༄༅། །སྐྱེས་ཁམས་ཁོར་ཡུག་གི་སྒེག་ཆོས་ཉམས་པའི་ལན་པ་སུ་ལ་ཡོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» ཁོར་ཡུག་སྲུང་སྐྱོབ། »༄༅། །སྐྱེས་ཁམས་ཁོར་ཡུག་གི་སྒེག་ཆོས་ཉམས་པའི་ལན་པ་སུ་ལ་ཡོད།
༄༅། །སྐྱེས་ཁམས་ཁོར་ཡུག་གི་སྒེག་ཆོས་ཉམས་པའི་ལན་པ་སུ་ལ་ཡོད།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/28ལྟ་ཀློག (2507)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

                                                                                       རིན་སྤུངས་ཚུལ་བསྟན།ཟུང་ཆུ།

གྲོགས་པོ་ལགས། མིའི་ཚེ་སྲོག་ནི་འདི་འདྲའི་རླབས་ཆེ་བ་ཞིག་དང་གཅེས་སུ་འོས་པ་ཞིག་ཏུ་སྣང་ དགོས་ན་དེ་བས་ཚེ་སྲོག་དེ་ཉིད་གྲུབ་པར་ནུས་པའི་འབྱུང་བཞིའི་ཁྱད་འཕགས་རང་བཞིན་དང་ཁོར་ཡུག་གིས་ཚེ་སྲོག་ལ་སྤྲད་པའི་སྟོབས་ཤུགས་སམ་ནུས་པ་དེ་ཉིད་ཆེས་རླབས་ཆེ་བ་ཞིག་དང་བླ་ན་མེད་པ་ཞིག་དེ་བཞིན་ཁ་བྲལ་མི་རུང་བ་ཞིག་ཡིན་པ་བསམ་དགོས་པ་ཞིག་ཆགས་འདུག འོན་ཀྱང་དེང་གི་ཆ་འདིར་ང་ཚོའི་མིག་ལམ་གྱི་མངོན་སུམ་འཆར་སྣང་དུ་སྔོན་ཆད་ཀྱི་གངས་རི་ དཀར་བོ། གླང་ཆེན་གྱི་མཆེ་བ་དགུང་སྔོན་དབྱིངས་སུ་བཙུགས་པ་ལྟ་བུ་བལྟ་བའི་ཆོག་མི་ཤེས་པ་དེ་དག་ད་ཆ་འབྲོང་གི་རྭ་རྩེར་མར་གྱི་ཡས་སྒྲོན་ཙམ་ལས་མངོན་མི་ཆེ་བར་གྱུར་བའི་ལན་པ་སུ་ལ་ཡོད། དེའི་འཁོར་དུ་ཆགས་པའི་མིའི་རིགས་ཀྱི་ཞེ་སྡང་གིས་དམག་འཁྲུག་འཐབ། ང་རྒྱལ་གྱིས་རྡུལ་ཕྲན་སྦྱར།     གདོད་མའི་ཚང་ཚིང་གི་ནགས་ཚལ་མེ་ལ་བསྐུར། དེ་བཞིན་གང་ས་དུ་མ་བཟོ་ལས་ཀྱི་དུ་བ་དང་མེ་ལྕེ་དེ་དག་ཐམས་ཅད་བར་མཚམས་མེད་པར་ནམ་མཁར་བཀངས་བས་ལན། སྔོན་ཆད་ཀྱི་དུས་དེ་རུ་ལུང་ཤུར་ཆེ་ཆུང་གྲངས་མེད་ལས། ཡན་ལག་བརྒྱད་ལྡན་གྱི་ཆུ་རྒྱུན་ཤང་ཤང་དུ་བབས་པ་ལ། ཁྲུས་ཀྱི་རྫིང་དུ་ཞུགས་ན་ལུས་ཀྱི་དྲི་མ་དག། བ་སྤུའི་སྒོ་ཕྱེ། པགས་པའི་མདངས་རྒྱས། ཁ་རུ་ཚེན་པས་སྐོམ་པའི་གདུང་བ་སེལ། བཟང་དྲུག་སྨན་གྱི་ཚབ་བྱེད་ནུས་པ་དེ་དག་ད་ལྟ་ཟས་སུ་སྤྱོད་རྒྱུ་ལྟ་ཞོག་ཐ་ན་ཆུ་མོའི་བགྲོད་ལམ་དེ་ཡང་གད་སྙིགས་རི་རབ་ལས་མཐོ་བས་ཤར་རེར་འགྲོ་བའི་རྒྱུན་བཅད་དེ་གང་གང་དུ་གཡོལ་ནས་འགྲོ་དགོས་པ་སུ་ཡིས་མ་འགྲིག་ཡིན། དེའི་ཁོར་ཡུག་དུ་ཆགས་པའི་མིའི་རིགས་ཀྱིས། ལེ་ལོའི་དབང་གིས་སྙིགས་མ་ཆ་མེད་གཏོར། འཁྲུལ་སྣང་དབང་གིས་ཁྲོན་ཆུ་བདུད་རྩིར་བསམ། མི་སེམས་དོར་ནས་ཁྱི་དང་ཕག་པར་འགྲན། མ་རབས་སྤྱོད་པར་བྱི་དོར