ཤེས་རབ་བསྟན་དར་གྱི་ཤེས་རབ་ཀྱི་ཚོམས་བསྟུད་མར་དཔར་འགྲེམ་བྱས་ཡོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »ཤེས་རབ་བསྟན་དར་གྱི་ཤེས་རབ་ཀྱི་ཚོམས་བསྟུད་མར་དཔར་འགྲེམ་བྱས་ཡོ
ཤེས་རབ་བསྟན་དར་གྱི་ཤེས་རབ་ཀྱི་ཚོམས་བསྟུད་མར་དཔར་འགྲེམ་བྱས་ཡོད།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/3/17ལྟ་ཀློག (3040)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཤེས་རབ་བསྟན་དར་གྱི་ཤེས་རབ་ཀྱི་ཚོམས་བསྟུད་མར་དཔར་འགྲེམ་བྱས་ཡོད།

ཀླུ་ཚང་སྨྱུག་གསར།

   དེ་སྔོན། ཤེས་རབ་བསྟན་དར་གྱི་ཤེས་རབ་ཀྱི་ཚོམས་བསྟུད་མར་དཔར་འགྲེམ་བྱས་ཡོད་དེ། 《ནང་བསྟན་དཔལ་འབྱོར་རིག་པ》དང་། 《གངས་སེང་འཚོལ་བ》། 《ལྷ་འདྲེའི་སྲེད་པས་བདག་གིར་བྱས་པའི་ལྷ་ས》། 《བོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས》བཅས་བརྩམས་ཆོས་བཞི་ཀན་སུའུ་མི་རིགས་ དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་ཡོད་པ་རེད། 


《ནང་བསྟན་དཔལ་འབྱོར་རིག་པ》

        དེ་ཡང《ནང་བསྟན་དཔལ་འབྱོར་རིག་པ》ཞེས་པའི་དེབ་ནི་རྩོམ་པ་པོས་ནང་བསྟན་གྱི་ གཞུང་ལུགས་ལས་དཔལ་འབྱོར་གྱི་སྐོར་མཐའ་དག་ཕྱོགས་གཅིག་ཏུ་བསྒྲིགས་པའི་དེབ་ ཅིག་ཡིན་ལ། ནང་བསྟན་གྱི་རིག་ཚན་འདིའི་ཐོག་མའི་དཔེ་ཆ་རུ་གྱུར། དེབ་འདིས་སངས་རྒྱས་ཀྱི་དགོངས་པ་གཞིར་བཟུང་ནས་དཔལ་འབྱོར་གྱི་ངོ་བོ་དང་། མི་དང་དཔལ་འབྱོར་བར་གྱི་འབྲེལ་བ། དཔལ་འབྱོར་དང་སྤྱི་ཚོགས་བར་གྱི་འབྲེལ་བ། དཔལ་འབྱོར་གྱི་ཕན་ནུས་དང༌། དོན་དང་ལྡན་པའི་དཔལ་འབྱོར་དང་། དོན་དང་མི་ལྡན་པའི་དཔལ་འབྱོར། དཔལ་འབྱོར་སྒྲུབ་སྟངས། དཔལ་འབྱོར་དང་ཀུན་སྤྱོད་བར་གྱི་འབྲེལ་བ། དཔལ་འབྱོར་ལ་སྙིང་བོ་ལེན་ཚུལ་བཅས་ལ་དབྱེ་ཞིབ་བྱས་ཡོད་པས། ཆོས་དང་མཐུན་པའི་དཔལ་འབྱོར་ཞིག་བསྒྲུབ་འདོད་པ་དང་། དཔལ་འབྱོར་ལ་སྙིང་བོ་ལེན་འདོད་པ། དཔལ་འབྱོར་ནི་མི་ཚེའི་དགའ་སྐྱིད་ཀྱི་གཞི་རུ་འགྱུར་འདོད་པ་བཅས་ཡིན་ན། དེབ་འདིས་བློ་སྒོ་འབྱེད་ངེས་ལ་དཔལ་འབྱོར་ལ་ལྟ་སྟངས་ཡང་དག་ཅིག་འཛིན་ནུས་པ་ ཡིན།


