སི་ཏེས་ཧྥུ་ཇོབ་སི།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 11 ཚེས 15 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» འཛམ་གླིང་མི་སྣ་གྲགས་ཅན། »སི་ཏེས་ཧྥུ་ཇོབ་སི།
སི་ཏེས་ཧྥུ་ཇོབ་སི།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/3/16ལྟ་ཀློག (11189)རྩོམ་ཁུངས: བརྡ་འཕྲིན་ལག་རྩལ་དྲ།པར་འདེབ།

[རྩོམ་པ་པོ། ཧུ་ར་འཇའ་པེས་གསར་འགྱུར་བརྒྱུད་འགོད་བྱས།]  

ཟླ་བརྒྱད་པའི་ཚེས་ཉེར་ལྔའི་གསར་འགྱུར་ལྟར་ན། ཀུ་ཤུའིCEOསྟེ། དབུ་བཞུགས་ལས་འཛིན་པ་སི་ཏེས་ཧྥུ་ཇོབ་སིས་གཟའ་ལྷག་པའི་ཉིན་དངོས་སུ་ཀུ་ཤུའི་ལས་འཛིན་ལྷན་ཚོགས་ལ་ལས་བསྐྱུར་ཞུ་ཡིག་ཕུལ་པའི་དུས་མཚུངས་སུ། ཀུ་ཤུ་སྤྱི་གཉེར་ཁང་གིCOOཏེམ་ཁུའུ་ཁི་ལགས་རང་གི་དབང་འཛིན་དུ་འོས་སྦྱོར་བྱས།  

 

སི་ཏེས་ཧྥུ་ཇོབ་སི།

                                                             To the Apple Board of Directors and the Apple Community:
                                                
༄༅།།ཀུ་ཤུའི་ལས་འཛིན་ལྷན་ཚོགས་དང་ཀུ་ཤུའི་མཐུན་ཚོགས་ལ།
I have always said if there ever came a day when I could no longer meet my duties and expectations as Apple's CEO, I would be the first to let you know. Unfortunately, that day has come.
ནམ་ཉི་མ་ཞིག་ལ། ངས་ཀུ་ཤུའི་དབུ་བཞུགས་ལས་འཛིན་གྱི་ཚད་ནས་རང་གི་འགན་ཁུར་དང་མི་དམངས་ཀྱིས་བདག་ལ་བཅངས་པའི་རེ་བཞག་བསྒྲུབ་མི་ནུས་ཚེ། ངས་ཐོག་མར་ཁྱོད་ཚོར་ཤེས་སུ་འཇུག་ཅེས་རྒྱུན་དུ་བཤད་མྱོང་། སྟབས་མི་ལེགས་པ་ལ། ཉིན་དེ་དངོས་གནས་སླེབས་བྱུང་།


 I hereby resign as CEO of Apple. I would like to serve, if the Board sees fit, as Chairman of the Board, director and Apple employee.

དེ་རིང་། ང་ཀུ་ཤུའི་དབུ་བཞུགས་ལས་འཛིན་པའི་འགན་ཁུར་ལས་བུད་པ་ཡིན། གལ་ཏེ་ལས་འཛིན་ལྷན་ཚོགས་ཀྱིས་འོས་པར་འདོད་ན། ང་རང་ལས་འཛིན་ལྷན་ཚོགས་ཀྱི་གཙོ་བོ་འམ། ལས་སྣ་པ། ཡང་ན་ལས་ཀ་པ་གང་རུང་དུ་བཞག་ནས་ཞབས་ཞུ་བསྒྲུབ་འདོད་ཡོད།


 As far as my successor goes, I strongly recommend that we execute our succession plan and name Tim Cook as CEO of Apple.

ངའི་དབང་འཛིན་པའི་སྐོར་ནས། ངས་ནི་ང་ཚོས་དབང་འཛིན་འཆར་གཞི་ལག་ལེན་བྱེད་རྒྱུར་རེ་བ་ཆེ་བཞག་དང་། ཐྲེམ་ཁུའུ་ཁི་ལགས་ཀུ་ཤུའི་དབུ་བཞུགས་ལས་འཛིན་དུ་མིང་འཛིན་བྱས་པ་ཡིན།


 I believe Apple's brightest and most innovative days are ahead of it. And I look forward to watching and contributing to its success in a new role.

