ཞི་ཅིན་ཕེན་ཨ་ཧྥེ་རི་ཁར་འཚམས་འདྲིར་ཕེབས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 18 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ཞི་ཅིན་ཕེན་ཨ་ཧྥེ་རི་ཁར་འཚམས་འདྲིར་ཕེབས།
ཞི་ཅིན་ཕེན་ཨ་ཧྥེ་རི་ཁར་འཚམས་འདྲིར་ཕེབས།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/4/2ལྟ་ཀློག (2329)རྩོམ་ཁུངས: པར་འདེབ།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གླིང་ཆེན་ཨ་ཧྥེ་རི་ཁར་འཚམས་འདྲི་དང་གསེར་ལྡན་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་གདེང་འཇོག་ཚད་མཐོན་པོ་གནང་བ།

སྤེལ་དུས།  2013-04-01 09:16:45     ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

   རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བལྟས་ན། ཞི་ཅིན་ཕེན་གྱི་ཐེངས་འདིའི་འཚམ་འདྲི་ལས་ཀྲུང་གོས་གླིང་ཆེན་ཨ་ཧྥེ་རི་ཁར་ཧ་ཅང་མཐོང་ཆེན་བྱེད་པ་དང་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་གཉིས་ཕན་མཉམ་ལས་ལ་བརྩོན་ལེན་བྱེད་པའི་ཆོད་སེམས་མཚོན་ཡོད་པར་མ་ཟད། ཀྲུང་གོ་ཞུགས་པའི་གསེར་ལྡན་མཉམ་ལས་ནང་རྐྱེན་གྱིས་གླིང་ཆེན་ཨ་ཧྥེ་རི་ཁ་དང་བཅས་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྙམ།

    ཨ་ཧྥེ་རི་ཁ་ལྷོ་མའི་ཞིབ་འཇུག་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཡའོ་ཧན་ཞོན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་འགན་བཞེས་རྗེས་ཐོག་མར་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱེད་རྒྱུ་གདམ་གསེས་བྱས་པ་དེ་ལས་ཀྲུང་གོའི་མགོ་ཁྲིད་ཐུན་མོང་གསར་བས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་བདེན་དཔང་བྱས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་མདུན་ལྗོངས་རྒྱ་ཆེ་བ་དང་། ཀྲུང་གོའི་འཕེལ་རྒྱས་རྣམ་པ་དང་འཕེལ་རྒྱས་ཉམས་མྱོང་ལ་གླིང་ཆེན་ཨ་ཧྥེ་རི་ཁས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པ་ཞིག་རེད་ཟེར།

   ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་པུའུ་ཀྲང་ཞོར་དུ་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པའི་འགན་འཁུར་མཁན་ཨོ་ཅི་མུས་ཀྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ད་ཐེངས་འཚམས་འདྲི་མཛད་པ་ནི་ཁོང་ཀོ་དང་ཀྲུང་གོ་བར་གྱི་མཛའ་བཤེས་ལ་ཁས་ལེན་བྱས་པ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་མགོ་བརྩམས་པ་རེད་ཟེར།

    ཨུ་རུ་སི་ཚན་རིག་གླིང་གི་ཡོན་ཏུང་ཞིབ་འཇུག་ཁང་གི་མཐོ་རིམ་ཞིབ་འཇུག་པ་པེ་ཨར་ཀི་ཨར་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་ལས་གསེར་ལྡན་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དེ་གསེར་ལྡན་རྒྱལ་ཁབ་ལ་ཧ་ཅང་གལ་ཆེ་བར་མ་ཟད། འཛམ་གླིང་གི་དཔལ་འབྱོར་མ་ལག་སྒྱུར་བཅོས་དང་བསྐྱར་འཛུགས་བྱེད་པར་དོན་སྙིང་གལ་ཆེན་ཡོད། ད་ཐེངས་འཚམས་འདྲི་མཛད་པ་དེས་གསེར་ལྡན་རྒྱལ་ཁབ་ཀྱི་ནང་རྐྱེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་མ་ཟད། འཛམ་གླིང་གི་དཔལ་འབྱོར་སྒྲིག་ལམ་ལ་དོན་དངོས་ཀྱི་ཤུགས་རྐྱེན་ཐེབས་ངེས་ཡིན་ཟེར།
ལོ་ཙཱ་བ། བཀྲ་ཤིས་འབུམ།  


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urky བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42010218
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1