སྒོར་མོ་སྔོན་ལ་སྤྲད་ནས་འཛད་སྤྱོད་བྱེད་སྐབས་གཡོ་འོག་ཏུ་ཚུད་པར་གཟབ་དགོས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 5 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཕྲོད་བསྟེན། འཛེམ་བྱ། »སྒོར་མོ་སྔོན་ལ་སྤྲད་ནས་འཛད་སྤྱོད་བྱེད་སྐབས་གཡོ་འོག་ཏུ་ཚུད་པར
སྒོར་མོ་སྔོན་ལ་སྤྲད་ནས་འཛད་སྤྱོད་བྱེད་སྐབས་གཡོ་འོག་ཏུ་ཚུད་པར་གཟབ་དགོས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/5/8ལྟ་ཀློག (2680)རྩོམ་ཁུངས: པར་འདེབ།

སྒོར་མོ་སྔོན་ལ་སྤྲད་ནས་འཛད་སྤྱོད་བྱེད་སྐབས་གཡོ་འོག་ཏུ་ཚུད་པར་གཟབ་དགོས།

   སྒོར་མོ་སྔོན་ལ་སྤྲད་ནས་འཛད་སྤྱོད་བྱེད་པ་དེ་ནི་བདག་གཉེར་མཁན་གྱིས་གཏན་འཁེལ་མ་ཡིན་པའི་འཛད་སྤྱོད་པར་ཚོགས་མིའི་ཁྲམ་བྱང་སྟེར་བ་དང་། འཛད་སྤྱོད་པས་འཛད་སྤྱོད་མ་བྱས་གོང་སྒོར་མོ་སྤྲད་རྗེས་ཚོགས་མིའི་ཁྲམ་བྱང་ཐོབ་པར་མ་ཟད། རྗེས་ཕྱོགས་སུ་ཁྲམ་བྱང་དེ་ལ་བརྟེན་ནས་འཛད་སྤྱོད་བྱེད་པ་དང་སྒོར་མོ་རྩིས་རྒྱག་པའི་བྱ་སྤྱོད་ཅིག་ཡིན་ལ། ཚོང་བདག་གི་བདག་གཉེར་བྱེད་སྟངས་ཤིག་ཀྱང་ཡིན། མིག་སྔར། སྒོར་མོ་སྔོན་ལ་སྤྲད་ནས་འཛད་སྤྱོད་བྱེད་པའི་རྩོད་གཞི་ཇེ་མང་ནས་ཇེ་མང་ཡིན་པ་དང་། ལས་རིགས་དེའི་ནང་དུ་རྒྱ་ཁྱབ་ཏུ་གྱུར་ཡོད། དེའི་ནང་དུ་ཁེ་ལས་ཆུང་འབྲིང་དང་མི་སྒེར་གྱི་བཟོ་ཚོང་ཁྱིམ་ཚང་གིས་ཟིན་པའི་བསྡུར་ཚད་ཧ་ཅང་མཐོ། འཛད་སྤྱོད་ཁྲམ་བྱང་སྟེར་བའི་ཚོང་ཁང་གི་ནང་དུ་རྣམ་པ་སྣ་ཚོགས་ཡོད་པས། ཚོང་བདག་ཁ་ཤས་ཤིག་གིས་ཚོགས་མིའི་ཁྲམ་བྱང་བེད་སྤྱད་དེ་འཛད་སྤྱོད་པར་མགོ་སྐོར་གཏོང་བའི་གནས་ཚུལ་མི་ཉུང་བ་འབྱུང་བཞིན་ཡོད། དེ་ལས་གཞན་ད་རུང་སྒོར་མོ་སྔོན་ལ་སྤྲད་ནས་འཛད་སྤྱོད་བྱེད་པ་མང་པོ་ཞིག་ལ་ཚད་གཞི་ཡོད་པ་སྟེ། དཔེར་ན། “ཚོགས་མིའི་ཁྲམ་བྱང་གི་དུས་ཡུན་ལོངས་རྗེས་ཞབས་ཞུ་མཚམས་འཇོག་རྒྱུ་དང་། ཁྲམ་བྱང་སྟེང་གི་སྒོར་མོ་ཕྱིར་མི་སློག”ཅེས་པ་དང་ཡང་ན“ཁྲམ་བྱང་བོར་བརླག་བྱུང་ན་གསབ་སྒྲུབ་མི་བྱེད”དང“ཚོགས་མིའི་ཁྲམ་བྱང་མི་རང་ཉིད་ཁོ་ན་མ་གཏོགས་མི་གཞན་གྱིས་བཀོལ་སྤྱོད་བྱེད་མི་ཆོག”ལ་སོགས་པའི་བཙན་དབང་གི་དོན་ཚན་མང་པོ་བཀོད་ཡོད་པ་རེད། དེས་མི་ཚད་ད་རུང་འཛད་སྤྱོད་པས་ཚོགས་མའི་ཁྲམ་བྱང་སྒྲུབ་སྐབས། རྒྱུན་པར་མི་རང་ཉིད་ཀྱི་ཆ་འཕྲིན་ཞིབ་མོ་འབྲི་དགོས་པ་དང་། ཁྲིམས་འགལ་ཚོང་བདག་ཁ་ཤས་ཤིག་གིས་འཛད་སྤྱོད་པའི་བསམ་འཆར་བསྡུ་ལེན་མ་བྱས་པར་ཆ་འཕྲིན་དེ་དག་ཚོང་ལས་བྱ་སྤྱོད་གཞན་པའི་སྟེང་དུ་བེད་སྤྱད་དེ། འཛད་སྤྱོད་པའི་གསང་དོན་དབང་ཆར་གནོད་འཚེ་གཏོང་བཞིན་ཡོད། དེ་བས་བཟོ་ཚོང་སྡེ་ཁག་གིས་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ་སྒོར་མོ་སྔོན་ལ་སྤྲད་ནས་འཛད་སྤྱོད་བྱེད་སྐབས་གཤམ་གྱི་གནས་ཚུལ་འགར་མཉམ་འཇོག་བྱེད་དགོས།
གཅིག    འཛད་སྤྱོད་ཁྲམ་བྱང་བསྒྲུབས་པ་སོགས་སྒོར་མོ་སྔོན་ལ་སྤྲད་ནས་འཛད་སྤྱོད་བྱེད་སྐབས། བདག་གཉེར་མཁན་དེ་ཡིད་རྟོན་རུང་བ་ཞིག་ཡིན་མིན་དང་བདག་གཉེར་གནས་ཚུལ་ཇི་འདྲ་ཡིན་པར་རྒྱུས་ལོན་གསལ་བོ་བྱེད་དགོས་པར་མ་ཟད། གང་ཐུབ་ཀྱིས་གཞི་ཁྱོན་ཆེ་ཞིང་འཕྱར་དཔང་ཡི་གེ་ཆ་ཚང་བ། ཚོང་རར་ཡིད་རྟོན་རུང་བ། བདག་གཉེར་གནས་ཚུལ་བཟང་བ་བཅས་ཀྱི་ཁེ་ལས་གདམ་གསེས་བྱེད་པ་ལས། ཚོང་བདག་གིས་རིན་གོང་གཅོག་ཚད་ཆེ་བ་ཁོ་ནས་གཡོ་འོག་ཏུ་ཚུད་མི་རུང་།
