རྒྱལ་མོ་རོང་གི་གནའ་བོའི་རུས་ཤིག་བཤད་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 15 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་རྒྱུད་སྣ་ཚོགས་བྱུང་རིམ། »རྒྱལ་མོ་རོང་གི་གནའ་བོའི་རུས་ཤིག་བཤད་པ།
རྒྱལ་མོ་རོང་གི་གནའ་བོའི་རུས་ཤིག་བཤད་པ།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/4/6ལྟ་ཀློག (6871)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


 

རྩོམ་པ་པོ།      རྒྱལ་རོང་བསྟན་པའི་རྒྱལ་མཚན།

  སྤྱིར་ན་གནའ་བོའི་རིགས་བཞིའམ་རིགས་ལྔ་རིགས་དྲུག་གི་བྱུང་རབས་ངོས་འཛིན་ཚུལ་མང་ལ་དེ་དག་ནི་སྲིད་པའི་མོན་བུ་ལུམ་ལུམ་དང་། ཡུམ་ཆུ་རྒྱལ་མོང༼ཡུམ་ཆུ་ལྕམ་རྒྱལ་མོ་བྲིས་སའང་ཡོད། ༽གཉིས་ཀྱི་རྒྱུད་པར། ཕྱྭ་དམུ་གཅུག་གསུམ་གས་གྲོལ་བ་ཡིན་ལ། དེ་ལས་དང་པོ་ཕྱྭ་རིགས་ནི་མིའི་རིགས། དམུ་ནི་ལྷ་རིགས། གཙུག་ནི་ཀླུ་རིགས་སུ་བོད་ཀྱི་ཡིག་རྙིང་ཁུངས་མ་རྣམས་སུ་ངོས་འཛིན་བཟུང་ཡོད། དེ་དག་ལས་རྒྱལ་རོང་གི་རིགས་རུས་མང་ཆེ་བར་དམུ་ཚ་སྒ་ལས་གྲོལ་བ་ཞིག་ཡིན་ལ། དེའི་ཤེས་བྱེད་ལ་ལོ་རྒྱུས་ལ་ལར་སྒ་རིགས་ཀྱི་གཙོ་བོའི་ཁྱབ་ཁོངས་ངོས་འཛིན་གནང་སྐབསཤར་མཐའ་རྒྱལ་རོངཞེས་པ་གསལ་ལ་དེ་མིན་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། རྒྱལ་ཚབ་རིན་ཆེན་རྒྱལ་མཚན། རོང་སྟོན་ཤེས་བྱ་ཀུན་གཟིགས་སོགས་རྒྱལ་རོང་གི་བླ་ཆེན་མཁས་ཆེན་མང་པོ་སྒ་རིགས་ལས་གྲོལ་བ་འདིས་ཀྱང་ཤེས་བྱེད་གྲུབ། དེ་མིན་རྒྱལ་རོང་ལ་སྒོ་རིགས་ཤིན་ཏུ་མང་པོ་ཡོད་པ་ཨ་མྱེས་སྒོ་གདོང་མཐུ་ཆེན་སྒོ་རིགས་ཡིན་པ་འདིས་ཀྱང་ར་སྤྲོད་ཐུབ། དེ་རྗེས་ཁྱུང་འཕགས་ཁྲ་བོས་ཤར་རྒྱལ་མོ་རོང་དུ་གནས་གཞི་བཟུང་བ་ནས་བསེ་ཁྱུང་སྤྲ་ཡི་རིགས་རུས་ཤིན་ཏུ་དར་རྒྱས་སོང་ཡོད་པར་གོསལ་རྒྱལ་རོང་བོད་མིའི་བྱུང་ཁུངས་བཤད་པའི་སྐབས་སུ་གསལ་བའི་བུ་འབོར་གཡུང་དྲུང་སྤུན་བཞིའི་གྲོལ་ཚུལ་བསྟན་པ་དང་དེ་ལས་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་གྲོལ་བ་ཞིག་ཡིན་པ་བཤད་པས་གྲུབ་འདུག

