༄༅། །དྲི་ངན་གྱིས་བཏུམས་པའི་རག་དུང༌།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »༄༅། །དྲི་ངན་གྱིས་བཏུམས་པའི་རག་དུང༌།
༄༅། །དྲི་ངན་གྱིས་བཏུམས་པའི་རག་དུང༌།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/24ལྟ་ཀློག (1822)རྩོམ་ཁུངས: པར་འདེབ།

                                                                                 རྨ་ཆུའི་བློ་བཟང༌། རྨ་ཆུ།

མི་ཡུལ་ནས་མི་ཡུལ་ལ་འཁྱམས་པའི་དུང་ཆུང༌།

ཞིག་རལ་གྱི་འཚོ་བའི་ཁྲོད་ནས་རྒྱང་རིང་ནས་རྒྱང་རིང་ལ་བོས།

རིགས་ཞེན་གྱི་གདུང་བས་མནན་ཏེ་འདུན་ལམ་ལ་གས་ཆག་ཤོར།

ཕུགས་བསམ་གྱི་གསེར་བུམ་ཁྱེར་ནས།

ལྷོ་རྒྱུད་ཀྱི་འཛིན་མར་ཤུགས་ཀྱིས་སླེབས།

ནག་ནོག་གིས་མ་གོས་པའི་དུང་ཆུང་ལ་ད་དུང་སྙན་ཆ་ལྡན།

ཡུན་རིང་དུ་སྲུང་བའི་དུང་ཆུང་ལ་མཛེས་སྡུག་རྫོགས།

ནུབ་ཕྱོགས་ནས་སྤྲིན་ནག་འཁྲུགས་ཤིང༌།

སྤྲིན་གསེབ་ནས་དྲག་ཆར་བབས།

ཆར་རླུང་གི་ངར་ཁས་དུང་ཆུང་གི་ཕྱི་ནང་ལ་ནག་ཐིག་ཕབ།

དུས་དེ་ནས་བཟུང་དུང་ཆུང་དེའི།

ནང་འཁྲོལ་གྱི་དམ་བཅའི་ཁང་བཟང་ཞིག་སོང༌།

ལོ་མང་ལ་བསགས་པའི་མུ་ཏིག་ས་གཞི་ལ་འཐིམས།

རྩ་གསུམ་གྱི་ལྷ་མཆོག་ལ་རྡོག་པས་བརྫིས།

མཛའ་གཅུགས་ཀྱི་གྲོགས་པོ་ཚོར་བསམ་གཞིགས་ཀྱི་འཕྲིན་ཡིག་བསྐུར།

ཁེར་རྐྱང་དུ་འཚོ་བའི་དུང་ཆུང༌།

མི་ཡུལ་གྱི་འདྲེ་རུ་གྱུར།

གུ་དོག་པའི་ཁོར་ཡུག་འདི་ནས་སེམས་གདུང་བའི་ལྟད་མོ་མཐོང༌།

མདོག་བསྒྱུར་བའི་ཚོན་མདངས་ངོགས་ན།

སེམས་འཁྲིགས་པའི་གཟུགས་རིས་མོད།

ཉམ་ང་བའི་མི་རིགས་འདིའི་ཆག་འཇིག་བཙོང་ནས།

ཁྲེལ་མེད་པའི་མི་རྐྱང་འགས་བདེ་སྐྱིད་བསྐྲུན།

འཚོ་བ་རྒྱས་སོང༌། མི་རིགས་ཤིག་གི་ཟུངས་ཁྲག་ཁྱེར་ནས།

སྲིན་པོ་ཅིག་གི་ལུས་སྟོབས་གསོས།

རྟོགས་དཀའ་བའི་གསང་བ་འདིས་བརྗེད་དཀའ་བའི་ལོ་རྒྱུས་བཞག

མི་མངོན་པའི་ཀློང་ན་འཚོ་བའི་ཆོམ་རྐུན་དེའི།

སྨྲ་སྒོ་ཁྲག་གིས་གང་བཞིན་སྲིན་པོའི་བརྟུལ་ཞུགས་བླངས།

འཇིགས་སྣང་དང་སྐྲག་སྣང་མེད་པར།

མི་ཡུལ་ནས་ཁེངས་དྲེག་གིས་འཚོ་བ།

ཁྱོད་ཀྱི་ཟུངས་ཁྲག་འཇིབ་པའི་གཤིན་པོ་ཚོས།

དུས་ནམ་ཞིག་ཁྱེད་ལ་འཁོན་ལན་སློག་ངེས།

ཁྱོད་ཀྱིས་རླུང་རྟ་དར་བའི་རྒྱུ་ནོར་དེས།

དུས་ནམ་ཞིག་ཁྱེད་ཀྱི་མཚན་སྙན་གྱི་བ་དན་དཀར་བོ་རལ་ངེས།

༢༠༡༠ལོའི་རིག་གནས་ཡར་སྤེལ་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42033526
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1