རུས་རྐང་བརྒལ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »རུས་རྐང་བརྒལ་བ།
རུས་རྐང་བརྒལ་བ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/21ལྟ་ཀློག (2063)རྩོམ་ཁུངས: པར་འདེབ།

                                                                   རྩེ་སྲས་ཨ་རྡོ། རྩེ་ཁོག

མིའི་རིགས་ཀྱི་འདོད་སྲེད་ལ་བསྲེས་པའི

མུན་པ་དངརོལ་དབྱངས་འདྲེས་རྗེས་ཀྱི་མཚན་མོ

བདག་གིས་སྟོང་ཉིད་ཀྱི་རི་མོ་ཞིག་བྲི་སའི

ཁེར་རྐྱང་གི་ཆང་ཁང་དེ་ཡིན་ནམ

ཤི་གསོན་གྱི་ཐོད་ནས་འཕྱུར་ཞིང

ཤ་ཁྲག་གི་རླངས་བ་རུམ་པའི་ཡིག་འབྲུ་ཁྲི་ཚོ་འདི

ད་ནི་ཁྱོད་ཀྱི་བརྩེ་བའི་ལག་མལ་ལས་ཤོར་བའི

མེས་པོ་དང་རྡོ་རིང་གི་འགབ་ཏུ་ཡུན་རིང་བསྟར་བའི

འོད་ཀྱི་མུ་ཏིག་དང་རུས་པའི་གསེར་འོད་རེ་རེ་ཡིན

དོ་ནུབ་ངས་རང་དང་ཉེ་རུ་སྡོད་པའི་ཇག་པ་དག་དྲན་ཡོང

མིག་ཀོང་དུ་ཉི་ཟླ་རུམ་པའི   ཇག་པ་རྟ་ཉོན་དག་དྲན་ཡོང

དེ་དུས  ངས་དྲན་ཚོད་དུ

རང་ཉིད་ལའང་མེ་མདའ་ཞིག་དང་རྩྭ་ཐང་ཞིག་དབང་ན་སྙམ

བྱ་ཆེན་གྱི་མངལ་ནས་བྲག་རི་དང་གཙང་བོ་འཁྲུགས་པའི་དོ་ནུབ

དགོང་ཁ་རེ་རེར་ཁེར་རྐྱང་ལ་ཁ་དོག་དང་རྩ་དོན་དབབ་པའི་དོ་ནུབ

ང་ཚོས་ཁྱོད་ཀྱི་འཆི་བ་ཁོ་ན་བསམ་ཞོར

སྒྱུ་རྩལ་གྱི་ལྕགས་མཁར་བརྡུང་མྱོང་བའི་དོ་ནུབ

ཁྱོད་ནི་སྒལ་རུས་ལས་བྱང་ཐང་གི་ཉམ་ང་བཟོ་བའི

མི་ཕོ་ཁེར་ཧྲེང་དེ་ཡིན

ཁྱོད་ནི་རང་གི་བླ་སྲོག་དེ

ནམ་མཁའ་དང་བྲག་རིར་འཁྲུལ་མཁན་གྱི་བོད་པ་དཔུང་རྗེན་དེ་ཡིན

ཤེས་རབ་དང་གྱེན་ལོག་ལས་ལྷུང་བའི

རྡོ་བའི་ཟུངས་ཁྲག་མངར་མོ་འདི

ཁྱོས་རང་གི་མེས་པོ་ཟེར་བའི་གཙང་ཆེན་ཞིག་ལ་ངོས་འཛིན་དུས

ངས་ད་བཟོད་ཁྱོད་ལ་རང་གི་ལྷ་ས་གླེང་ཆོག

དེ་བས

མི་ལོ་ག་ཚོད་ཅིག་ལ་ང་ཚོས་རང་ཉིད་རང་གིས་རྨས་རྗེས

གཞི་ནས་རྒས་ཉམས་མ་ཤོར་བའི་སྒྱུ་འཕྲུལ་གྱི་ནམ་མཁའ་དེ་མཐོང་ཐུབ་ཨང

                  ༢༠༡༢ལོའི་ཟླ༡ཚེས༣༡ཉིན་བྲིས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96yd བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41346822
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1