ད་དུངའགག་དོག་མོ་གསུམ་དེ་སྤྲ་ལ་ཐོབ། །སྤྲ་དཔའ་རྩལ་ཆེ་བ་དེ་དོན་ཡིན། །ཞེས་པས་ཤར་རྒྱལ་རོང་གི་འགག་དོག་མོ་གསུམ་སྤྲས་ཐོབ་པ་ཞིག་ཡིན་པར་བཤད་པ་མ་ཟད། རྒྱལ་རོང་འབྲུག་རི་ཁྱུང་མགོའི་ས་གནས་གནས་ཆེན་སྤྲའུ་དགུ་རྫོང་སོགས་དཔྲ་ཡི་རིགས་རུས་ལས་གྲོལ་བའི་ཡུལ་ས་གཞི་བདག་མང་པོ་ཡོད་པ་འདིས་ཀྱང་རྒྱལ་རོང་དཔྲ་ཡི་རིགས་རུས་ཤིན་ཏུ་དར་རྒྱས་སོང་བར་ཤེས་ཐུབ། དེ་མིནསྤྲ་ནི་ལྕགས་ཁམས་རྐྱང་ལ་བླ། །སྒོ་ནི་མེ་ཁམས་ར་ལ་བླ། །སྒ་ནི་ཤིང་ཁམས་ལུག་ལ་བླ། །ཞེས་པས་རྒྱལ་རོང་གི་ཁྱིམ་མིང་ལ་ར་ལུག་སང་དང་། སྒོ་གདོང་སང་། མྱིའི་མིང་ལ་ཨ་ཁུ་ར་ལུག་དང་། ར་ལུག་རྒན་པོ་ཟེར་ས་ཤིན་ཏུ་མང་ཞིང་། ད་དུང་རྒྱལ་རོང་གི་སྒོ་ཟོག་ར་ལུག་ལ་བརྟེན་ནས་རྒྱལ་རོང་པའི་གྱོན་པ་ཕྱིང་ལྭ། ཕྱིང་ཞྭ། རྒྱལ་རོང་གི་སྡོད་ཁང་རྣམས་སུ་ལུག་མགོ་དང་ར་མགོ་སོགས་འདོགས་པ་དང་འབྲི་བའི་སྲོལ་ད་ལྟའི་བར་ཆད་མེད་པ་དང་། ད་དུང་ཁང་བའི་སྒོ་དང་སྒེའུ་ཁང་སོགས་ཀྱང་ར་ལུག་གི་གདོང་དབྱིབས་བྱས་ཏེ་བཟོས་པ་དང་། གཞན་རྫ་མ་སོགས་ར་ལུག་གི་གདོང་བའི་དབྱིབས་བྱས་ཏེ་བཟོབ་དང་། རྫ་མའི་སྟེང་དུ་ར་ལུག་གི་མགོ་བརྙན་སོགས་བཏོད་པའི་སྲོལ་ཆེན་རྣམ་དག་ད་ལྟའི་བར་དུ་ཡོད་པ་འདི་དག་ཀྱང་སྒ་དང་སྒོ་ཡི་བླ་ཁམས་དང་འབྲེལ་བ་ལས་བྱུང་བ་ཞིག་ཏུ་སེམས་ཆོག་ལ། དེས་ཆང་རིགས་ཞེས་པ་དེའང་དོན་དངོས་སུ་ཁྱུང་རིགས་ལས་གྲོལ་བ་ཞིག་ཡིན་པར་རྟོགས་ཐུབ། དེ་རྒྱན་འདོགས་སྟངས་ཕྱོགས་གང་ཅིའི་ཐད་ནས་རྒྱལ་རོང་དང་འབྲལ་ཐབས་མེད་པས་ཆང་རིགས་སུ་འབོད་པའི་མི་རིགས་འདིའང་ཁྱུང་རིགས་སུ་གཏོགས་པའི་རྒྱལ་རོང་བོད་ཀྱི་མི་རིགས་ཤིག་ལས་གཞན་དུ་བསམས་པ་ན་སྟོང་བའོ། །

 

«ཞང་ཞུང་ཤར་མཐའ་རྒྱལ་རོང་གནའ་བོའི་ལོ་རྒྱུས་ཀུན་གསལ་མེ་ལོང»དེབ་བདུན་པ་ལས་བཏུས།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15865308
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号