སི་ཁྲོན་ཁམས་པའི་བརྙན་འཕྲིན་ཁང་གི་ངོ་སྤྲོད་མདོར་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »སི་ཁྲོན་ཁམས་པའི་བརྙན་འཕྲིན་ཁང་གི་ངོ་སྤྲོད་མདོར་བསྡུས།
སི་ཁྲོན་ཁམས་པའི་བརྙན་འཕྲིན་ཁང་གི་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/2/13ལྟ་ཀློག (3603)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

 ༢༠༠༩ལོའི་ཟླ་༥ཚེས་༧ཉིན། རྒྱབ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་སི་ཁྲོན་ཁམས་པའི་བོད་སྐད་བརྙན་འཕྲིན་ཁང་འཛུགས་པར་ཆོག་མཆན་བཀོད་པ་རེད། ཏང་དང་སྲིད་གཞུང་གི་སྙིང་ཉེ་བའི་ཐུགས་ཁུར་འོག ༢༠༠༩ལོའི་ཟླ་༦པའི་ཟླ་མཇུག་ནས། སི་ཁྲོན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྲངས་ཉུང་མི་རིགས་སྐད་བརྡ་བསྒྱུར་སྐྲུན་སྒྲོག་གཏོང་ལྟེ་གནས་(ཁམས་པའི་བརྙན་འཕྲིན་ཁང་།)འཛུགས་འགོ་བརྩམས་པ་དང་། ༢༠༠༩ལོའི་ཟླ་༡༠ཚེས་༢༨ཉིན་ནས་ཚོད་གཏོང་བྱས་པ་དང་། ༢༠༡༠ལོའི་ཟླ་༦ཚེས་༢༤ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁྲང་ཁྲུན་གྱིས་ཁམས་པའི་བརྙན་འཕྲིན་ཁང་ལ་གཟིགས་ཞིབ་གནང་བ་མ་ཟད། འཕྲིན་ལམ་དངོས་སུ་སྒྲོག་གཏོང་བྱེད་པའི་འགོ་བརྩམས་བཅུག་པ་རེད། ༢༠༡༠ལོའི་ཟླ་༡༡པར། ཁམས་པའི་བརྙན་འཕྲིན་ཁང་དེ་སི་ཁྲོན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཁང་གི་མངའ་འོག་ཏུ་བཅུག་ཅིང་། དྲིལ་བསྒྲགས་སྒྲོག་གཏོང་་དང་། ལེ་ཚན་བརྗེ་རེས། ལས་གཞི་མཉམ་ལས། ཤེས་ལྡན་པ་གསོ་སྐྱོང་སོགས་ཕྱོགས་མང་པོའི་ཐོན་ཁུངས་ལེགས་སྒྲིག་བྱས་ནས།  ཁམས་པའི་བརྙན་འཕྲིན་ཁང་གི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་ཐོབ་པ་མ་ཟད། ལེ་ཚན་སྒྲིག་བཟོའི་ནུས་པའང་མཐོར་འདེགས་ཆེན་པོ་བྱུང་།  ཁམས་པའི་བརྙན་འཕྲིན་ཁང་བཙུགས་པ་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་སྙིང་ཉེ་བའི་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་ཐོབ་པ་རེད།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁྲང་ཁྲུན་གྱིས་༢༠༡༡ལོའི་ཟླ་༩པའི་ཚེས་༡༩ཉིན་ཁམས་པའི་བརྙན་འཕྲིན་ཁང་ལ་གཟིགས་ཞིབ་ཐེངས་གཉིས་པ་གནང་ནས། ངེད་བརྙན་འཕྲིན་ཁང་ལ་བསྟོད་བསྔགས་དང་རེ་བ་མཚོན་པར་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལིའུ་ཡུང་ཧྲན་གྱིས་༢༠༡༡ལོའི་ཟླ་༤ཚེས་༡༨ཉིན་ཁམས་པའི་བརྙན་འཕྲིན་ཁང་ལ་གཟིགས་ཞིབ་གནང་ནས། ངེད་བརྙན་འཕྲིན་ཁང་གི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་མཛུབ་སྟོན་གནང་བ་རེད། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཆི་པའོ་ཡིས་༢༠༡༡ལོའི་ཟླ་༢ཚེས་༩ཉིན་གྱི་དཔྱིད་གསར་དུས་ཆེན་རྗེས་ཀྱི་ཉིན་དང་པོར་ཁམས་པའི་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་གཟིགས་སྐོར་གནང་བ་མ་ཟད། ངེད་བརྙན་འཕྲིན་ཁང་གི་ལས་ཀར་ཁས་ལེན་གང་ལགས་གནང་ཡོད། རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཀྱང་ཁམས་པའི་བརྙན་འཕྲིན་ཁང་ལ་ཕེབས་ནས་ལས་ཀར་མཛུབ་སྟོན་གནང་ཡོད། རིམ་པ་ཁག་གི་འགོ་ཁྲིད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ཁམས་པའི་བརྙན་འཕྲིན་ཁང་གི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཞག

