ཨ་མེ་རི་ཁའི་དབུས་ཕྱོགས་ས་ཁུལ་དུ་ཡང་བསྐྱར་རླུང་འཚུབ་དྲག་པོའི་འཇིགས་པ་ཐེབས་ཏེ་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་དགུ་ལ་རྨས་ཕོག་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »ཨ་མེ་རི་ཁའི་དབུས་ཕྱོགས་ས་ཁུལ་དུ་ཡང་བསྐྱར་རླུང་འཚུབ་དྲག་པོའི་
ཨ་མེ་རི་ཁའི་དབུས་ཕྱོགས་ས་ཁུལ་དུ་ཡང་བསྐྱར་རླུང་འཚུབ་དྲག་པོའི་འཇིགས་པ་ཐེབས་ཏེ་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་དགུ་ལ་རྨས་ཕོག་པ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/1ལྟ་ཀློག (1403)རྩོམ་ཁུངས: 

 

ཨ་མེ་རི་ཁའི་ཨིག་ཁི་ལཱ་ཧི་མཱ་ཀྲིག་ཏུ་རླུང་འཚུབ་དྲག་པོའི་འཇིགས་པ་ཐེབས་ནས་རིང་བོ་མ་འགོར་བར། ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་ནས་ཚེས་སོ་གཅིག་ཉིན་བར་ཨ་མེ་རི་ཁའི་དབུས་ཕྱོགས་ས་ཁུལ་དུ་ཡང་བསྐྱར་སེར་བ་དང་བསྡོངས་པའི་རླུང་འཚུབ་དྲག་པོའི་འཇིགས་པ་ཐེངས་བཅུ་ལྷག་ཐེབས་ཏེ།ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་དགུ་ལ་རྨས་ཕོགམ་འོངས་པའི་ཉིན་འགའི་ནང་ནམ་ཟླ་ཧ་ཅང་མི་བཟང་ལ་དབུས་ཕྱོགས་ཀྱི་ཀྲིག་མང་བོའི་མང་ཚོགས་བྱེ་བ་བཞི་ལྷག་ལ་འཇིགས་ཉེན་བཟོ་སྲིད།ཨ་མེ་རི་ཁའི་རྒྱལ་ཁབ་ནམ་ཟླའི་ཞབས་ཞུ་ཅུའུ་ཡིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བདེན་དཔང་བྱས་དོན།རླུང་འཚུབ་དྲག་པོས་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་ཨ་ཁུན་སི་ཀྲིག་དང་དབྱེ་ལེ་ནོའུ་དབྱེ་ཀྲིག

ཨིག་ཁི་ལཱ་ཧི་མཱ་ཀྲིག་བཅས་ལ་སྔ་གཞུག་ཐེངས་བཅུ་ལྷག་ལ་གནོད་པ་བཟོས་པ་དང་།ཁང་བ་ཁག་ཅིག་ལ་གཏོར་བརླག་ཐེབས་པར་མ་ཟད་ས་ཁུལ་རེ་འགའི་སྡོང་བོ་དང་གློག་སྐུད་སོགས་ལའང་གནོད་པ་ཐེབས་ཡོད།ཨ་ཁུན་སི་ཀྲིག་གི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་སཱ་ཏི་ལེ་ཡིས་བསྟན་དོན།ཉུང་མཐར་ཡང་རླུང་འཚུབ་དྲག་པོས་ཐེངས་གཉིས་ལ་ཀྲིག་དེའི་མིན་ཀི་མཱ་ལེ་རྫོང་དང་ཁི་ལཱ་ཁི་རྫོང་དུ་འཇིགས་ཉེན་བཟོས་པ་དང་།སྲོག་ཆགས་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་པ་ཞིག་དང་བདེ་སྲུང་དཔོན་པོ་ཞིག་དགོང་མོ་དེའི་ཆུ་ལོག་ཁྲོད་གར་སོང་མ་རྙེད་པ་དང་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས་ཡོད་ཟེར།རྡོ་ཆུང་མཁར་གྱི་ལྷོ་ནུབ་ཕྱོགས་ཀྱི་དབྱིན་ལེ་སུམ་ཅུའི་མཚམས་སུ་ཡོད་པའི་ཐཱ་ཨར་གྲོང་ཁྱེར་དུ།རླུང་འཚུབ་དྲག་པོས་སྡོང་བོ་ཆེན་པོ་ཞིག་རྫོགས་ནས་རླངས་འཁོར་ཞིག་མནན་པ་དང་།རླངས་འཁོར་གྱི་ཁ་ལོ་བ་རྐྱེན་ལམ་དུ་ཤོར།གཞན་མི་དགུ་ལ་རྨས་ཕོག་པ་དང་དེའི་ནང་མི་གཉིས་ལ་ཐོག་གི་འཇིགས་ཉེན་བྱུང་བ་རེད་ཟེར།

                                                                                                                  ཞིན་ཧྭ་གསར་འགྱུར་དྲ་བ་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
41982714
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1