གཏམ་དཔེ་ཕྱོགས་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» གཏམ་དཔེ། »གཏམ་དཔེ་ཕྱོགས་བསྡུས།
གཏམ་དཔེ་ཕྱོགས་བསྡུས།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/22ལྟ་ཀློག (4783)རྩོམ་ཁུངས: 

 

གཏམ་དང་སྐད་ཆའི་ཁུངས་ཡོད། །

དྲང་སྐྱེས་བདེན་སྒུར་སྲོལ་ཡོད། །

རྒྱ་གར་སྐད་ཀྱི་དབུ་བཞག་ཡོད། །

ཨ་ར་པ་ཙའི་སྔགས་བརྗོད་ཡོད། །

ཆོས་ལུང་གི་གདམ་པ་ཡིན། །

གཏམ་སྐད་ཆའི་མདོ་རྩ་ཡིན། །

མྱི་བསླུ་བྱེད་གཏམ་གི་རྫིག་མིན། །

རྟ་བསླུ་བྱེད་ཆས་ཀྱི་རྙི་མིན། །

སྐད་ཆ་ཁྲ་བཤད་བྱས་མེད། །

དོན་ལ་ཉིས་སྙོམས་བྱས་མེད། ། 

ཚིག་བརྒྱ་བརྒྱ་བཤད་ཀི་གནད་རྩ་ཡིན། །

སྒ་ལྷུ་བཞི་འཛེར་གི་རྒྱུན་ཐག་ཡིན། །

བརྒྱ་བཤད་ཚིག་གི་རྩ་བ་ཡིན། །

སྟོང་དཀྲུགས་འོ་མའི་མར་ལོ་ཡིན། །

མདའ་ཕར་འཕང་བྲག་དམར་གྱི་དཀྱིལ་ཡིན། །

གཏམ་ཕར་བཤད་ཉན་མཁན་གྱི་རྣར་ཡིན། །

གཏམ་བཤད་པའི་མགོ་མཇུག་ཚང་མོ་ཡིན། །

གོས་བཟོས་པའི་སྲུབས་ཁ་དོམ་པོ་ཡིན། ། 

གཏམ་དྲང་བདེན་གཉིས་ཀྱི་ཁུངས་ཡོད། །

ལས་རྒྱུ་འབྲས་བརྩིས་པའི་མནའ་ཡོད། །

མགོ་ཟུར་རྣ་བས་ཉན་ཡག་གྱིས། །

གངས་དཀར་སེམས་ལ་འཛིན་ཡག་གྱིས། །

གཏམ་སྐད་ཆ་ཨ་བཤད་ཡང་བཤད་ཡིན། །

དོན་གལ་ཆེན་ཨ་ནན་ཡང་ནན་ཡིན། །

ཨ་བཤད་དང་ཡང་བཤད་ཡིན། །

ཨ་ལུང་ལ་དགུ་སྐོར་ཡིན། །

གོ་གོའི་རྣ་རྩ་ཡིན། །

རིག་རིག་གི་མིག་རྩ་ཡིན། །

གོ་བ་རྣ་ཡིན། །

ཀོ་ལོང་སྐེ་ཡིན། །

བུ་གོ་བ་ཅན་ལ་ཚིག་གཅིག་གིས་ཆོག།

རྟ་གོམ་འགྲོས་ཅན་ལ་ལྕག་གཅིག་གིས་ཆོག།

གོ་བའི་བུ་ལ་བརྡ་ཡིན། །

རི་སྤྱང་སྔོན་པོར་ཐོ་ཡིན། །

སྐད་ཆ་མང་ན་ཉོག་འགྲོ། །

སྐུད་པ་རིང་ན་ཆད་འགྲོ། །

རིན་ཆེན་རིལ་བུ་འདྲ་བའི་ཟོས་བཞག་ན་གྲོལ་འགྲོ་སྤྱད། །

ཞ་མདའ་ཞོ་བཞི་འདྲ་བའི་བརྒྱབས་བཞག་ན་ལོག་འགྲོ་སྤྱད། །

སྨན་ཉུང་ཉུང་གཅོང་ཆེན་སྡེ་བཞི་འཇོམས་འགྲོ་སྤྱད། །

གཏམ་ཉུང་ཉུང་མགོ་མཇུག་བར་གསུམ་རྟོགས་འགྲོ་སྤྱད། །

བོད་ཚིག་ཐོག་ཡིན། །

རྒྱ་ཡིག་ཐོག་ཡིན། །

ཚིག་རྟིང་ནག་པོ་མནའ་ཡིས་མནན། །

ཡིག་སྟེང་དམར་པོ་ཐེལ་གྱིས་མནན། །

བཤད་པའི་སྐད་ཆ་འདྲ་འདྲ་ཡིན་རུང་། །

རྒྱ་བོད་ལུགས་སྲོལ་སོ་སོ་ཡིན། །

བཤད་བཤད་ཀི་བྱ་ར་ཁྲ་ལི་མ། །

གོན་ཟེར་ན་གོང་བ་ཡུལ་ན་མེད། །

བཤད་ཚར། །

ཉན་འབབ། །

མགོ་ནག་མྱིས་གཅིག་གིས་བཤད་ན་ཀུན་གྱིས་ཉན། །

ནག་པོ་ཁྱི་གཅིག་ཟུག་ན་ཐམས་ཅད་ཟུག །

གཏམ་ལ་བཤད་རིས་ཉན་རིས། །

མཚོན་ལ་གཡུག་རིས་འགོག་རིས། །

གཏམ་བཤད་ན་མགོ་རྔ་མི་གོ །

མདའ་འཕང་ན་ཤར་ནུབ་མི་གོ །

རྣ་གཡས་འོན་པ། །

མིག་གཡོན་ཞར་བ། །

གཏམ་ཚིག་གསུམ་ལྕེ་ཡིས་མི་ཤོད། །

ལམ་གོམ་གསུམ་རྡོག་པས་མི་ནོན། །

ཚིག་གསུམ་བཤད་ན་སྐད་འདར། །

གོམ་གསུམ་སྤོས་ན་ཉྭ་འདར། །

རྒྱ་སྐད་བོད་སྐད་ཁ་ཁ། །

དཔེ་དང་ལུགས་སྲོལ་སོ་སོ། །

མྱི་ཐུབ་སྤྱད་ཀྱི་ཚིག་ཨེ་ཡོད། །

འབྲོང་ནོན་སྤྱད་ཀྱི་ཤེད་ཨེ་ཡོད། །  

                                                                                                   སྨིན་དབུས་པོའི་པོད་ཕྲན་ལས་བཤུས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
41099858
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1