་མེད་པས་ལན། སྔོན་ཆད་ཀྱི་དུས་དེ་ན་གཡས་རི་དང་གཡོན་རིའི་རྫ་གསེབ་དང་རི་དང་རི་མ་ཐང་གི་སྤང་ལྗོངས་སུ་ཞི་བདེ་ལྷོད་ལ་བབས་པའི་བྱ་དང་གཅན་གཟན་རི་དྭགས་སྣ་ཚོགས་རང་རང་སྒོ་ཕྱུགས་དང་དབྱེར་མེད་འཁོར་རྒྱུ་ཡོད་པ་དེ་དག་ད་ཆ་ཉིན་མོའི་སྐར་མ་ཙམ་དུ་གྱུར་བ་དང་རེ་གཉིས་མཐོང་རྒྱུ་ཡོད་པ་དེ་ཚོས་ཀྱང་རྒྱང་རིང་ནས་ཉེས་ཟོན་གྱི་ཤུ་སྒྲ་རྒྱག་པའི་འཇིགས་སྣང་ལས་འཆམ་མཐུན་གྱི་རེ་བ་སྤུ་ཙམ་མེད་པ་སུ་ཡིས་ལན། དེའི་ཁོར་ཡུག་ཏུ་ཆགས་པའི་མི་རིགས་ཀྱིས། འདོད་པའི་དབང་གིས་ཤ་ཁྲག་ལ་ཐོབ་ཤ་བྱས། མི་ཆོས་དང་བྲལ་བའི་གཤིན་རྗེའི་ཞགས་པ་བཟུང༌། རྒྱལ་ཁྲིམས་དང་འགལ་བའི་ཉེས་གསོག་བྱ་བར་མཁས། རྒྱུ་འབྲས་ཀྱི་བང་མཛོད་མུ་གེས་ཟད་པས་ལན། སྔོན་ཆད་ཀྱི་དུས་དེ་རུ་ནམ་མཁའ་གཡའ་དང་བྲལ། ས་གཞིས་གོས་ལྗང་ཀླུབས། སྤང་རྒྱན་དང་ཨུཏྤལ་གྱི་དྲི་བཟང་ཐུལ། རྩི་ཤིང་གི་ལོ་འདབ་དེ་རྣམས་བསིལ་བསིལ་རླུང་བུས་འགུལ་བའི་ཤོབ་སྒྲ་དང་འཇོལ་མོའི་གསུང་སྙན། ཁུག་རྟའི་གཤོག་འགྱུར་སོགས་ཀྱིས་ཡིད་སེམས་བག་ལ་ཕབ་པའི་སྤྲོ་སྣང་ གི་སྟེང་རྩི་ཤིང་ལོ་འདབ་ཀྱིས་འཕེན་པའི་གསོས་རླུང་བཟང་བོས་ལུས་སེམས་རྡོ་རྗེའི་བྲག་ལ་བཅོལ་བའི་སྣང་ཚུལ་དེ་ཉིད་ད་ལྟའི་དུས་སུ་ནམ་མཁའ་ཐལ་རླུང་གིས་འཁྲིགས། རྐང་མཐིལ་བྱེ་མས་བསྲེགས།       དབུགས་ཀྱི་རྒྱུ་བ་བརྩེགས། སྙིང་གི་གོམ་བགྲོད་མགྱོགས། མ་མོ་མཁའ་འགྲོ་ཁྲོས་ནས་ནད་ཡམས་རླུང་བུར་བསྐུར་བའི་སྐྱི་གཡའ་བའི་ཡུལ་ལུང་དུ་གྱུར་བའི་ལན་པ་སུ་ལ་ཡོད། དེའི་འཁོར་དུ་ཆགས་པའི་མིའི་རིགས་ཀྱིས། གླེན་པས་ཤིང་རྩ་ཁ་རུ་བཏོན། །བློ་ཆུང་བྱིས་བློས་བདག་མེད་ཤོར། །ཐོད་པར་འཁོར་བའི་ཞག་དང་ཚིལ། །དག་པར་བཤལ་བ་འགྱོད་པའི་བློ། །སླར་སྨྲས་པ། སྔོན་ཆད་བསགས་གང་འགྱོད་བཤགས་ཀྱིས། །ཕྱིས་སུ་འབད་ན་ཐོབ་པའི་རྒྱུ། །ཐམས་ཅད་སེམས་ཉིད་འདྲོངས་གྱུར་ན། །འཇིག་རྟེན་མགོན་པོས་ངེས་པར་སྩོལ། །ཞེས་རང་གཞན་གཉིས་ཀའི་བདེ་སྡུག་འཁོར་ནས་ཕྱིས་འབྱུང་ཡོ་བསྲང་དང་དོ་སྣང་གི་སྣང་ཚུལ་དུ་སྐུལ་རྒྱུར་སེང་གྲོང་དུ་རྒོད་སྐྱེས་ཀྱིས་སུག་པ་དགེ་བར་སྨོན།

                                                                                                                                        ༢༠༡༠ལོའི་རིག་གནས་ཡར་སྤེལ་ལས་བཤུས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
41271154
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1