《གངས་སེང་འཚོལ་བ》།

        《གངས་སེང་འཚོལ་བ》ཞེས་པའི་དེབ་འདི་ནི་རྩོམ་པ་པོས་ད་ལྟའི་བར་བརྩམས་པའི་འབོལ་ རྩོམ་དང་ལྷུག་རྩོམ། ཆེད་བརྗོད་དག་ཕྱོགས་གཅིག་ཏུ་བསྒྲིགས་ཤིང་། བོད་སེང་གིས་མཚོན་པའི་བོད་ཀྱི་རིག་གནས་སྲོག་ཏུ་བྱས་པའི་དཔེ་ཆ་ཞིག་ཀྱང་ཡིན། དེ་ནི་མིའི་རིན་ཐང་དང་འབྲེལ་བའི་དཔེ་ཆ་ཞིག་ཡིན་ལ། མི་ཚེའི་རིག་པར་སྐྱེལ་བའི་སྔོན་བྱོན་མཁས་པའི་གདམས་ངག་ལས་འབུས་པའི་བློ་གྲོས་ ཤིག་ཀྱང་ཡིན། འདི་ལས་གངས་སེང་སྟེ་བོད་ཀྱི་རིག་གནས་འཚོལ་བ་ལ་རྣམ་དཔྱོད་ཀྱི་ལྡེ་མིག་ཅིག་ སྟེར་ངེས་ལ། དགའ་སྐྱོའི་ཆགས་སྡང་གི་ཁྲོད་དུ་གཟུ་བོར་གནས་པའི་བློ་གྲོས་ཀྱི་གདམ་ཀ་ཞིག་ ཀྱང་གནང་ངེས།


《ལྷ་འདྲེའི་སྲེད་པས་བདག་གིར་བྱས་པའི་ལྷ་ས》།

        《ལྷ་འདྲེའི་སྲེད་པས་བདག་གིར་བྱས་པའི་ལྷ་ས》ཞེས་པའི་དེབ་འདིའི་ནང་རྩོམ་པ་པོས་ དབུས་གཙང་ལ་གནས་མཇལ་བྱས་པའི་མཐོང་ཐོས་སོགས་བཀོད་ཡོད་པ་དང་། བོད་ཀྱི་མེས་པོ་དག་གིས་ཕ་ས་འཚོལ་བའི་རིག་གནས་ལྗོངས་རྒྱུའི་དཔེ་ཆ་ཞིག་ཡིན། དེབ་འདིས་རྨི་ལམ་དུ་ཤར་བའི་པོ་ཏ་ལ་ཁྱེད་ཀྱི་མིག་མདུན་དུ་བཤམ་ངེས་པ་དང༌། དུང་སེམས་ཀྱི་པོ་ཏ་ལ་ཁྱོད་ཀྱི་སེམས་ཁོང་དུ་བཞེངས་ངེས། རྣམ་ཤེས་གསོན་པོའི་རྡོ་ལེབ་རེ་རེ་ང་ཚོའི་རེ་སྨོན་བཞིན་ད་དུང་དྲོད་ཁོལ་ཡལ་ མེད་ཅིང༌། གཙུག་ལག་ཁང་གི་ཆོས་དུང་གི་ངག་ན་དེང་རབས་ཀྱི་གྲོང་ཁྱེར་གྱི་ཞོགས་པ་སློང་བའི་ སྒྲ་དབྱངས་ཡལ་བ་མེད་པའང་ཁྱེད་ཀྱི་སྙན་དུ་སྐྱེལ་ངེས་པ་མ་ཟད། པོ་ཏ་ལ་འདི་བོད་མི་ཡོངས་ཀྱི་སེམས་ཀྱི་པོ་ཏ་ལ་ཡིན་པར་ངེས་ཤེས་གསར་བ་ཞིག་ཀྱང་ སྦྱིན་ངེས།


《བོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས》

        《བོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས》ཞེས་པའི་དེབ་འདི་ནི་རྩོམ་པ་པོས་ད་ལྟའི་བར་དུ་བོད་རིག་པར་ཞིབ་འཇུག་གནང་བའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་ ཅིག་ཡིན། རྣམ་དཔྱོད་ནི་མི་ཞིག་གི་ཐོས་པ་དང་ཉམས་མྱོང་ལ་བརྟེན་ནས་བྱུང་བས་སྒྲོན་མེ་ མུན་པར་བཏེགས་པ་བཞིན་དུ་རང་གི་བསལ་བྱའི་མུན་པ་སེལ་ཅིང༌། མི་གཞན་གྱི་བློ་གྲོས་དང་ཤེས་རབ་ཐད་ཀར་ཀློག་པ་པོར་སྦྱིན་ངེས། དེར་བརྟན་དེབ་འདིས་བོད་ཀྱི་རིག་གནས་དང་ལོ་རྒྱུས་བཅས་ཕྱོགས་མང་བོ་བློ་ཞིབ་ མོས་དཔྱད་ཅིང༌དགེ་མཚན་གནད་དུ་བཏོན་ཡོད་པས། ཀློག་པ་པོར་རྣམ་ཤེས་གསར་བ་ཞིག་རྒྱས་ངེས་ཡིན་ལ་རྩོམ་པ་བོའི་རྣམ་དཔྱོད་ཀྱི་ གཏེར་ཁ་ལས་རིན་ཐང་ཆེ་བའི་བསྡོམས་ཚིག་ཀྱང་གང་མང་མཐོང་ངེས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtl0 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41167346
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1