གཉིས།    ཚོགས་མིའི་འབྲེལ་ཡོད་སྒྲིག་སྲོལ་ལ་ཞིབ་ཏུ་བལྟས་ནས། རང་ཉིད་ལ་དབང་ཆ་དང་འོས་འགན་གང་དག་ཡོད་པར་རྒྱུས་ལོན་གསལ་བོ་བྱེད་པ་དང་། ནང་སྒོས་སུ་དེའི་ནང་གི་ཚོད་འཛིན་རང་བཞིན་གྱི་གཏན་འཁེལ་ལ་མཉམ་འཇོག་བྱེད་དགོས་པ་ལས། བདག་གཉེར་མཁན་གྱི་གཟིགས་སྐྱོང་ཆ་རྐྱེན་མང་པོའི་གཡོ་འོག་ཏུ་ཚུད་མི་རུང་།
གསུམ།   ཐེངས་གཅིག་ལ་སྒོར་མོ་མང་པོ་མི་འཇོག་པར་གྱོང་གུན་ཚབས་ཆེན་ཐེབས་པའི་ཉེན་ཁར་གཡོལ་དགོས། ཞབས་ཞུའི་དུས་ཡུན་རིང་ཞིང་ཕྱིར་སློག་ཚད་མཐོ་བའི་ཁྲམ་བྱང་ལ་དོགས་ཟོན་བྱ་དགོས། ཕྱིར་སློག་བྱེད་ཚད་དང་གཟིགས་སྐྱོང་ཆ་རྐྱེན་ཇི་ལྟར་མང་ན་ཉེན་ཁ་དེ་ལྟར་ཆེ་བ་རེད།
བཞི།   སྒྲིག་ཡིག་དང་གྲོས་འཆམ་ཡི་གེ འཛིན་ཡིག་སོགས་འབྲེལ་ཡོད་བདེན་དཔང་ཉར་ཚགས་བཟང་བོ་བྱ་དགོས་པ་དང་། གནད་དོན་འདྲ་བྱུང་ན་མྱུར་དུ་ས་གནས་ཀྱི་འཛད་སྤྱོད་པའི་མཐུན་ཚོགས་ལ་ཞུ་གཏུག་བྱ་དགོས།
ལྔ།   དངུལ་གྲངས་ཅུང་མང་བའི་འཛད་སྤྱོད་ཁྲམ་བྱང་ལ་ཁྲམ་བྱང་གྲབས་དངོས་འཇོག་པ་དང་། ཐེངས་རེ་རེར་འཛད་སྤྱོད་བྱས་ཚར་རྗེས་ཚོང་བདག་ལ་མིང་ཐོ་འགོད་དུ་འཇུག་དགོས། དེ་མིན་ཚེ་ཁྲམ་བྱང་སྟེང་གི་སྒོར་མོ་གར་སོང་ཆ་མེད་དུ་འགྱུར་བའི་གནས་ཚུལ་འབྱུང་ངེས།
དྲུག འཛད་སྤྱོད་པས་འཛད་སྤྱོད་ཁྲམ་བྱང་བཀོལ་སྤྱོད་བྱེད་སྐབས་དོགས་ཟོན་ནན་མོ་བྱ་དགོས་པ་དང་། གལ་ཏེ་གནད་དོན་འདྲ་བྱུང་བ་དང་། ནང་སྒོས་སུ་ཚོང་བདག་གིས་འགྲེལ་བཤད་གང་ཡང་མི་བྱེད་པར་གློ་བུར་དུ་ཚོང་ལས་བྱེད་མཚམས་འཇོག་པའམ་ཡང་ན་ཚོང་བརྡིབས་པ་སོགས་ཀྱི་གནས་ཚུལ་འབྱུང་སྐབས། དུས་ལྟར་ས་གནས་ཀྱི་འཛད་སྤྱོད་པའི་མཐུན་ཚོགས་དང་ཡང་ན་བཟོ་ཚོང་སྡེ་ཁག་ལ་ཞུ་གཏུག་བྱེད་པ་དང་། དགོས་ངེས་ཀྱི་སྐབས་སུ་ད་དུང་སྤྱི་བདེ་ལས་ཁུངས་ལ་ཡང་ཞུ་གཏུག་བྱས་ཆོག

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41635679
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1