ཨུ་རུ་སིའི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »ཨུ་རུ་སིའི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་སྟེ་མི་གསུམ་རྐྱེན་ལམ་དུ
ཨུ་རུ་སིའི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར་བ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/27ལྟ་ཀློག (1422)རྩོམ་ཁུངས: 

  ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས་ཉེར་དྲུག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། གནམ་གྲུ་ཆུང་བ་ཞིག་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་ཁི་ལཱ་སི་ནོའུ་ཏཱ་ཨར་མཐའ་མཚམས་ས་ཁུལ་དུ་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི་གསུམ་པོ་ཚང་མ་རྐྱེན་ལམ་དུ་ཤོར།

    བྲེལ་མྱུར་གནས་ཚུལ་པུའུ་ཡིས་བཤད་རྒྱུར། སར་ལྷུང་བའི་གནམ་གྲུ་དེ་ནི་གནམ་གྲུ་ཆུང་བ་ཞིག་ཡིན་པ་དང་། དོན་རྐྱེན་བྱུང་སྐབས་ཞིང་སྨན་གཏོར་བའི་ལས་འགན་ལག་བསྟར་བྱེད་བཞིན་ཡོད་པ་རེད། གནམ་གྲུའི་སྟེང་དུ་ཁ་ལོ་བ་གཉིས་དང་འགྲུལ་བ་གཅིག་བཅས་ཡོད།

   གནམ་གྲུ་སར་ལྷུང་སའི་གནས་དེ་ནི་ཁི་ལཱ་སི་ནོའུ་ཏཱ་ཨར་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་བཅུ་གཉིས་ཡོད་པ་དང་། དོན་རྐྱེན་དེ་ལས་ས་ངོས་ཀྱི་མི་སྣར་ཤི་རྨས་བཟོས་མེད་ཟེར། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། རྒུད་སྐྱོབ་མི་སྣ་དག་གནམ་གྲུ་སར་ལྷུང་ནས་སྐར་མ་བཅོ་ལྔའི་རྗེས་སུ་ཡུལ་དངོས་སུ་འབྱོར་ཡང་སྲོག་ཉེན་ལས་ཐར་བའི་མི་གཅིག་ཀྱང་མ་རྙེད་ཟེར།

                                                                                                                                      ཞིན་ཧྭ་གསར་འགྱུར་དྲ་བ་ལས་བཤུས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
41550588
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1