ཉིས་སྟོང་བཅུ་ལོའི་ཡུལ་ཤུལ་ས་འགུལ་ཆེན་མོ་བྱུང་རྗེས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ཉིས་སྟོང་བཅུ་ལོའི་ཡུལ་ཤུལ་ས་འགུལ་ཆེན་མོ་བྱུང་རྗེས།
ཉིས་སྟོང་བཅུ་ལོའི་ཡུལ་ཤུལ་ས་འགུལ་ཆེན་མོ་བྱུང་རྗེས།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/24ལྟ་ཀློག (1659)རྩོམ་ཁུངས: པར་འདེབ།

 ས་མཐའི་བླ་མའི་གསེར་ཞལ་རིང་དུ་བསྐལ།།

ས་ཡི་འཇིག་རྟེན་ཆུང་ཆུང་སྙིང་རེ་རྗེ།།

ཨ་ཕའི་གསེར་ཞལ་དྲོན་མོ་མ་མཇལ་གོང༌།།

ཨ་མའི་དངུལ་གྱི་འཛུམ་ཆུང་མ་གྲོལ་སྔོན།།

ཕ་ཁྱིམ་སྨུག་པོར་སྣུམ་མདངས་མ་རྒྱས་གོང༌།།

ཕུ་ནུའི་རང་སྲོག་ཤོར་བ་ཡིད་རེ་ཕངས།།

བཅོས་མའི་སེམས་པ་དམར་བོའི་དམག་གིས་བསླུས།།

རྩ་ཆེའི་རྒྱུ་ནོར་འབྱུང་སའི་ཀློང་ན་འཐིམས།།

མཛའ་བོའི་གཉེན་བཤེས་འཇིག་རྟེན་ཁ་ཁར་བྲལ།།

ཀྱེ་མ་མི་རྟག་འཇིག་པའི་ཆོས་སུ་གྲུབ།།

ན་ནིང་རྔུལ་ཆུས་བསྐྲུན་པའི་ཁང་བརྩེགས་དེ།།

ད་ལོ་གློ་བུར་ཐལ་དང་རྡུལ་གྱིས་བརླགས།།

ད་སྔོན་ནོར་གྱིས་ཕྱུག་པོའི་ཚོང་དཔོན་དེ།།

ད་ལྟ་དབུལ་བོའི་གྲྭལ་ནས་གཅེར་བུར་རྒྱུག།

ཁ་ཚང་སྒེག་ཉམས་ལྡན་པའི་ན་ཆུང་མ།།

དེ་རིང་ཐལ་རྡུལ་ཁྲོད་ན་བེམ་རོར་གྱུར།།

མདང་དགུང་ཕ་མའི་རྩིབ་ཀྱི་གཅེས་ཕྲུག་དེ།།

ད་ནངས་གྱང་རལ་བར་ན་ཁེར་རྐྱང་ལུས།།

ཕ་མའི་བུ་ཚ་བསྐྱུར་ནས་གང་དུ་ཡིབ།།

བུ་ཚའི་ཕ་མ་བཞག་སྟེ་གང་དུ་བཞུད།།

འདི་ལྟར་ཚང་མ་གཅིག་སེམས་གཅིག་ཆགས་ནས།།

ཕྱི་མིག་ཤུལ་ལ་འཁྲེང་བཞིན་གང་དུ་ཆས།།

ངུ་འབོད་ཆོ་ངེ་འདོན་པའི་རི་ལུང་ན།།

སྐྱིད་སྡུག་མཉམ་དུ་བཤིབས་པའི་སྤུན་ཟླ་ཉུང༌།།

རྒྱུ་ནོར་ཤུལ་དུ་ལུས་པའི་ར་བར་ན།།

རང་བླ་ཕྱི་ལ་བཙོང་བའི་བོད་པ་མང༌།།

རླངས་འཁོར་འཚང་ཁ་ཤིག་པའི་བར་གསེང་ན།།

ཉམ་ཐག་དམངས་ལ་ཕན་པའི་རོགས་སྐྱོར་ཉུང༌།།

གཉེན་ཉེ་གཤིན་ཡུལ་འགྲིམ་པའི་མཚེར་ཤུལ་ན།།

བན་དང་བོད་པ་བརྫུས་པའི་རྐུན་མ་མང༌།།

རྒྱ་བོད་སོག་གསུམ་སྦྲེལ་བའི་མཛའ་མཐུན་ཁྲོད།།

གནས་ལུགས་ཇི་བཞིན་འགོད་པའི་འགོ་བ་ཉུང༌།།

གནམ་ས་བླ་འོག་བརྗེ་བའི་ད་ལོ་འདིར།།

གོ་སྐབས་དམ་འཛིན་བྱེད་ནས་གཡོ་འཁྲུལ་མང༌།།

རྫུན་པའི་མི་ལ་བདེན་པའི་ཆོ་ལོ་འཐོབ།།

བདེན་པའི་བུ་ལ་རྫུན་པའི་ཞྭ་མོ་འགེབས།།

བདེན་རྫུན་མགོ་རྟིང་ལོག་པའི་དེང་དུས་འདིར།།

རང་དབང་འཆམས་མཐུན་ཟེར་ཡང་མིང་སྟོང་ཙམ།།

བཀྲེས་པའི་བུ་ཆུང་ཕྱུག་པོའི་ཟས་ཀྱིས་ཁྲིད།།

འཁྱམ་པོའི་མི་རྐྱང་མཛའ་མོའི་མིག་གིས་དྲངས།།

རིགས་བཟང་ལྷ་ཕྲུག་བདུད་མོའི་པང་དུ་བླངས།།

བཙན་པོ་བོད་ཀྱི་མིང་བྱང་འདི་ལྟར་བསུབ།།

ས་སྟེང་ཀུན་ན་རང་གིས་འབག་བཙོག་བསླད།།

ས་ཞིང་གཏེར་ཁ་གཞན་གྱིས་སྔོག་འདོན་བྱས།།

ས་ཡི་བུ་མོའི་མ་བཟོད་འཕག་འཚག་གིས།།

ས་མཐོའི་བུ་ལོའི་སྲོག་གི་གཤེད་དུ་འབབས།།

                                                                             ༢༠༡༠ལོའི་རིག་གནས་ཡར་སྤེལ་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41174381
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1