛིན་བཅས་བྱེད་འདོད་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་བཏང་ནས། གནམ་གཤིས་འགྱུར་ལྡོག་དང་དུག་འགོག མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་གལ་ཆེན་ཐད་མཉམ་ལས་བྱ་རྒྱུར་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀའི་བར་གནམ་གྲུ་གཏོང་ཐེངས་སྔར་ལས་ཇེ་མང་དུ་གཏོང་བ་དང་། སློབ་གསོ་དང་ཚན་རྩལ་བརྗེ་རེས་དང་མི་སྣ་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་ཅེས་བསྟན།

རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀས་པ་ལིས་གླིང་ཕྲན་དུ་མཇལ་འཕྲད་བྱས་པ་ནས་བཟུང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་མཛུབ་སྟོན་རྩ་དོན་གཏན་ཁེལ་བྱེད་པར་འབད་བརྩོན་གང་ལེགས་བྱས་པར་ཁས་ལེན་གནང་བ་དང་།  ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། འབྲེལ་གཏུག་རྒྱུན་འཁྱོངས། འགལ་བ་སྔོན་འགོག《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》བརྩི་སྲུང་བཅས་བྱས་ནས། མཉམ་དུ་ཐུན་མོང་ཁེ་ཕན་གྱི་ཁྱབ་ཁོངས་སུ་མཉམ་ལས་བྱས་ཏེ། ཕྱོགས་གཉིས་ཀའི་འབྲེལ་བའི་ཁྲོད་ཀྱི་འགྲན་རྩོད་རྒྱུ་རྐྱེན་ལ་འགན་འཁུར་ནས་དོ་དམ་ཚོད་འཛིན་བྱེད་རྒྱུ་ཡིན་ཞེས་ནན་གྱིས་བསྟན། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀས་མུ་མཐུད་དེའི་ཐད་གྲོས་བསྡུར་བྱ་རྒྱུར་དགའ་བསུ་ཞུས།

རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་ཁྱབ་ཁོངས་སོ་སོའི་གྲོས་མོལ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་དེར་ཤུགས་སྣོན་རྒྱུར་མོས་མཐུན་བྱུང་བ་དེའི་ཁྲོད་དུ། མིས་བཟོས་རིག་ནུས་ཐད་སྲིད་གཞུང་བར་དུ་གྲོས་མོལ་བྱེད་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་དུག་འགོག་མཉམ་ལས་བྱ་བའི་ཚན་ཆུང་བཙུགས་ནས་དུག་འགོག་མཉམ་ལས་སྤེལ་བ། འདྲ་མཉམ་དང་བརྩི་འཇོག་གི་རྨང་གཞིའི་སྟེང་དུ། དམག་དཔུང་གཉིས་ཀྱི་མཐོ་རིམ་འབྲེལ་གཏུག་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་ལས་དོན་ལྷན་འཛོམས། ཀྲུང་གོ་དང་ཨ་མེ་རི་ཁའི་མཚོ་ཐོག་དམག་དོན་བདེ་འཇགས་གྲོས་མོལ་ལམ་སྲོལ་ཚོགས་འདུ་བཅས་སླར་གསོ་བྱས་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་དམག་དཔུང་གཉིས་ཀྱི་འཐབ་ཁུལ་གྱི་མགོ་ཁྲིད་བར་ཁ་པར་གཏོང་རེས་བྱེད་པ་དང་།  སང་ལོར་གང་མགྱོགས་སྒོས་དུས་བཅད་གནམ་གྲུ་སྔར་ལས་གང་མང་གཏོང་བ། སློབ་གསོ་དང་ཕྱི་འགྲིམས་སློབ་མ། ན་གཞོན། རིག་གནས། ལུས་རྩལ། བཟོ་ཚོང་ལས་རིགས་བཅས་ཀྱི་བརྗེ་རེས་རྒྱ་བསྐྱེད་གཏོང་རྒྱུ་སོགས་ཡོད།

རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་མིག་སྔའི་འགག་རྩའི་ལོ་བཅུའི་ནང་། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་གནམ་གཤིས་ཀྱི་གནད་དོན་ལ་མཉམ་དུ་གང་མགྱོགས་ངང་ཁ་གཏད་འཇལ་རྒྱུ་ཡིན་པའི་གལ་ཆེན་རང་བཞིན་ནན་གྱིས་གསུངས་ནས། རྒྱལ་ཁབ་གཉིས་ཀའི་གནམ་གཤིས་ཀྱི་དམིགས་བསལ་ཕོ་ཉས་མི་འགྱངས་པར་དེའི་ཐད་གྲོས་བསྡུར་གང་ལེགས་བྱ་རྒྱུར་དགའ་བསུ་ཞུས། དེའི་ཁྲོད་དུ2020ལོའི་རྒྱལ་ནང་གི་བཙོག་འབུད་ཉུང་གཏོང་འགུལ་སྤྱོད་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཏིས་པའེ་ཚོགས་ཆེན་ལ་གྲུབ་འབྲས་ཐོབ་པར་མཉམ་དུ་སྐུལ་འདེད་ནུས་ལྡན་གཏོང་བ། ཀྲུང་གོ་དང་ཨ་མེ་རི་ཁའི“དུས་རབས་ཉེར་གཅིག་པའི་ལོ་རབས་ཉི་ཤུ་པའི་གནམ་གཤིས་བྱ་སྤྱོད་ལས་དོན་ཚན་ཆུང་གི་གནམ་གཤིས་ཐད་ཀྱི་འགུལ་སྐྱོད་ལ་ཤུགས་སྣོན་པ”བཅས་ཚུད་ཡོད།

མཇལ་འཕྲད་ཀྱི་རྗེས་སུ། པའེ་ཏིན་གྱིས་ཞི་ཅིན་ཕིང་ལ་གུང་ཚིགས་གསོལ་སྟོན་བཤམས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་དུ་སེམས་ཁུར་བྱེད་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྐོར་ནས་དགོངས་འཆར་བརྗེ་རེས་མཛད། 

ཚའེ་ཆི་དང་ཝང་དབྱི་གོང་གི་བྱེད་སྒོར་ཞུགས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
ljbp བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42339671
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1