ཝུའུ་པང་གོ་ཡིས་ཀྲུང་དབྱང་སྲིད་གཞུང་གི་ཚབ་མཛད་དེ་ཨོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅུ་གསུམ་རིང་ལ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ཝུའུ་པང་གོ་ཡིས་ཀྲུང་དབྱང་སྲིད་གཞུང་གི་ཚབ་མཛད་དེ་ཨོ་མིན་མེས་ར
ཝུའུ་པང་གོ་ཡིས་ཀྲུང་དབྱང་སྲིད་གཞུང་གི་ཚབ་མཛད་དེ་ཨོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅུ་གསུམ་རིང་ལ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/2/22ལྟ་ཀློག (2498)རྩོམ་ཁུངས: པར་འདེབ།

ཝུའུ་པང་གོ་ཡིས་ཀྲུང་དབྱང་སྲིད་གཞུང་གི་ཚབ་མཛད་དེ་ཨོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅུ་གསུམ་རིང་ལ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  

000.jpg

  སྤྱི་ཟླ2པའི་ཚེས21ཉིན། ཨོ་མིན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ཨོ་མིན་གྱི་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་འཁོར20ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་ཨོ་མིན་རིག་གནས་ལྟེ་གནས་ནས་བསྡུས་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝུའུ་པང་གོ་ཚོགས་ཆེན་ལ་ཞུགས་ནས་གསུངས་བཤད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་ཚེས21ཉིན་གྱི་སྔ་དྲོར་ཨོ་མིན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ཨོ་མིན་གྱི་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་འཁོར20ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་སྟེང་གསུངས་བཤད་གནང་སྐབས། ཨོ་མིན་མེས་རྒྱལ་གྱི་པང་དུ་ལོག་པ་ནི་ཨོ་མིན་ལོ་རྒྱུས་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་ཡིན་པ་དང་། ལོ13གྱི་རིང་ལ་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་དེ་བཞིན་དུ་ལོ་རྒྱུས་རང་བཞིན་ལྡན་ཞེས་གསུངས།

  ཝུའུ་པང་གོ་ཡིས་གསུངས་རྒྱུར། རྒྱ་ཆེའི་ཨོ་མིན་སྤུན་ཟླས་ཐེངས་དང་པོར་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མངོན་འགྱུར་བྱས་པ་དང་། གཞི་རྩའི་བཅའ་ཁྲིམས་དང་བཅའ་ཁྲིམས་ཀྱིས་འགན་སྲུང་བྱེད་པའི་གཞི་རྩའི་ཁེ་དབང་དང་རང་མོས་ལོངས་སུ་སྤྱོད་ཐུབ་པར་གྱུར་བས་ཨོ་མིན་གྱི་བདག་པོ་དང་རྒྱལ་ཁབ་ཀྱི་བདག་པོར་གྱུར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་བཅས་ཀྱི་ལས་ཁུངས་བཙུགས་ཏེ། སྐབས་གསུམ་གྱི་སྲིད་འཛིན་དཔོན་པོ་བདམས་པ་དང་སྐབས་གསུམ་གྱི་ཁྲིམས་འཛུགས་ཚོགས་པ་བདམས་ནས། ཨོ་མིན་བས་ཨོ་མིན་སྐྱོང་བ་མངོན་འགྱུར་བྱས་པར་མ་ཟད། ཕན་ནུས་ལྡན་པའི་སྒོ་ནས་གཞི་རྩའི་བཅའ་ཁྲིམས་ཀྱིས་གནང་བའི་རང་སྐྱོང་དབང་ཆ་ལག་བསྟར་བྱས། ཨོ་མིན་གྱི་དཔལ་འབྱོར་ཐད་ནས་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་འཕར་སྣོན་བྱུང་བ་དང་། གྲོང་ཁྱེར་གྱི་རྣམ་པ་ལ་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་བྱུང་། 2000ལོ་ནས2011ལོའི་བར་ས་གནས་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་ཨོ་སྒོར་ཐེར་ཆེན4དང་ཐེར་འབུམ9ནས་ཨོ་སྒོར་ཁྲག་ཁྲིག2དང་ཐེར་ཆེན9ཐེར་འབུམ2ལྷག་ལ་འཕར་སྣོན་བྱུང་། རྒྱ་ཆེའི་ཨོ་མིན་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་ལྡབ་འགྱུར་སྒོས་འཕར་ཞིང་སྔོན་ཆད་ཀྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་རྨང་གཞིའི་སྟེང་ཨོ་མིན་ལོ་རྒྱུས་སྟེང་དུ་ཐེངས་དང་པོར་སྡོད་དམངས་ཡོངས་ལ་ཕན་པའི་སྤྱི་ཚོགས་ཕན་བདེ་ལམ་ལུགས་བཙུགས་པ་དང་། ཨོ་མིན་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་སོང་། ཕྱི་འབྲེལ་དབང་ཆ་ཀྲུང་དབྱང་ལ་གཏོགས་པའི་རྩ་དོན་འོག ཨོ་མིན་གྱིས་ཐེངས་དང་པོར་དཔལ་འབྱོར་དང་ཉོ་ཚོང་། རིག་གནས་སོགས་ཁྱབ་ཁོངས་ནས་ཁྲིམས་ལྟར་ཕྱི་ཕྱོགས་ལས་དོན་ཐག་གཅོད་པའི་དབང་ཆ་ལོངས་སྤྱོད་བྱས་ཟེར།

  ཝུའུ་པང་གོ་ཡིས་ཀྲུང་དབྱང་སྲིད་གཞུང་གི་ཚབ་མཛད་དེ་ཨོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ13རིང་ལ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། ཨོ་མིན་གྱི་མ་འོངས་བ་སྔར་ལས་མཛེས་སྡུག་ལྡན་པར་ཡིད་ཆེས་ཡོད་ཅེས་གསུངས།  །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41602349
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1