༄༅། །རྗེས་དྲན་སྙིང་གི་ཐིག་ལེ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »༄༅། །རྗེས་དྲན་སྙིང་གི་ཐིག་ལེ།
༄༅། །རྗེས་དྲན་སྙིང་གི་ཐིག་ལེ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/27ལྟ་ཀློག (1508)རྩོམ་ཁུངས: པར་འདེབ།

                                                                           བསོད་ནམས་རྒྱ་མཚོ།ཞལ་ཤུལ

སྐྱབས་གསུམ་བླ་མ་ཀུན་དང་དབྱེར་མེད་པའི།།

གསང་གསུམ་རྣམ་དཀར་འཕྲིན་ལས་དགེ་བའི་ཚོགས།།

སྡུད་མཁས་གདུལ་བྱ་རྒྱ་མཚོའི་མགོན་ལ་འདུད།།

རིན་ཆེན་བྱང་ཆུབ་སེམས་ཀྱི་འཁྲི་ཤིང་གི།

ཕྱིན་དྲུག་བྱ་བའི་ཡལ་ག་རབ་རྒྱས་ཤིང༌།།

དོན་གཉིས་ཕུན་ཚོགས་འབྲས་བུ་ཡོངས་སྨིན་པའི།།

གཞན་དོན་འབའ་ཞིག་སྒྲུབ་ལ་སྙིང་ནས་གུས།།

སེར་སྐྱ་མང་བོའི་སྤྱོད་ཚུལ་ལ་བརྟག་ནས།།

དགེ་དང་མི་དགེ་གང་ལ་འཇུག་ཚུལ་དང༌།།

རྣམ་སྨིན་རྒྱུ་མཐུན་བདག་འབྲས་གྲུབ་ཚུལ་སོགས།།

སོ་སོར་གསལ་བར་བྱེད་པ་སྙིང་ནས་དྲན།།

བྱམས་བརྩེ་ཆུ་འཛིན་འཁྲིགས་པའི་བ་གམ་ལས།།

གསང་གསུམ་བདུད་རྩིའི་གྲུ་ཆར་འབེབས་མཁས་པའི།།

ཐུགས་རྗེ་ཆར་གྱིས་འགྲོ་བ་ཡོངས་སྨིན་པའི།།

མཚུངས་མེད་རྗེ་བཙུན་བླ་མ་སྙིང་ནས་དྲན།།

རླབས་ཆེན་རྒྱལ་སྲས་སྤྱོད་པའི་ཁུར་བསྣམས་ནས།།

ཤིན་ཏུ་བྱ་དཀའི་སྤྱོད་པ་དུ་མ་ཡིས།།

ལུས་ངག་ཡིད་གསུམ་ལོངས་སྤྱོད་དགེ་ཚོགས་བཅས།།

སྦྱིན་པའི་ཕར་ཕྱིན་རྫོགས་པར་སྙིང་ནས་དྲན།།

ཤིན་ཏུ་རྟོགས་དཀའ་རྒྱལ་ཡུམ་བང་མཛོད་ལས།།

བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྨན་བླངས་ནས།།

དུག་གསུམ་ནད་ཀྱིས་མནར་བའི་འགྲོ་བ་རྣམས།།

བདེ་མཆོག་མི་གནས་མྱ་ངན་འདས་ལ་བཀོད།།

མདོ་སྨད་ཁྲོ་ཁོའི་ས་ཡི་ཐིག་ལེ་རུ།།

དབང་བསྐུར་མན་ངག་ཟབ་མོ་གནང་བའི་ཚེ།།

མཁའ་དབྱིངས་ཉི་མའི་གུར་ཁྱིམ་འཇའ་ཡིས་གང༌།།

རྣམ་དཀར་དགེ་མཚན་དུ་མའི་རྟགས་མཚན་བྱུང༌།།

སྐུ་རྟེན་བྱང་ཆུབ་མཆོད་རྟེན་ལེགས་གྲུབ་ནས།།

དགའ་སྟོན་རབ་གནས་མཛད་སྒོ་སྤེལ་བའི་ཚེ།།

གློ་བུར་མཁའ་ལས་སྐར་ཆེན་བབས་པ་སོགས།།

ངོ་མཚར་ལྟས་བཟང་མང་བོས་བསུ་བ་བྱེད།།

དགའ་ལྡན་བཤད་སྒྲུབ་བཀྲ་ཤིས་འབྱུང་གླིང་སོགས།།

ལྷག་པར་འབྲལ་མེད་བརྩེ་བས་རྗེས་བཟུང་སྟེ།།

ཆོས་སྲིད་ཟུང་འབྲེལ་གང་ལ་གང་འཚམས་ཀྱིས།།

གདུལ་བའི་ཐབས་མཁས་མཛད་པ་སྙིང་ནས་དྲན།།

གཞོན་ནུའི་དུས་ནས་ཐོས་པ་མང་དུ་བཙལ།།

བར་དུ་སྔ་མའི་མངོན་སྦྱངས་བག་ཆགས་སད།།

ཐ་མར་ཉམས་སུ་བླངས་པའི་གདམས་པ་མཆོག།

ཐམས་ཅད་བསྟན་པ་རྒྱས་པའི་རྒྱུ་རུ་བསྔོ།།

ཞིང་འདིའི་གདུལ་བྱ་ཡོངས་སུ་རྫོགས་པ་ན།།

རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར།།

རེ་ཞིག་སྐུ་ཡི་བཀོད་པ་ཆོས་དབྱིངས་སུ།།

སྨོན་པའི་དོན་རྣམས་འགྲུབ་པའི་བཀྲ་ཤིས་ཤོག།

རིས་མེད་འགྲོ་བའི་མགོན་པོ་ཡིད་བཞིན་ནོར།།

རེ་ཞིག་གཟུགས་སྐུའི་བཀོད་པ་ཉེར་བསྡུས་ཀྱང༌།།

དག་པའི་ཞིང་ཁམས་གང་ན་བཞུགས་ཀྱང་རུང༌།།

ཡང་སྤྲུལ་ཉི་མ་གཞོན་ནུ་མྱུར་བྱོན་ཤོག།

ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།།

བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ།།

ཇི་སྲིད་བྱང་ཆུབ་མཆོག་ལ་མ་རེག་པར།།

འབྲལ་མེད་དགྱེས་བཞིན་རྗེས་སུ་འཛིན་པར་ཤོག།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
86xc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41278843
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1