ཀྲུང་གོའི་འཁྲབ་ཁྲིད་པ་ཅ་ཀྲང་ཁི་ཡིས་བྱ་དགའ་ལེན་པའི་ཚུལ།
ཧྥ་རན་སིའི་ཆུ་ཚོད་ཕྱི་ཟླ5པའི་ཚེས26ཉིན། ཁཱ་ན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས66པ་ཡོངས་སུ་མཇུག་བསྡུས་ཤིང་།བདམས་ཐོན་བྱུང་བའི་གློག་བརྙན་རྣམས་ལ་བྱ་དགའི་རྟགས་མ་བསྩལ། ད་ལོའི་དཔྱད་འདེམས་འབྲས་བུར་གཞིགས་ན། འཁྲབ་ཁྲིད་པ་ཨ་བྷུ་ཏེ་ཁུ་ཁི་ཞེ(Abdel Kechiche)ལགས་ཀྱི་བརྩམས་ཆོས«ཨ་ཏེ་ལི་ཡི་མི་ཚེ»(La Vie d'Adele)ཞེས་པ་ལ་སྐབས་འདིའི་གསེར་གྱི་ཏ་ལའི་རྟགས་མ་ཐོབ་ཅིང་། འདི་ནི་ཧྥ་རན་སིའི་གློག་བརྙན་གྱིས་མཚན་མཐུན་གྱི་འབྲེལ་བ་ལ་དྲང་ཕྱོགས་ནས་ཞིབ་བརྗོད་བྱས་པའི་གློག་བརྙན་ཐོག་མ་ཡིན་འདུག སྐབས་འདིའི་གློག་བརྙན་དུས་སྟོན་དེ་ཧྥ་རན་སིའི་མཚན་མཐུན་གཉེན་སྒྲིག་ལ་ངོ་རྒོལ་བྱེད་པའི་དུས་དང་སྟབས་ཁེལ་འདུག་པས། གློག་བརྙན་འདི་བདམས་པ་ལ་མི་མང་པོ་ཞིག་གིས་ངོ་རྒོལ་བྱེད་ཀྱིན་ཡོད་སྐད། མེ་ཁི་ཟེ་ཁོ་ནས་ཡིན་པའི་ཨ་མཱ་ཐྲི་ཨེ་ཟི་ཁ་ལན་ཐི(Amat Escalante)ལ་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་བསྩལ་པ་དང་། ཨ་རིའི་འཁྲབ་སྟོན་པ་བྷུ་རི་ཟུ་ཏེར(Bruce Dern)དང་ཧྥ་རན་སིའི་འཁྲབ་སྟོན་པ་པེ་རེ་ནི་ཟི་པེ་ཆེ(Bérénice Bejo)གཉིས་ལ་འཁྲབ་སྟོན་པ་རྩེ་གྲ་ཕོ་མོ་གཉིས་ཀྱི་མཚན་སྙན་གནང་། གཞན་ཡང་། གློག་བརྙན་འགའ་ཤས་ཤིག་ལ་བྱ་དགའི་རྟགས་མ་བསྩལ་ཡོད་པ་འོག་གི་མཚན་བྱང་ཞིབ་བཀོད་ལ་གཟིགས་རོགས།
ཀྲང་ཙི་དབྱི་ཡིས་Byounggon Moon [ཁོ་རེ་ཡ་ལྷོ་མ] ལ་བྱ་དགའ་སྤྲོད་པའི་ཚུལ།
བྱ་དགའི་རྣམ་གྲངས།
གསེར་གྱི་ཏ་ལའི་རྟགས་མ་ཐོབ་མཁན།
«ཨ་ཏེ་ལི་ཡི་མི་ཚེ»(La Vie d'Adele) འཁྲབ་ཁྲིད་པ། Abdel Kechiche [ཧྥ་རན་སི]
དཔྱད་འདེམས་པའི་བྱ་དགའ་ཆེན་མོ།
«དམངས་གླུའི་རོལ་མཚོ»(Inside Llewyn Davis)འཁྲབ་ཁྲིད་པ། Ethan Coen དང་། Joel Coen [ཨ་རི]
འཁྲབ་ཁྲིད་པ་རྩེ་གྲ།
Amat Escalante གློག་བརྙན། «ཧེ་ལི»(Heli)[མེག་ཟེ་ཁོ]
འཁྲབ་གཞུང་མཁན་རྩེ་གྲ
«གནམ་བསྐོས»(天注定) འཁྲབ་ཁྲིད་པ། 贾樟柯 [ཀྲུང་གོ]
འཁྲབ་སྟོན་པ་རྩེ་གྲ་ཕོ།
Bruce Dern གློག་བརྙན། «ནེ་བྷེ་ལ་ཟི་ཁཱ»(Nebraska) [ཨ་རི]
འཁྲབ་སྟོན་པ་རྩེ་གྲ་མོ།
Bérénice Bejo གློག་བརྙན། «འདས་ཟིན་པ»(Le passé) [ཧྥ་རན་སི]
དཔྱད་འདེམས་པའི་བྱ་དགའ།
«ཕ་འདྲ་བའི་བུ»(Like father like son) འཁྲབ་ཁྲིད་པ། Hirokazu Koreeda [ཉི་ཧོང]
གཞན་དག
རྩོམ་ཕུད་རྩེ་གྲ
«ཡེ་ལོ ཡེ་ལོ»(Ilo Ilo) འཁྲབ་ཁྲིད་པ། Anthony Chen [སིངྒ་ཕོར]
བརྙན་ཐུང་གི་གསེར་གྱི་ཏ་ལའི་ལོ་འདབ་ཀྱི་རྟགས་མ།
«བདེ་འཇགས»(Safe) འཁྲབ་ཁྲིད་པ། Byounggon Moon [ཁོ་རེ་ཡ་ལྷོ་མ]
བློ་མཐུན་གསེར་གྱི་ཏ་ལའི་རྟགས་མ།
«མཚོ་ངོགས་ཀྱི་ཕྱི་མི»(L'inconnu du lac) འཁྲབ་ཁྲིད་པ། Alain Guiraudie [ཧྥ་རན་སི།]
དོ་སྣང་ཞིག་ཅེས་པའི་རྣམ་གྲངས།
གློག་བརྙན་རྩེ་གྲ
«བོར་བརླགས་སུ་ཕྱིན་པའི་པར་རིས»(L'image manquante) འཁྲབ་ཁྲིད་པ། Rithy Panh [ཧྥ་རན་སི]
དཔྱད་འདེམས་པའི་བྱ་དགའ།
«ཨོ་མྲ»(Omar) འཁྲབ་ཁྲིད་པ། Hany Abu-Assad [ཕ་ཁི་སི་ཐན]
འཁྲབ་ཁྲིད་པ་རྩེ་གྲ
«མཚོ་ངོགས་ཀྱི་ཕྱི་མི»(L'inconnu du lac) འཁྲབ་ཁྲིད་པ། Alain Guiraudie [ཧྥ་རན་སི]
དོ་སྣང་ཞིག་ཅེས་པའི་བྱ་དགའ།
«གསེར་གྱི་བཙོན་ར»(La jaula de oro) འཁྲབ་ཁྲིད་པ། Diego Quemada-Diez [མེག་ཟེ་ཁོ]
མ་འོངས་པའི་བྱ་དགའ།
«གྷི་རན་ཐིའི་མི་ཚེ»(Fruitvale Station) འཁྲབ་ཁྲིད་པ། Ryan Coogler [ཨ་རི]
རྒྱ་ཡིག་གི་ཁ་ཤོག་དག

བོད་བརྙན་དྲ་བ་ལས་བཤུས།
|