ངས་བལྟས་ན། ཀུ་ཤུའི་གསར་གཏོད་དང་མཚར་སྡུག་གི་གཟི་འོད་ད་དུང་གཞུག་ན་འདུག་སྙམ། ངས་ལས་གནས་གསར་བའི་སྟེང་ནས་ཀུ་ཤུའི་འཕྲིན་ལས་རྣམ་པར་རྒྱས་པར་རེ་སྒུག་དང་བྱས་རྗེས་འཇོག་རྒྱུ་ཡིན།


  I have made some of the best friends of my life at Apple, and I thank you all for the many years of being able to work alongside you.
ཀུ་ཤུ་ཚང་དུ། ངས་ཚེ་རབས་འདིར་གྲོགས་མཆོག་འགའ་བསྒྲིགས་ཡོད་པ་དང་། ངས་ལོ་མང་པོར་ང་དང་མཉམ་དུ་འབད་བརྩོན་བྱས་པའི་མི་ཚང་མར་བཀའ་དྲིན་ཞུས་པ་ཡིན།


གསར་འགྱུར་བརྒྱུད་འགོད་པའི་སྐད་ཆ།
ཀུ་ཤུའི་ཡབ་ཆེན་འདི་དེ་ལྟར་ལས་གནས་ལ་བུད་པ་ལ་དྲ་ཐོག་སོགས་སུ་འདྲ་མིན་སྣ་ཚོགས་ཤིག་ལབ་ཀྱིན་འདུག་པས་མི་སེམས་དཀྲུག་པ་ཞིག་ཏུ་འདུག་ལ། དེ་དག་ཚང་མ་བདེན་པའི་ངེས་པ་མེད་མོད། ཁོང་སྐྲན་ནད་རིགས་ཤིག་གིས་བཟུང་བས་ལས་གནས་ལས་མི་འབུད་ཐབས་མེད་བྱུང་བ་རེད་ཟེར་བ་དེ་རྒྱུ་མཚན་མེད་པར་བྱུང་རྒྱལ་དུ་སྨྲས་པ་ཞིག་མིན་ནའང་ཐང་སྟེ། དེ་སྔ་ཁོང་ལ་ནད་དེས་རྐྱེན་པས་ཐེངས་གཉིས་ལ་གསོ་བཅོས་བྱེད་དགོས་བྱུང་བ་འཛམ་གླིང་གི་སྨྱན་ལམ་གང་མང་དུ་བདེན་ཅོག་ཅོག་ཏུ་བསྒྲགས་མྱོང་བ་བོད་པ་གང་མང་གི་མཐོང་ཐོས་སུ་གྱུར་ཡོད་ངེས། འོན་ཀྱང་ངས་བལྟས་ན། ཁོང་ལ་ལས་གནས་ལས་འབུད་པའི་རྒྱུ་མཚན་དེ་ལས་མང་བ་ཡོད་ངེས་སྙམ། གང་ལྟར་ཡང་། ཀུ་ཤུའི་ཡབ་ཆེན་འདིའི་དྲིན་དང་། འབྲེལ་ཡོད་མི་སྣ་གང་མང་གི་དྲིན་དུ། འཛམ་གླིང་གི་ཡང་རྩེར་སོན་པའི་དེང་རབས་ཁ་པར་སྟེ།iPhone སྟེང་དུ་བོད་ཡིག་བདེ་བླག་ངང་བཀོལ་སྤྱོད་བྱེད་བདེར་བཟོས་པ་དེས། བོད་ཡིག་འདི་ཡིག་གྲལ་ལ་བཞག་པ་ཡིན་ཞིང་། ཡི་གེ་འདིའི་བདག་པོ་ལ་རང་གི་ནོམ་ངོ་ཤེས་དགོས་པའི་དྲན་སྐུལ་ཐེངས་གཅིག་བྱས་པའང་རེད། ལར་ཀུ་ཤུའི་ཁ་པར་ལ་རིན་གོང་ཆེ་ཞེས་སྒོར་མོའི་ཁ་གྲངས་ཙམ་གྱིས་ཡིད་ལ་སེར་སྣའི་བདུད་པ་ཐེབས་པའི་བོད་པ་འགའ་ཡིས་བོད་ཡིག་ཡག་པོ་ཡོད་པའི་ཁ་པར་འདི་ལ་ལོག་སྨྲ་ཁ་ནང་ལ་ཅི་ཡོང་རེ་བྱས་ཡོད་པ་མཐོང་དུས་ཇི་འདྲའི་ཡིད་སྐྱོ་བ་ལ་ཨང་།
    
སླད་མར།

    ཀུ་ཤུའི་དབུ་བཞུགས་ལས་འཛིན་པ་གང་ཡིན་ཡང་། ཀུ་ཤུའི་ཐོན་རྫས་རྣམས་སྔར་ལས་ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲ་ཤིས་དང་། དབུ་བཞུགས་རྒན་པ་སི་ཏེས་ཧྥུ་ཇོབ་སི་ཁོང་སྐུ་ཁམས་དྭངས་ཤིང་བསམ་པ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུའོ། ། 


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urkx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: གཞོན་ནུ། སྤེལ་དུས:2018/10/1
རེད། ངོ་མ་རེད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
12597494
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号