  ཁམས་པའི་བརྙན་འཕྲིན་ཁང་ནི་བོད་ལྗོངས་དང་མཚོ་སྔོན་གྱི་བོད་སྐད་འཁོར་སྐར་བརྙན་འཕྲིན་རྗེས་ནས་བཙུགས་པའི་རྒྱལ་ཡོངས་ཀྱི་བོད་སྐད་འཁོར་སྐར་བརྙན་འཕྲིན་ཨང་གསུམ་པ་ཡིན། དེས་འཁོར་སྐར་དང་སྐུད་ཡོད་བརྙན་འཕྲིན། སྐུད་མེད་བརྡ་གཏོང་སོགས་ཀྱི་ཐབས་ལམ་སྤྱད་ནས་སི་ཁྲོན་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ལྗོངས་དང་ཞིང་ཆེན་ལྔའི་བོད་ཁམས་སུ་བརྙན་འཕྲིན་གཏོང་བ་རེད། ཉིན་ཧྲིལ་བོར་ལེ་ཚན་ཆུ་ཚོད་བཅོ་བརྒྱད་ལ་གཏོང་། དེར་གསར་འགྱུར་མཉམ་བསྒྲགས་ཀྱི་ནང་དོན་གནད་བསྡུས་དང་། ཁམས་པའི་བརྙན་འཕྲིན་གསར་འགྱུར། སྐད་གཉིས་སློབ་ར། འཆི་མེད་ཀྱི་དུས་ཚོད། བྱམས་པའི་ཁ་བརྡ། ཁྲིམས་གསལ་མེ་ལོང་། ཁམས་པའི་དགའ་ཚལ། ཁམས་པའི་ཟློས་གར་ཁང་། གནམ་གཤིས་སྔོན་བརྡ་སོགས་གསར་འགྱུར་དང་། རིག་རྩལ། གློག་བརྙན་བརྙན་འཕྲིན་རིགས་ཀྱི་ལེ་ཚན་བཀོད་སྒྲིག་བྱས་ཡོད།

