༄༅།།བྱ་བཏང་བླ་མ་དྲན་པའི་སྐྱོ་མགུར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »༄༅།།བྱ་བཏང་བླ་མ་དྲན་པའི་སྐྱོ་མགུར།
༄༅།།བྱ་བཏང་བླ་མ་དྲན་པའི་སྐྱོ་མགུར།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/1ལྟ་ཀློག (1955)རྩོམ་ཁུངས: པར་འདེབ།

                                                              དཔལ་ལྡན་གྲགས་པ། ཞལ་ཤུལ

མཁྱེན་པའི་ཡེ་ཤེས་དབང་འབྱོར་ཞིང༌།།

སྒྲིབ་གཉིས་ཡེ་ནས་རྣམ་སྤངས་པའི།།

རྩོད་ལྡན་སྙིགས་མའི་འདྲེན་པ་ཆེ།།

བདག་གི་བླ་མ་དམ་པ་ལགས།།

ཆེ་དགུའི་གཙུག་ན་མངོན་འགྱིངས་ཤིང༌།།

རིགས་འཕྲུལ་བདུད་ཀྱིས་མགོར་འཕེན་པའི།།

བདག་གི་བླ་མ་བྱ་བྲལ་བ།།

གློ་བུར་ཞིང་ལ་བཞུད་འདིས་སྐྱོ།།

ཁྱེད་ཀྱི་ཞལ་རས་གཟི་བྱིན་ཅན།།

ཆུ་ལྷའི་ཕང་བར་ཡིབས་པ་ན།།

འཛམ་གླིང་མུན་སེལ་ནམ་མཁའི་ནོར།།

གང་དུ་བཞུད་ཅེས་འགྲོ་དག་གླེང༌།།

ཉིད་ཀྱི་ཞལ་གསུངས་སྙིང་བརྩེ་ཅན།།

མགུལ་བའི་བར་ནས་འགག་པའི་དུས།།

དཔྱིད་ཀྱི་ཆར་བ་ཆད་དམ་ཞེས།།

དོན་གཉེར་སྐྱོ་བའི་སྨྲེང་གླུ་ལེན།།

ཐུགས་དཀྱེལ་ཡངས་པའི་བླ་མ་ཆེ།།

ཐུགས་དམ་དང་བཅས་གཤེགས་པའི་དུས།།

ཐུགས་སྐྱེས་བུ་སློབ་ཁྲི་མ་འབུམ།།

ཐུགས་སྐྱོའི་མྱ་ངན་མཆི་མ་འཆོར།།

མ་འོངས་དུས་ཀྱི་བགྲོད་པ་ཡིས།།

ཚེ་ཡི་ཉི་མ་མ་འཕྲོགས་པར།།

ཁྱེད་ཉིད་ཁོ་ནས་བརྗོད་པ་ལ།།

བདག་གི་སྙིང་ནས་བཀུར་བར་བགྱི།།

དེ་ཡང་ཡབ་རྗེ་བླ་མ་ཁྱེད།།

སྐྱོན་མི་མངའ་ལ་ཡོན་ཏན་ལྡན།།

ལྷག་པར་མགོན་མེད་འགྲོ་བ་ཡི།།

དཔུང་དང་གཉེན་པོར་འགྲེང་བས་སོ།།

སླད་ཀྱི་ཆར་ཡང་ཉིད་ཀྱི་སྐུའི།།

ཡོན་ཏན་ཆ་ཤས་ཀུན་རྫོགས་པའི།།

ཡང་སྤྲུལ་ཟླ་བ་གཞོན་ནུ་ཡིས།།

གང་གི་ཁྲི་འཕང་ནོན་གྱུར་ཅིག།

                                                                                                             ༢༠༡༠ལོའི་རིག་གནས་ཡར་སྤེལ་ལས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jh9n བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41317025
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1