༄༅། །རྗེས་དྲན་དྭ་བུའི་སྨྲེ་ངག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »༄༅། །རྗེས་དྲན་དྭ་བུའི་སྨྲེ་ངག
༄༅། །རྗེས་དྲན་དྭ་བུའི་སྨྲེ་ངག
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/27ལྟ་ཀློག (1681)རྩོམ་ཁུངས: པར་འདེབ།

                                                             ཧོར་གཙང་བཀྲ་རྒྱམ་ཆུང་བ།བླ་བྲང༌།

ཆོས་ཟབ་མོ་ཕ་རོལ་ཕྱིན་དྲུག་ལ་བསླབས་ནས།།

དོན་འབྲས་བུ་ངེས་འབྱུང་བྱང་སེམས་ཤིག་འཁྲུངས་ཏེ།།

གནས་རི་ཁྲོད་འགྲིམ་ནས་ཏིང་འཛིན་ལ་གཞོལ་བའི།།

རྗེ་ཚུལ་ཁྲིམས་རྒྱ་མཚོར་སྒོ་གསུམ་གྱིས་འདུད་དོ།།

ཐུགས་གཡོ་བ་མེད་པའི་བྱམས་བརྩེ་ཡི་ཞགས་པ།།

ཐག་ཉེ་རིང་མེད་པའི་འགྲོ་རྣམས་ལ་སྩོལ་བའི།།

སྣོད་གཙང་མའི་སློབ་མ་འབུམ་ཕྲག་གི་བཤེས་གཉེན།།

ཡིད་དྲན་ནས་གདོང་བ་མིག་ཆུ་ཡིས་བརླན་སོང༌།།

རྗེ་ཡབ་སྲས་ལ་སོགས་པཎ་གྲུབ་ཀྱི་གཞུང་ལ།།

བྱང་ཆུབ་པའི་ལུང་རིགས་གཉིས་འཛོམས་ཀྱི་སྐྱེས་བུ།།

བློ་གཟུར་གནས་སྐྱེན་པོས་བརྟགས་དཔྱད་ཀྱིས་ཆོས་རྣམས།།

མི་སྐལ་ལྡན་རྣམས་ལ་སྨྲ་མཁས་ཀྱི་སློབ་དཔོན།།

སྤང་གཡུ་ལོའི་ལྗོངས་ན་འཕུར་ལྡིང་གིས་རྩེན་པའི།།

འབུ་རྐང་དྲུག་སྦྲང་མའི་སྙིང་ཁུང་གི་མེ་ཏོག།

དགྲ་ནག་པོ་དགུན་ཁའི་བཙག་རླུང་གིས་བཅོམས་དུས།།

ལུས་ཁེངས་ནས་གཤོག་སྒྲ་སྒྲོག་ཐབས་རང་མི་འདུག།

དངུལ་དཀར་གྱི་ཀོང་བུ་ཁྲ་ལྡན་ན་སྦར་བའི།།

ལྷ་ཡབ་ཡུམ་དགྱེས་པའི་འབྲི་མར་གྱི་འོད་མཆོད།།

ཡུན་མི་རིང་སྐད་ཅིག་ཐེངས་གཅིག་ལ་གཟིམས་ཚེ།།

གནས་གཞལ་ཡས་ཁང་དེ་མུན་ནག་གིས་བསྒྲིབས་སོང༌།།

རྗེ་བླ་མ་སྐྱབས་གསུམ་ཀུན་འདུས་ཀྱི་བདག་ཉིད།།

གནས་འདི་དང་གྱེས་ནས་ཞིང་གཞན་དུ་གཤེགས་ཀྱང༌།།

མགོན་མེད་པའི་དྭ་བུའི་སྨྲེ་ངག་ལ་གསན་ཚེ།།

བསམ་བཞིན་དུ་ཞིང་འདིར་མྱུར་མོ་རུ་འབྱོན་ཅིག།

                                                                           ༢༠༡༠ལོའི་རིགས་གནས་ཡར་སྤེལ་ལས་བཤུས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
ca2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41288013
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1