༄༅། །རྗེས་དྲན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »༄༅། །རྗེས་དྲན།
༄༅། །རྗེས་དྲན།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/5/31ལྟ་ཀློག (1701)རྩོམ་ཁུངས: པར་འདེབ།

                                                                                       ཚུལ་ཁྲིམས། ཞལ་ཤུལ

སྐྱེ་རྒ་ན་འཆིའི་གཡུལ་ངོ་འདི་ནས་ཕ་རོལ་སོན་པ་བཅོམ་ལྡན་འདས།།

གདུལ་བྱའི་རྟག་འཛིན་རི་བོ་གཏོར་ཕྱིར་སྐུ་ཡི་བཀོད་པ་བསྡུས་ལེགས་ཏེ།།

ཐུབ་པའི་རྣམ་ཐར་བདག་གིར་བཞེས་པའི་ཀུན་སྤངས་རྣལ་འབྱོར་དབང་ཕྱུག་ཁྱོད།།

ཞིང་གཞན་གཤེགས་པའི་ངང་ཚུལ་བསམ་ན་དྲན་པའི་གདུང་བ་སྙིང་ལ་ལྕི།།

སྐྱབས་གཅིག་བླ་མའི་སྐུ་ཡི་མཛད་པ་ཐ་མལ་སྟོན་པའི་དུས་ཉིད་དུ།།

ཐོས་བསམ་ལས་ལ་གཅིག་ཏུ་གཞོལ་ཞེས་བཀའ་གསུང་བསྩལ་བའི་བཀའ་དྲིན་དང༌།།

དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུངས་ནས་དགེ་འདུན་ཐུགས་མཐུན་བྱེད་དགོས་ཞེས།།

བསླབ་བྱ་བདུད་རྩིའི་བགོ་སྐལ་གནང་བའི་མཚུངས་མེད་བླ་མ་སྙིང་ནས་དྲན།།

དད་གཤིན་ནོར་རྫས་མཛོད་དུ་སྤུངས་པའི་སྤྲུལ་སྐུ་ཕྱུག་པོའི་གོ་གནས་སྤངས།།

ཟས་གོས་གང་བཟང་ལོངས་སུ་སྤྱོད་པའི་སློབ་གཉེར་བ་ཡི་མཐུན་རྐྱེན་སྤངས།།

ལྟོ་སྐྱ་གོས་ཧྲུལ་གྲོགས་སུ་བསྟེན་མཁན་སྙིགས་དུས་འདི་ན་ཁྱེད་ལས་སུ།།

ཉེར་གཅིག་དུས་སུ་མི་ལ་རས་པའི་རྣམ་ཐར་སྐྱོང་མཛད་བླ་མ་དྲན།།

གངས་དཀར་ཤེལ་གྱི་མཆོད་རྟེན་དྭངས་མ་གཡོ་སྒྱུ་དུ་བ་ནག་པོའི་སྒྲིབ།།

རང་རིགས་གངས་སེང་དཀར་མོའི་འོ་མ་ཝ་སྤྱང་ཁ་ཆུའི་སྦགས་དུས་སུ།།

ལུས་སེམས་དྲི་མ་འཁྲུད་པར་བྱེད་པ་དམ་པ་གང་གི་ཞལ་གསུང་ཏེ།།

འདི་ལྟར་བསམ་ན་བྱམས་བརྩེའི་བདག་ཉིད་དྲན་པའི་ན་ཟུག་བཟོད་པར་དཀའ།།

                                                                                                            ༢༠༡༠ལོའི་རིག་གནས་ཡར་སྤེལ་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41349845
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1