ཁྱིམ་ཚང་སློབ་གསོའི་རྒྱུ་རྐྱེན་གཙོ་བོ་བཅུ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 7 ཚེས 17 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» སྤྱི་ཚོགས་སློབ་གསོ། »ཁྱིམ་ཚང་སློབ་གསོའི་རྒྱུ་རྐྱེན་གཙོ་བོ་བཅུ།
ཁྱིམ་ཚང་སློབ་གསོའི་རྒྱུ་རྐྱེན་གཙོ་བོ་བཅུ།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/2/22ལྟ་ཀློག (5900)རྩོམ་ཁུངས: པར་འདེབ།

ཕྲུ་གུར་ཤུགས་རྐྱེན་ཐེབས་ཆེ་བའི་ཁྱིམ་ཚང་སློབ་གསོའི་རྒྱུ་རྐྱེན་གཙོ་བོ་བཅུ།

རྩོམ་ཁུངས།༼ Sohu Net རྩོམ་པ་པོ།༼ ཟླ་འོད་ཀྱིས་བསྒྱུར།

འོག་མ།

 

ཨ་རིའི་མཁས་དབང་ཞིག་གིས་རྒྱ་ཁྱབ་ཏུ་རྟོགས་ཞིབ་བྱས་ནས་གཤམ་གསལ་གྱི་རྒྱུ་རྐྱེན་གཙོ་བོ་བཅུས་ཕྲུ་གུའི་སློབ་གསོར་ཤུགས་རྐྱེན་ཐེབས་ཆེ་བའི་ཕྱོགས་བསྡུས་བྱས་འདུག

༡༽ ཕྲུ་གུ་ཡོད་སར་ཕ་མ་གཉིས་དབར་ཁ་རྩོད་རྒྱག་མི་ཉན།

༢༽ རང་གཞན་གྱི་ཕྲུ་གུ་ཚང་མར་བཏང་སྙོམས་ཀྱི་བྱམས་བརྩེ་དང་ཤ་ཚ་གནང་དགོས་པ།

༣༽ ཕ་མ་གཉིས་དབར་ཕན་ཚུན་བག་ཡོད་ཁེངས་སྐྱུང་དང་བསམ་ཤེས་ཡོད་དགོས་པ།

༤༽ ག་དུས་ཡིན་ཡང་ཕ་མས་ཕྲུ་གུར་སྐྱག་རྫུན་ཤོད་མི་རུང་བ།

༥༽ ཕ་མ་དང་ཕྲུ་གུའི་དབར་མཛའ་མཐུན་བསྲེས་ལྷད་མེད་པའི་འབྲེལ་བ་རྒྱུན་འཛིན་བྱེད་དགོས་པ།

༦༽ ཕྲུ་གུའི་གྲོགས་པོ་མགྲོན་པོར་ཡོང་སྐབས་ཕ་མས་དགའ་བསུའི་རྣམ་འགྱུར་སྟོན་དགོས་པ།

༧༽ ཕྲུ་གུས་སྟོན་པའི་དོགས་གནད་ལ་ཕ་མས་གང་ཐུབ་ཀྱིས་ལན་འདེབས་བྱེད་དགོས་པ།

༨༽ ཕྲུ་གུའི་གྲོགས་པོའི་མིག་མདུན་དུ་ཕ་མས་རང་ཉིད་ཀྱི་ཕྲུ་གུའི་སྐྱོན་མཚང་འབྲུ་མི་རུང་བ།

༩༽ ཕྲུ་གུར་བལྟ་ཞིབ་དང་ཕྲུ་གུའི་ལེགས་ཆར་བསྟོད་བསྔགས་བྱེད་དགོས་པ་ལས་ཕྲུ་གུའི་སྐྱོན་ཆར་ནན་བཤད་ཐལ་དྲག་རྒྱུ་མེད།

༡༠༽ ཕྲུ་གུར་འཛིན་པའི་བརྩེ་བ་བརྟན་པོ་དགོས་པ་ལས་ཕྲུ་གུས་བྱ་བ་ཉེས་པར་ལམ་སེང་རླུང་ལངས་མི་ཉན།
གོང་གི་དོན་ཚན་ཁག་བཅུ་ནི་བལྟ་ན་སླ་བར་མཐོང་སྲིད་ཀྱང་ཁྱིམ་བདག་མང་ཆེ་བས་འཚོ་བ་དངོས་ནང་ལག་ལེན་དུ་འཁྱོལ་དཀའ་བས་ང་ཚོ་ཕྲུ་གུའི་ཁྱིམ་བདག་རྣམས་ཀྱི་རྒྱུན་གཏན་གྱི་གཏམ་སྤྱོད་གཉིས་ནི་ཁྱིམ་ཚང་སློབ་གསོའི་རིགས་ཤིག་ཏུ་ངོས་འཛིན་དགོས།  དཔེར་ན་དུས་གང་འདྲ་ཞིག་ལའང་ཕ་མས་ཕྲུ་གུར་སྐྱག་རྫུན་ཤོད་མི་རུང་ཞེས་པ་ནི་ལག་ལེན་དུ་འཁྱོལ་བར་དཀའ་མོད་ཀྱང་ང་ཚོས་ཞིབ་མོའི་བློ་ཡིས་དཔྱད་དགོས་པ་ལས་སྣང་བ་གང་དྲན་གྱིས་སྐད་ཆ་ཤོད་མི་རུང་། ད་ལྟའི་ཆར་ཁྱིམ་ཚང་མང་ཆེ་བ་ནི་བུ་ཕྲུག་གཅིག་རང་གི་ཁྱིམ་ཚང་ཡིན་སྟབས་ཕྲུ་གུའི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་གཅེན་གཅུང་མིང་སྲིང་གི་རོགས་ཟླ་མེད་པའི་ཞན་ཆ་དང་།  ཁྱིམ་བདག་ནས་ཀྱང་ཕྲུ་གུ་གཞན་དང་འབྲེལ་འདྲིས་ཀྱི་སྐུལ་མ་མི་བྱེད་པའི་སྐྱོན་ཆ་བཅས་ནི་རང་ཉིད་ཀྱི་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་འགལ་རྐྱེན་དུ་འགྲོ་བ་ལས་ཕྲུ་གུའི་ལུས་སེམས་བདེ་ཐང་ཡོང་བའི་སློབ་གསོར་ཕན་ཐོགས་མེད་པས་ཚང་མས་དོ་གལ་ཆེན་པོས་ཡིད་གཟབ་དགོས་པའོ། །


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14598102
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号