༄༅། །སྡུག་ཐོག་ལ་སྡུག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »༄༅། །སྡུག་ཐོག་ལ་སྡུག
༄༅། །སྡུག་ཐོག་ལ་སྡུག
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/28ལྟ་ཀློག (1575)རྩོམ་ཁུངས: པར་འདེབ།

                                                     ཧོར་གཙང་བསོད་ནམས། རྨ་ལྷོ 

བློ་བར་འཛུམ་པའི་ཐ་སྙད་རྣོན་པོས།

སྲ་བརྟན་གངས་རིའི་ཕྱི་ནང་བསློགས་ནས།།

སེམས་ཀྱི་ཟབ་སར་ཐོལ་གྱིས་གཙག་དུས།།

མིག་ཆུ་བསྐམས་པའི་ཉིན་ཐོ་བཞུར་ཡོང༌།།

སྙན་ངག་འཁྲུལ་བའི་གོ་བ་རྣལ་མས།།

ས་ཆེན་སྡུག་གི་ལྭ་བ་གྱོན་ནས།།

བརྩེ་བ་སྣུམ་པོའི་རྒྱ་ཁྱོན་འཇལ་དུས།།

ཉེས་པས་བསད་པའི་རྣམ་ཤེས་སྙིང་རྗེ།།

ཁྲིམས་ཆད་བསྣན་པའི་རྨ་ཁ་གསོན་པོས།།

སྐྱོ་བའི་ལོ་ཟླ་ཕྲག་ལ་ཁུར་ནས།།

མུན་ནག་མུན་པའི་རི་གྲོང་འགྲིམས་དུས།།

དོན་ལྔ་སྣོད་དྲུག་རང་སོར་མ་གནས།།

བསམ་བློའི་རུ་ཁག་དམག་ལ་གཤར་ཡང༌།།

རྒོལ་བའི་སྨྱུག་རྩེ་གཏད་སོ་བོར་ཞིང༌།།

འཇིགས་སུ་རུང་བའི་གཡུལ་འགྱེལ་ཤུལ་ན།།

གྱོང་གུད་ཐེབས་པའི་རྣམ་ཐར་བརྩིགས་འདུག།

ན་ཟུག་རྣག་པའི་ལོ་རྒྱུས་རྩུབ་མོས།།

སྙོམས་པའི་རྩ་ཕྲན་བསྟུད་མར་བཅད་ནས།།

དུར་ཁྲོད་བྱ་ཡི་ཁ་རུ་ལྷུང་དུས།།

འགྱོད་པའི་ཁྲག་ཡིག་ཁ་ནས་བསྐྱུགས་ཚར།།

ཚོར་བའི་དུས་བཞིའི་མཐའ་ནས་འགྲེང་སྟེ།།

མྱ་ངན་ཐང་ཆེན་ཞིབ་ཏུ་ཀློག་དུས།།

ཁྱེད་དང་འདྲ་བའི་གངས་ལྷ་མེ་ཏོག།

འཕྲང་ལམ་དེ་ན་རི་བོང་རྭ་རེད།།

དུག་ཁ་འཕེལ་བའི་བསྐལ་བ་ཐ་མས།།

ཞི་བདེའི་སྨན་གྱི་སྦྱོར་བ་བསྣོགས་ནས།།

དམུ་རྒོད་བཞིན་དུ་སྟོབས་ཀྱིས་མཆོང་དུས།།

མི་ཚེའི་རིན་ཐང་རྩ་ནས་བོར་འགྲོ།

པོ་ཏིའི་ཚེ་སྲོག་གཅིག་བུས་སྤྱད་ནས།།

འོད་ཀྱི་ལམ་ལ་བདེ་བར་ཆས་དུས།།

ཐ་སྙད་ནག་པོའི་མཚོན་ཆ་སྒྲིག་པ།།

ལན་ཆགས་བརྩེགས་མའི་ཁ་སྣོན་ཡིན་སོང༌།།

ལྷ་ཡི་གཅེར་གཟུགས་ཚོར་བས་བསུས་ཀྱང༌།།

གོ་བའི་མི་ལ་སྐྱིད་སྣང་མ་འཆར།།

མི་རྟག་དྲན་མགུར་སྙན་ལ་བཞུར་ན།།

ངེས་འབྱུང་རྫུན་མའི་བཟི་ཁ་བཙན་གི།།

གསེར་གྱི་ས་བོན་རུལ་བའི་བདེན་པ།།

ཚད་མའི་ཞིང་ན་སྨྱོན་པས་ལབ་འདུག།

གར་དང་གླུ་ཡི་རྒྱ་མཚོའི་ནང་ནས།།

རྫོགས་གསར་དུས་ལ་རེ་བ་ཆད་ཀི།

རྗེས་དྲན་གསོལ་བའི་མིང་བྱངཤི་བོ།།

སྙིང་རྗེ་ཆེན་མོའི་སྒོ་ལ་བཏགས་ནས།།

ལྟ་བ་ཟབ་མོའི་མགྲོན་ལ་བཅར་དུས།

ཉམ་ཆུང་རིགས་ལ་བསུ་མ་ཨེ་ཡོད།།

ཉི་ཟླའི་སྲས་ལ་མུན་པ་འཁྲུངས་ན།།

ཆུ་མིག་ཤ་ལ་གྱོང་གུད་ཐེབས་སྲིད།།

གནམ་སའི་མངལ་ནས་མགོན་དུ་བྱོན་ན།།

སྲིན་པོའི་མཆེ་བར་ཡང་ཡང་ལྷུང་སྐད།།

བདག་མེད་སེམས་ཀྱིས་བློ་རིག་སྒྲིམ་ནས།།

ཡན་ལག་ཞ་བོས་རང་ཚུགས་བཟུང་ནས།།

སྨྱུག་ཤོག་འཚོ་བ་དང་དུ་ལེན་དུས།།

རླབས་ཆེན་མཁས་མང་ལྷག་ཏུ་དྲན་ཀི།                                                            ༢༠༡༠ལོའི་ཟླ༡༠པའི་ཚེས༢༨ཉིན་སློབ་གླིང་དུ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
74va བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41156793
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1