ངའི་ཁོར་ཡུག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་མདོ་ཙམ་བཤད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» ཁོར་ཡུག་སྲུང་སྐྱོབ། »ངའི་ཁོར་ཡུག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་མདོ་ཙམ་བཤད་པ།
ངའི་ཁོར་ཡུག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་མདོ་ཙམ་བཤད་པ།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/3/16ལྟ་ཀློག (2986)རྩོམ་ཁུངས: པར་འདེབ།

ངའི་ཁོར་ཡུག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་མདོ་ཙམ་བཤད་པ། 

མཁར་ཤུལ་ཤེས་རབ་བློ་ལྡན།

     འདིར་ཁང་དམར་དགོན་ཨེ་ཝཾ་བདེ་ལྡན་གླིང་གི་མཛེས་ཤིང་ལྷུན་ཆགས་པའི་ཁོར་ཡུག་ལ་ཆག་འཇིགས་བྱུང་བ་མདོ་ཙམ་འགོད་པ་ལ།   

   ༡༩༩༨ལོར་རྫོང་མི་དམངས་སྲིད་གཞུང་གིས་བཀོད་སྒྲིག་འོག་ནགས་ལས་ཁང་གི་གཙོ་བདག་ཨ་མཆོག་ཧུ་ར་འགབ་མའི་རྗེས་མཐར་ཕྱིན་གྱིས་འགོ་གཙོ་བྱས་ནས་ཁང་དམར་དགོན་ཨེ་ཝཾ་བདེ་ལྡན་གླིང་གི་མཛེས་ཤིང་ལྷུན་ཆགས་པའི་རྒྱབ་རིའི་ནགས་ཚལ་གཅོད་འདྲེན་སྐབས་༧རྗེ་ཁྱོམ་ཚ་རིན་པོ་ཆེ་དང་དགོན་རུ་གྲོང་ཀུན་གྱིས་ཡར་ཞུ་དང་ཞུ་བ་ཡང་ཡང་ཐེན་ཀྱང་ཕན་ངོ་མ་ཤར་བར་མཐར་ཕྱིན་གྱིས་དབང་ཆ་ལ་བསྟེན་ནས་ནགས་ཚལ་གསུམ་ཆ་གཅིག་རྩ་མེད་དུ་བཏང༌། རྒྱུ་ལ་དགའ་བའི་དབང་ཤེད་ཅན་མཐར་ཕྱིན་གྱིས་ཕྱིར་རྗེས་ནི་སྤྱི་ལོ་༡༩༩༥ལོར་གཏེར་ལས་ཚོང་ཁང་ཞིག་ས་འདིར་ཡོང་སྟེ་དགོན་པ་དང་རུ་སྡེ་སོགས་ལ་ཡར་ཞུ་ཙམ་ཡང་མེད་པར་ལོ་དུ་མ་ལ་གསེར་རྐོ་རྒྱུ་ཚོད་ལྟ་བྱས། དགོན་པས་བཀག་འགོག་བྱས་ཀྱང་རྒྱུ་ལ་དགའ་པའི་དཔང་ཤེད་ཅན་ཁ་ཅིག་གི་ལག་འོག་ཏུ་ཕམ་དགོས་བྱུང༌།   

     སྤྱི་ལོ་༢༠༠༥ལོ་ནས་གཏེར་ལས་ཚོང་ཁང་དེའི་རྣམ་པ་རྒྱ་ཇེ་ཆེར་བྱས་ཏེ་རང་བྱུང་སྐྱེ་དངོས་ནགས་ཚལ་རྩི་ཤིང་སྣ་ཚོགས་དང་རྫ་རི་སྤང་རི་དང་དེ་ལ་གནས་པའི་འདབ་ཆགས་དང་རི་དྭགས་སོགས་ལ་རྫས་འགྱུར་དང་གདུག་རྩུབ་ཀྱི་བྱ་སྤྱོད་བཏང་སྟེ་དགོན་འདི་ལྟ་ཅི་ས་སྒང་འདིར་གནོད་ཚབས་ཆེན་པོ་བཏང༌།    ཁྱད་པར་གྲྭ་པ་དག་གི་བཏུང་ཆུའི་ནང་དུ་དུག་རྫས་ཀྱིས་སྤག་པའི་རྐྱེན་གྱིས་གྲྭ་པ་རྣམས་ལ་རྒྱུན་ལྡན་མིན་པའི་ནད་རིགས་སྣ་ཚོགས་བྱུང༌།  

     དགོན་འདིའི་གྲྭ་པ་རྣམས་ཀྱིས་དོན་འདི་མི་ལེགས་པར་དགོངས་ཏེ་བྱ་སྤྱོད་འདི་འགོག་འགོ་བརྩམ་པ་ན། རྫོང་རིམ་པ་འཐད་པ་མ་བྱུང་བས་༢༠༠༧ལོའི་ཟླ་༨པའི་ནང་སྔ་གཞུག་ཏུ་ཚོགས་འདུ་ཆེ་ཆུང་མང་ཙམ་འཚོགས་ཀྱང་ཕན་འབྲས་མ་བྱུང༌། 