  ཁམས་པའི་བརྙན་འཕྲིན་ཁང་གཏོང་འགོ་བརྩམས་པ་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བླང་བྱ་ལྟར། གསར་འགྱུར་གྱི་སྟེགས་བུ་འཛུགས་པ་དང་། ཆ་འཕྲིན་བརྒྱུད་བསྒྲགས། རིག་གནས་དར་སྤེལ། མང་ཚོགས་ལ་ཉེ་བཅར། བོད་ཁུལ་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་རིག་ལམ་བཟུང་ནས། ལྒིང་ཕྱོགས་ཡང་དག་པས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་དང་། ཡུལ་ཤུལ་གྱི་འགུལ་འགོག་རྒུད་སྐྱོབ། ལྔ་པའི་བཅུ་གཉིས་ཉིན་གྱི་ས་འགུལ་ཆེན་མོ་བྱུང་ནས་ལོ་གསུམ་འཁོར་བ། གུང་ཁྲན་ཏང་བཙུགས་ནས་ལོ་དགུ་བཅུ་འཁོར་བ་སོགས་དྲིལ་བསྒྲགས་སྒྲོག་གཏོང་ལས་འགན་གལ་ཆེན་དག་ལེགས་འགྲུབ་བྱས་པ་རེད། དེ་ཡང་རྒྱུན་ཆད་མེད་པར་ལེ་ཚན་གྱི་ནང་དོན་དང་གསར་གཏོད་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ༢༠༡༠ལོ་དང་༢༠༡༡ལོའི་བོད་ཀྱི་ལོ་གསར་དགོང་ཚོགས་དང་། མེས་རྒྱལ་ལ་དགའ། ཕ་ཡུལ་ལ་དགའ་ཞེས་པའི་བོད་རྒྱ་སྐད་གཉིས་ཀྱི་གཏམ་བཤད་འགྲན་བསྡུར། ནུབ་རྒྱུད་ཀྱི་ལྗོངས་དང་ཞིང་ཆེན་ལྔར་བསྐྱོད་པའི་གསར་འགྱུར་མཉམ་ལས་བཅར་འདྲི། 《ང་ཚོ་མཉམ་དུ་ཡོད》ཅེས་པའི་ཆུའུ་ཡོན་ཡུལ་ཤུལ་མི་རིགས་སློབ་འབྲིང་ལ་སྐྱོད་པའི་འཁྲབ་སྟོན། ཀན་པོའི་བོད་གྲོང་ལ་སྐྱོད་པ་ཞེས་པའི་ལྔ་པའི་བཅུ་གཉིས་ཀྱི་ཝུན་ཁྲོན་ས་འགུལ་ཆེན་པོ་བྱུང་ནས་ལོ་གསུམ་འཁོར་བའི་དྲན་གསོ་སོགས་བོད་ཁུལ་ལ་ཉེ་བཅར་དང་། མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་བྱ་འགུལ་མང་པོ་སྤེལ་ཡོད། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་དགུ་བཅུ་འཁོར་བའི་སྐབས་འདིར། ཁམས་པའི་བརྙན་འཕྲིན་ཁང་གིས་ཁམས་ཡུལ་གྱི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་སྒོ་ཀུན་ནས་མཚོན་པའི་དངོས་ཟིན་གློག་བརྙན་ཆེན་མོ་《གཡང་ཆགས་པའི་ཁམས་ཡུལ》ཕབ་ལེན་བྱས་ཡོད།

  སྔར་ལས་ལྷག་པར་བོད་རིགས་སྤུན་ཟླ་ཚོར་ཞབས་ཞུ་སྒྲུབ་ཆེད། ༢༠༡༡ལོའི་ལོ་འགོར། ཁམས་པའི་བརྙན་འཕྲིན་ཁང་གིས་མི་སྣ་སྒྲིག་འཛུགས་བྱས་ནས་བོད་ཁུལ་ཡོངས་ནས་དགའ་བསུ་ཐོབ་ཚད་ལ་རྟོག་ཞིབ་བྱས་པ་རེད། གནས་ཚུལ་ལྟར་ན་ཁམས་པའི་བརྙན་འཕྲིན་ཁང་དེ་བོད་རིགས་མང་ཚོགས་ཀྱིས་འཛམ་གླིང་ལ་རྒྱུས་ལོན་བྱེད་ས་ཞིག་དང་། ཁམས་ཡུལ་གྱི་མང་ཚོགས་བརྒྱ་ཆ་བརྒྱད་ཅུ་ཡན་གྱིས་རྒྱུན་པར་ཁམས་པའི་བརྙན་འཕྲིན་ཁང་ལ་ལྟ་བའི་གོམས་སྲོལ་ཆགས་ཡོད་པ་རེད།

  ཁམས་པའི་བརྙན་འཕྲིན་ཁང་གིས་མུ་མཐུད་ཏང་ཀྲུང་དབྱང་གི་བླང་བྱ་ལྟར་འབད་བརྩོན་བྱས་ནས། ཁམས་པའི་བརྙན་འཕྲིན་ཁང་དེ་ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་བོད་རིགས་མང་ཚོགས་ལ་འབྲེལ་བ་བྱེད་པའི་འབྲེལ་ཟམ་ལྟ་བུ་དང་། བོད་རིགས་མང་ཚོགས་ཡིད་དགའ་སའི་བསམ་བློའི་གཞིས་ཁྱིམ་ཞིག་ཏུ་ཆགས་པ་བྱེད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
gd5j བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41614686
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1