ནང་མ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 18 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» སྒྱུ་རྩལ་དང་རྒྱུན་ཤེས། »ནང་མ།
ནང་མ།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/4/2ལྟ་ཀློག (1604)རྩོམ་ཁུངས: པར་འདེབ།

ནང་མ་ཟེར་བ་ནི་སྔ་མོ་ནས་བོད་ཀྱི་འཚོ་བའི་ཁྲོད་དར་ཁྱབ་བྱུང་བ་ཞིག་རེད།

ནང་མ་ཞེས་པའི་ཞབས་བྲོ་དེར་ཞིབ་འཇུག་གནང་མཁན་མང་བོ་བྱུང་ཡོད་ལ་དེའི་ཐད་ཀྱི་རྩོམ་ཡིག་ཀྱང་མི་ཉུང་བ་ཞིག་མཐོང་རྒྱུ་འདུག  འབྲེལ་ཡོད་ཡིག་རིགས་སུ་གསལ་བ་ལྟར་ན་ནང་མ་ནི་རྒྱལ་བོའི་ཕོ་བྲང་ནང་དུ་གཏོང་བའི་གཞས་ཡིན་པར་ངོས་འཛིན་ཀྱང་དེ་ནི་ཡང་དག་པའི་ལྟ་བ་ཞིག་མ་ཡིན་ཞིང་།   ནང་མ་ནི་གནའ་བོའི་དམངས་ཁྲོད་ཀྱི་རོལ་མོ་དང་ཞབས་བྲོའི་རྨང་གཞིའི་ཐོག་བསྒྱུར་བཅོས་གོང་འཕེལ་བྱུང་བའི་གླུ་གཞས་ཀྱི་རྣམ་པ་ཞིག་ཡིན་པར་ངེས།   ནང་མའི་གླུ་གདངས་གནའ་ཉམས་དོད་པ་དང་གར་སྟབས་ཀྱི་ཉམས་འགྱུར་མཛེས་པ།  མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་བཅས་ཡིན་པས་དབུས་གཙང་ཁུལ་དུ་དར་ཁྱབ་ཤིན་ཏུ་ཆེ། 

ནང་མའི་གླུ་གཞས་ཀྱི་གྲུབ་ཆ་ཁག་གསུམ་དུ་དབྱེ་བ་སྟེ།   དང་བོ་འཇོག་དང་བར་རྒྱང་གཞས།  མཇུག་ཏུ་འཁྲུག་གཞས་བཅས་ཡིན། 

འཇོག་ནི་རོལ་མོ་དཀྲོལ་བ་ལས་གཞས་དང་ཞབས་བྲོ་གཉིས་ཀ་མེད།   དེ་ནི་གཞས་མགོ་འཛུགས་པའི་གདངས་དབྱངས་ཡིན། 

རྒྱང་གཞས་ཀྱི་གདངས་དབྱངས་ནི་ནང་མའི་སྙིང་བཅུད་ལྟ་བུ་ཞིག་ཡིན་པས་གཞས་གདངས་སྙན་ཞིང་བག་ཕེབས་པ།  ཞབས་བྲོ་དངོས་དེ་ཙམ་མེད་པ་ལ་གར་མཁན་གྱིས་ལུས་ཀྱི་སྟངས་སྟབས་ཀྱི་སྒེག་ཉམས་དང་གུས་ལུགས་ཀྱི་རྣམ་པ་མཚོན་བྱེད་དུ་སྐབས་རེ་ཕྱག་འབུལ་དང་ཐལ་མོ་སྦྱོར་བ་ལ་སོགས་ཀྱི་གུས་འབུལ་ཞུ་སྲོལ་ཡོད། 

འཁྲུག་གཞས་ནི་མཚམས་ཚིགས་ཀྱི་འགྱུར་ཁུགས་མྱུར་ལ་སྤྲོ་སྣང་འཕེལ་བ་ཞིག་ཡིན་པས་དེ་ནི་ནང་མའི་གཞས་ཀྱི་ཆེས་འཁྲུག་ཤོས་སུ་གྱུར་པའི་མཚམས་དེ་ཡིན།   སྟོད་གཞས་དང་ནང་མ་གཉིས་ཕྱོགས་མང་བོའི་ཐད་ཕན་ཚུན་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས།  ནང་མའི་གཞས་ནང་གི་རྩ་བའི་སྟངས་སྟབས་མང་བོ་ཞིག་ཀྱང་སྟོད་གཞས་ལ་བལྟས་ནས་བྱུང་བ་དང་།  ནང་མའི་གཞས་ཚིག་ཕལ་ཆེ་བ་དྲུག་ཚིག་ཡིན་པ་དང་ནང་དོན་ཡང་ཕུན་སུམ་ཚོགས་པོ་ཡོད་པས་གཏོང་བྱའི་རོལ་མོ་ནི་སྒྲ་སྙན་དང་།   གླིང་བུ།  ཡང་ཆེན།   པི་ཝང་།  ལིང་ཤང་།   དལ་ཆེན།  གན་ཆག་བཅས་ལས་རོལ་མོ་གཞན་སྤྱོད་སྲོལ་མེད།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
if7l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/6/26
བདེན་ཡག་པོ་བྲིས་འདུག མགར་ཚངས་ཐིག་ནས
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
15352324
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号