   ལོ་དེའི་ཟླ་༩ཚེས་༨ཉིན་དགོན་པའི་དོ་དམ་ཁང་ནས་རང་རྫོང་གི་ལས་ཁུངས་སོ་སོར་གཏེར་ལས་འདི་སྔོན་འགོག་མ་བྱས་ཚེ་དགོན་འདིའི་གྲྭ་པ་དག་དགོན་ནང་དུ་མི་འདུག་པའི་ཡར་ཞུའི་ཡི་གེ་ཕུལ་ཀྱང་ཕན་པ་མ་བྱུང་བས།   ཟླ་༩པའི་ཚེས་༡༠ཉིན་དགོན་འདིའི་གྲྭ་པ་རྣམས་ཀྱིས་ལྷ་ཁང་དང་གྲྭ་ཁང་ཡོངས་རྫོགས་ཀྱི་ལྡེ་མིག་གཏེར་ལས་ཚོང་ཁང་ལ་སྤྲད་དེ་དགོན་པ་དང་ཁ་བྲལ་ནས་སོ་སོའི་ཕ་ཡུལ་དུ་ལོག་དགོས་བྱུང༌།   དེའི་ཚེ་ལྷ་སྡེ་ཤོག་ཁ་སོ་སོས་ངོ་རྒོལམཐའ་གཅིག་ཏུ་བྱས་པས་ས་གནས་ཀྱི་ཞིང་སྲིད་གཞུང་སོ་སོ་ནས་ཚོགས་འདུ་མང་ཙམ་འཚོགས་ཀྱང་ཕན་པ་མ་བྱུང༌། རྫོང་མི་དམངས་སྲིད་གཞུང་གིས་དགོན་པའི་ཐོ་ཁུངས་ནས་བསུབ་པའི་ཡིག་ཆ་སོགས་སྤྲད། 

   ཟླ་༩པའི་ཚེས་༡༩ཉིན་དགོན་འདིའི་དགོན་བདག་སྐྱབས་རྗེ་མཆོག་སྤྲུལ་ཁྱོམ་ཚ་ཀླུ་སྒྲུབ་བསྟན་པའི་ཉི་མ་མཆོག་ཕེབས་ཏེ་རྫོང་མི་དམངས་སྲིད་གཞུང་དང་སྐྱ་སེར་ཀུན་ལ་གསུང་བཤད་ནན་ཏན་གནང་ནས་གོང་གི་ཐོ་ཁོངས་ནས་བསུབ་པའི་ཡིག་ཆ་དང༌།  ད་དུང་དབང་ཤེད་ཀྱི་སྐད་ཆ་བརྗིད་པོ་རེ་འགའ་ཕམ་པར་མཛད་དེ་རྫོང་མི་དམངས་སྲིད་གཞུང་གིས་རྗེས་ཕྱོགས་དགོན་བདག་དང་དགོན་པ། ས་གནས་མང་ཚོགས་སོགས་འཐད་པ་མེད་ཚེ་གཏེར་ལས་འདི་མི་བྱེད་པའི་ཡིག་ཆ་སྦྱིན  ཟླ་༩པའི་ཚེས་༢༠ཉིན་གྲྭ་པ་དག་དགོན་འདིར་ལོག་ཐུབ་པ་བྱུང༌།   

   དེ་ནས་བཟུང་ལོ་རེར་༧རྗེ་ཁྱོམ་ཚ་ཀླུ་སྒྲུབ་བསྟན་པའི་ཉི་མ་མཆོག་གིས་གསུང་ཇི་བཞིན་ནགས་འཛུགས་རྩ་སྐྱོང་གིས་སྔོན་གྱི་རི་ལུང་ཐང་གསུམ་ཞིག་རལ་དུ་གྱུར་བ་དག་མ་དངུལ་འབོར་ཆེན་བཏང་སྟེ་སླར་གསོ་བྱས། ཁྱད་པར་༢༠༡༠ལོའི་དཔྱིད་ཀར་རྒྱལ་ཁབ་ཆོས་ལུགས་ཅུས་དང་ཞིང་ཆེན་ཆོས་ལུགས་ཅུས་ལ་མཉམ་འབྲེལ་སྒོའི་སྲམ་ལུང་མདོར་གཙང་གཉིས་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབས་ས་ཁུལ་གྱི་རྡོ་རིང་བཙུགས་ཏེ་སྤྱི་ཟླ་༦པའི་ཚེས་༥ཉིན་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་ཆེན་དང་བསྟུན་ཏེ་རྡོ་རིང་གི་མཛད་སྒོ་སོགས་སྤེལ།

 

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41135923
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1