རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོ་གཙུག་ཏུ་བཀུར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོ་གཙུག་ཏུ་བཀུར།
རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོ་གཙུག་ཏུ་བཀུར།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/2/22ལྟ་ཀློག (3023)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོ་གཙུག་ཏུ་བཀུར།

2013-02-21

འོག་མ།

སྤྱི་ཟླ་ ༢ ཚེས་ ༢༡ སྟེ།  དེ་རིང་ནི་རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོ་ཡིན།  དུས་ཚོད་དེ་ནི་སྤྱི་ལོ་ ༡༩༩༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསར་དུ་གཏན་འབེབས་བྱས་ཤིང་།  དགོས་པ་ནི་འཛམ་གླིང་ཐོག་མི་རིགས་འདྲ་མིན་གྱི་མིག་སྔའི་ཕ་སྐད་ཀྱི་གནས་བབ་དག་མི་རིགས་ཕན་ཚུན་དབར་ཤེས་སུ་འཇུག་པ་དང་། དེ་བཞིན་མི་རིགས་རང་རང་གི་སྐད་ཡིག་ཉམས་པ་སླར་གསོ་དང་།  མི་ཉམས་རྒྱུན་འཛིན་དང་ཡང་སྒོས་གོང་འཕེལ་གཏོང་བའི་ཆེད་དུ་ཡིན། 
      སྤྱི་ལོ་ ༢༠༠༩ ལོར་བསྡོམས་རྩིས་བྱས་པ་ལྟར་ན་འཛམ་གླིང་འདིའི་ཐོག་མི་རིགས་འདྲ་མིན་སོ་སོར་སྐད་རིགས་ ༧༠༠༠ ལྷག་ཡོད་པ་ལས་ ༢༥༠༠ ཙམ་ཤུལ་མེད་དུ་འགྲོ་ལ་ཉེ་བར་བཤད་ཡོད།  དེས་ན་ང་ཚོ་ནི་བོད་རིགས་ཡིན་པས་བོད་ཀྱི་སྐད་ཡིག་གི་གནས་བབ་ངེས་པར་ཤེས་དགོས།   དེ་ཡང་རང་རེའི་སྐད་ཡིག་ནི་དེང་སང་འཛམ་གླིང་སྟེང་མི་གྲངས་ས་ཡ་གཅིག་ཡན་གྱིས་བཀོལ་སྤྱོད་བྱེད་བཞིན་པའི་སྐད་རིགས་ ༢༦༩ ནང་གི་གཅིག་ཡིན་པར་བཤད་ཡོད།   འཛམ་གླིང་འདིར་Microsoft) ཨ་རིའི་སྙི་ཕྲན་ནང་དུ་ཚུད་ཡོད་པའི་ཡིག་རིགས་ ༥༠ ལྷག་ནང་བོད་ཡིག་ཚུད་ཡོད་པ་རྩིས་འཕྲུལ་རབ་གསལ་སྔ་ཕྱི་དག་ལས་(windows vista/windows 7/windows 8)རབ་གསལ་ཝི་སི་ཐྲ་དང་། རབ་གསལ་བདུན་པ།  རབ་གསལ་བརྒྱད་པ་བཅས་ཀྱི་ནང་ཧི་མ་ལ་ཡཱ་བོད་ཡིག་རང་ཆས་སུ་ཡོད་པས་ཤེས།   དེ་ལྟར་བོད་ཡིག་གི་གོ་ཐོབ་ཤེས་པའི་སྟེང་སྔར་ཡོད་བོད་ཀྱི་ཐ་སྙད་ཕུན་སུམ་ཚོགས་པོ་དེ་དག་རྒྱུན་འཁྱོངས་དང་།   ཡང་སྒོས་དེང་རབས་བོད་ཀྱི་སྐད་ཆའི་མ་ལག་ཆ་ཚང་བ་ཞིག་གྲུབ་མིན་དེ་གསར་བྱུང་རྒྱུན་བཀོལ་མིང་མཛོད་ལྟ་བུ་གཞིར་བཟུང་བའི་ཐ་སྙད་གསར་པ་དག་འཚོ་བ་དངོས་ཀྱི་ནང་བཀོལ་སྤྱོད་བྱེད་ཐུབ་མིན་ལ་རགས་ལུས་ཡོད་པ་དང་།   ལྷག་དོན་བོད་སྐད་ཡིག་གཙང་མ་ཞིག་བཀོལ་བའི་ཉིན་མོ་ནི་ཉིན་གཅིག་མིན་པར་མི་ཚེ་གང་ལ་སྤྱོད་བའི་དམ་བཅའ་བརྟན་པོ་ཡོད་དགོས།  དེ་ལྟར་བྱས་ན་རང་ཉིད་བོད་མི་ཚད་ལྡན་ཞིག་དང་།  རང་གི་ཡི་གེ་དེ་བོད་ཡིག་ཚད་ལྡན་ཞིག  སྐད་ཆ་དེ་བོད་སྐད་ཚད་ལྡན་ཞིག་ཏུ་འགྱུར་བ་མ་ཟད།  ད་གཟོད་ཁྱོད་རང་ངོ་གནོངས་མི་དགོས་པའི་བོད་མི་ཚད་ལྡན་ཞིག་བྱེད་པའི་རྨང་གཞིའང་ཚང་བ་ཡིན།  དེ་མིན་
སྐད་ཡིག་གང་ཡང་མི་འཁྱོངས་ཤིང་གང་ཡང་བཤད་པར་མོས་པ་ནི་རང་ཚུགས་མེད་པའི་རླུང་གིས་འཁྱེར་བའི་བྱ་སྒོ་བཞིན་མི་རིགས་གང་གི་ཁྲོད་དུའང་རྐང་པ་འཛུགས་མི་ཐུབ།   རང་ཉིད་མི་རིགས་ཤིག་གི་གྲལ་དུའང་ཚུད་པར་དཀའ་ན།   ཕ་སྐད་རྒྱུན་འཛིན་པ་ཞིག་ནི་དེ་བས་ཀྱང་དཀའ་བར་སེམས་སོ། ། 
  
