རང་རྒྱལ་གྱི་སྤྱི་དམངས་ལ་མ་མཐའི་ཆབ་སྲིད་ཀྱི་རང་དབང་གང་འདྲ་ཡོད་དམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བཅའ་ཁྲིམས་ཤེས་བྱ། »རང་རྒྱལ་གྱི་སྤྱི་དམངས་ལ་མ་མཐའི་ཆབ་སྲིད་ཀྱི་རང་དབང་གང་འདྲ་ཡོད
རང་རྒྱལ་གྱི་སྤྱི་དམངས་ལ་མ་མཐའི་ཆབ་སྲིད་ཀྱི་རང་དབང་གང་འདྲ་ཡོད་དམ།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/2/22ལྟ་ཀློག (3262)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རང་རྒྱལ་གྱི་སྤྱི་དམངས་ལ་མ་མཐའི་ཆབ་སྲིད་ཀྱི་རང་དབང་གང་འདྲ་ཡོད་དམ།

 རྩོམ་ཁུངས།༼ རང་རྒྱལ་གྱི་ཁྲིམས་ལུགས་ཤེས་བྱ་ནས། 

རྩ་ཁྲིམས་ཀྱི་དོན་ཚན་སོ་ལྔ་པར་གཏན་འབེབས་བྱས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་གཏམ་བརྗོད་དང་།དཔེ་སྐྲུན། ཚོགས་འཛུགས། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པའི་རང་དབང་ཡོད།
༢ སྤྱི་དམངས་ཀྱིས་འདུ་ཚོགས་དང་།  ཁྲོམ་སྐོར།  རྔམ་སྟོན་བཅས་ཀྱི་ཁེ་དབང་ལོངས་སུ་སྤྱོད་སྐབས་འོས་འགན་གང་ཞིག་འཁུར་དགོས་སམ།
  འདུ་ཚོགས་དང་། ཁྲོམ་སྐོར། རྔམ་སྟོན་སྐོར་གྱི་བཅའ་ཁྲིམས་དོན་ཚན་བཞི་པར་གཏན་འཁེལ་བྱས་དོན། སྤྱི་དམངས་ཀྱིས་འདུ་ཚོགས་དང་།  ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་ཁེ་དབང་ལོངས་སུ་སྤྱོད་སྐབས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱ་དགོས་པ་ལས།  རྩ་ཁྲིམས་སུ་གཏན་འཁེལ་བྱས་པའི་རྩ་བའི་རྩ་དོན་ལ་ངོ་རྒོལ་བྱེད་མི་ཆོག་པ་དང་།  རྒྱལ་ཁབ་དང་།  སྤྱི་ཚོགས།  ཐུན་མོང་བཅས་ཀྱི་ཁེ་ཕན་དང་།  སྤྱི་དམངས་གཞན་པའི་ཁྲིམས་མཐུན་གྱི་རང་དབང་དང་ཁེ་དབང་བཅས་ལ་གནོད་འཚེ་གཏོང་མི་རུང་།
དོན་ཚན་ལྔ་པར་གཏན་འབེབས་བྱས་དོན། འདུ་ཚོགས་དང་།  ཁྲོམ་སྐོར།   རྔམ་སྟོན་བཅས་ཞི་བའི་ཐོག་སྤེལ་དགོས་པ་ལས།  མཚོན་ཆ་དང་།   བཀག་སྡོམ་གྲི་རིགས།   འབར་རྫས་དངོས་པོ་བཅས་འཁྱེར་མི་ཆོག་ལ།   བཙན་ཤེད་དམ་ངན་སྐུལ་གྱི་ཐོག་ནས་བཙན་ཤེད་བྱེད་མི་ཆོག
   དོན་ཚན་བདུན་པར་གཏན་འབེབས་བྱས་དོན།   འདུ་ཚོགས་དང་།   ཁྲོམ་སྐོར།   རྔམ་སྟོན་བཅས་བྱེད་སྐབས་ངེས་པར་དུ་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས་དོ་དམ་ལས་ཁུངས་ལ་ཆོག་མཆན་སྙན་ཞུ་འབུལ་དགོས།

༣ རང་རྒྱལ་སྤྱི་དམངས་ལ་རང་ལུས་རང་དབང་གང་འདྲ་ཡོད་དམ།
   རྩ་ཁྲིམས་དོན་ཚན་སོ་བདུན་པར་གཏན་འཁེལ་བྱས་དོན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་རང་ལུས་རང་དབང་ལ་གནོད་འཚེ་འཁུར་མི་དགོས།
  སྤྱི་དམངས་སུ་ཞིག་ཡིན་རུང་མི་དམངས་ཞིབ་དཔྱོད་ཁང་གིས་ཆོག་མཆན་བཀོད་པའམ་ཐག་བཅད་པ་དང་།   ཡང་ན་མི་དམངས་ཁྲིམས་ཁང་གིས་ཐག་བཅད་པའི་ཐོག་སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་བྱས་ན་མ་གཏོགས་འཛིན་བཟུང་འཁུར་མི་དགོས།
   ཁྲིམས་འགལ་གྱིས་བཀག་བསྐྱིལ་བྱེད་པ་དང་བྱེད་ཐབས་གཞན་ལ་བརྟེན་ནས་ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་རང་ལུས་རང་དབང་བཙན་འཕྲོག་བྱེད་པའམ་ཚོད་འཛིན་བྱེད་པར་གཏན་འགོག་དང་།   ཁྲིམས་འགལ་གྱིས་སྤྱི་དམངས་ལ་ལུས་བཤེར་བྱེད་པར་གཏན་འགོག་བྱ་རྒྱུ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
if8l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41110688
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1