ཕ་སྐད་སྲུང་བརྩིའི་ཉིན་མོ།
      ཐོག་མར་ང་ཚོས་རྡེབ་གཅིག་ཏུ་ཁ་ས་པེ་དང་མན་ཇུའི་རིགས་ཀྱིས་གཙོས་དུས་རབས་ཉི་ཤུ་པའི་ནང་རང་གི་ཕ་སྐད་ཡལ་ཟིན་པའི་མི་རིགས་བརྒྱ་ཕྲག་མང་པོར་སྐྱོ་གདུང་དྲག་པོའི་སྒོ་ནས་མྱ་ངན་ཞུ།  དེ་ནས་ང་ཚོས་ཡིད་ཆེས་དང་ཆོད་སེམས་བརྟན་པོའི་སྒོ་ནས་ཕ་སྐད་བཀོལ་སྤྱོད་དང་རྒྱུན་འཛིན་གྱིས་ད་ལྟ་འཛམ་གླིང་ཡོངས་སུ་ཟླ་ཕྱེད་རེའི་ནང་ཤི་དང་འཆི་བཞིན་པའི་སྐད་རིགས་ཀྱི་བདག་པོ་མི་རིགས་རྣམས་ལ་ངོ་སྤྲོད་དང་བསྐུལ་བརྡ་འདི་ལྟར་གཏོང་།

ཕ་སྐད་གཙང་མ་སྨྲ་བ་མི་རིགས་ཀྱི་བླ་སྲོག་ཡིན།

ཕ་སྐད་གཙང་མ་སྨྲ་བ་མེས་རྒྱལ་གཟི་བརྗིད་ཡིན།

ཕ་སྐད་གཙང་མ་སྨྲ་བ་བཅའ་ཁྲིམས་ཀྱི་ཁེ་དབང་ཡིན།

ཕ་སྐད་གཙང་མ་སྨྲ་བ་ཆིག་སྒྲིལ་གྱི་ཐག་པ་ཡིན།

ཕ་སྐད་གཙང་མ་སྨྲ་བ་ལ་རྒྱ་ཡི་བ་དན་ཡིན།

ཕ་སྐད་གཙང་མ་སྨྲ་བ་མདུན་སྐྱོད་གྱི་ལམ་བུ་ཡིན།
        འཛམ་གླིང་ཡོངས་ཀྱི་ཕ་སྐད་ལ་ཉེན་ཁ་འབྱུང་བཞིན་པའི་གྲོགས་པོ་ཚོ། 
ཆོད་སེམས་བརྟན་པོས་མགོ་བོ་བཏེགས་ནས། 
ཕ་སྐད་གཙང་མ་གསུང་དང་སྐད་དང་ཡི་གེ་ནི་འུ་ཅག་གི་འཚོ་ལམ་ཉག་གཅིག་ཡིན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
75wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41561565
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1