བོར་ཟིན་པའི་བརྩེ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ཁཱ་ཤེས་རབ་རྒྱ་མཚོ། »བོར་ཟིན་པའི་བརྩེ་བ།
བོར་ཟིན་པའི་བརྩེ་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/8/8ལྟ་ཀློག (4909)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

  

མདོ་སྨད་པ་ཟླ་གྲགས།  རྨ་ལྷོ།

ཐོག་ཐག་མི་ཚེ་ཡི་འཁོར་ལོ་མགྱོགས་པོས།།

བདག་གི་བརྩེ་དུང་གི་ལྷ་ཆེན་ཚངས་དབང་།།

མི་མངོན་ཕྱི་མ་རུ་བཙན་གྱིས་ཁྲིད་པར།།

དྲན་པའི་བཅད་རྩོམ་གྱི་ཚོམ་བུ་དབེན་མེད།།

 

མ་དབང་ཡབ་ཆེན་གྱི་བརྩེ་བར་དཔག་ནས།།

ཤུལ་ལུས་བུ་ཆུང་ངའི་སྡུག་བསྔལ་ཐེར་འབུམ།།

སྙུག་གུ་ནག་པོ་འདིའི་གར་དུ་འཁྱུག་བཞིན།།

དེ་རིང་མི་ཡུལ་ལ་བང་གིས་བསྐྱོད་ཡོད།།

 

བརྩེ་བའི་མིག་ཀོང་གི་དབང་ཤེས་ཅེར་ནས།།

སྟོང་འཇགས་སྒེག་མོ་ཡི་སྤྱན་ཟུང་ངོས་ལ།།

དར་དཀར་ཚེ་སྲོག་གི་ཆུ་ཐིགས་འཛག་པ།།

ལྷ་བསང་དམར་བོ་དེའི་དབྱིངས་ལ་ནུབ་འདྲ།།

 

ལོ་ཟླའི་སྐྱོ་གར་གྱི་བསམ་གཞིགས་རྫོགས་མེད།།

མདངས་དཀར་ཤོག་བུ་ཡི་ངོས་སུ་བྲིས་ནས།།

དྲན་ཆེན་ཕ་ལོ་ཡི་ཕྱོགས་སུ་བསྐུར་ཡང་།།

ཨ་ལན་གནད་མ་ཞིག་སྟོང་བའི་དབྱིངས་རེད།།

 

ཉི་ཟླ་སྐར་གསུམ་གྱི་འོད་ཞགས་བར་ནས།།

བརྩེ་བའི་ལྷ་ཆེན་གྱི་སྨྲེང་སེམས་བན་བུན།།

ཚོར་བའི་གསང་ལམ་ལ་དལ་གྱིས་ཟུག་དུས།།

ཁོ་བོའི་ཨུ་ཤུ་དེ་གཙང་བོར་འདྲེས་ཡོད།།

 

འཚང་ག་ཤིག་ཤིག་གིས་གཉེན་ཉེ་མང་བོས།།

གདུང་ཚོར་མཚན་རླུང་གི་མགྲོན་དུ་སྤར་ནས།།

མྱི་སེམས་དག་མ་ཡིས་མཆོད་པ་བྱས་ཏེ།།

བོར་ཟིན་བརྩེ་བ་ཡི་ཁ་དོག་དྲན་གདའ།།

 

ཀུ་ཤུའི་རོ་མངར་ལྟར་ཤིན་ཏུ་ཞིམ་པའི།།

བརྩེ་བའི་ཡབ་ཆེན་གྱི་མིག་ཟུང་ཆ་གཉིས།།

ཟླ་གམ་གོང་བར་ནས་གཞན་ལ་ལྟ་དུས།།

བདག་ཡིད་གཟུར་གནས་ཀྱི་དྲན་པ་འགོག་མེད།།

 

སུན་སྣང་དགུན་ཟླ་ཡི་གྲང་འཁྱགས་ཧྲག་ནས།།

བརྩེ་བའི་རིལ་བུ་དེ་ཧུབ་ཀྱིས་འཐུང་འདོད།།

སྣང་ངེས་དྲན་འཛིན་གྱི་ཚོར་བ་རྩེན་དུས།།

སྟོང་སྣང་རྨི་ལམ་གྱི་དམིགས་པ་འཁྲུལ་འདུག།

 

དྭངས་བསིལ་ཞོགས་པ་ཡི་ཉི་འོད་འཇམ་ཡང་།།

བཞུད་ཟིན་ཡབ་ཆེན་གྱི་སྙིང་དྲོད་བསམ་ན།།

གཅེས་ཕྲུག་རིག་མིང་བའི་ཚོར་བ་རྣོན་པོ།།

དགུ་ཆུའི་འགྲམ་རོལ་ནས་གྲང་བ་གྲངས་མེད།།

                                                      ༢༠༡༤ ༦ ༡༧ ཉིན་དལ་འབྲི་བྱས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 21 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
gd5j བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/8/10
དེང་རབས་བཅད་རྩོམ་པའི་སྙན་ངག་འདི་ལ་རེ་བ་ཆེན་པོ་ཡོད། རྩེ་པྲ་ཚགས་ཀྱིས།
 སྤེལ་མཁན:  སྤེལ་དུས:2013/8/9
གལ་ཏེ་ཐེངས་འདིའི་སྙན་ངག་ལ་བྱ་དགའ་ཞིག་ཡོད་ན།དེ་ནི་ངེས་པར་ཁྱེད་ཀྱིའོ།
 སྤེལ་མཁན:  སྤེལ་དུས:2013/8/9
བྲིས་པ་ཤིན་ཏུ་ཡག་སོང་། བཅད་རྩོམ་པ་རིག་པའི་རྣོ་གྲིའམ་མདོ་སྨད་པ་ཟླ་གྲགས་ལ་ཡིད་རྟོན་ཐེར་འབུམ་ཡོད། འབྲོང་ལྡོམ་པོས།
 སྤེལ་མཁན:  སྤེལ་དུས:2013/8/9
ཁྱེད་ཀྱི་སྙན་ངག་དག་ལ་ཧ་ཅང་དགའ་བའི་གྲོགས་ཤིག་ཐོན་ཡོད། རེ་བ་དང་ཡིད་རྟོན་གྱི་ངང་ནས་བྱ་དགའ་དེ་ཐོབ་པར་སྨོན། ཟིན་གྲོགས་དབང་རྒོད་ནས།
 སྤེལ་མཁན:  སྤེལ་དུས:2013/8/9
ན་གཞོན་པའི་སེམས་གཏིང་གི་བཅད་རྩོམ་པ་འགྲན་བསྡུུར་ལ་ཞུགས་པར་དགའ་བསུ་བྱེད།ཁྱེད་ལ་རེ་བ་ཟབ་མོ་ཡོད། རྩོམ་ཡག་སོང་། སློབ་ཆེན་པ་སྒྲོན་མ་ཚེ་བརྟེན་གྱིས།
 སྤེལ་མཁན:  སྤེལ་དུས:2013/8/8
ངས་བསམ་ན་ཁྱེད་ལ་བྱ་དགའི་རྟགས་མ་དེ་གེགས་མེད་པར་ཐོབ་ངེས་རེད། རྩོམ་རྩལ་ཤིན་ཏུ་ཡག་སོང་། གྲོགས་གཉེན་པོ་ནས།
 སྤེལ་མཁན:  སྤེལ་དུས:2013/8/8
གསར་སྐྱེས་བཅད་རྩོམ་པ་ལ་ཡིད་ཆེས་ཡོད། སྙན་ངག་འདི་ལ་ཡང་རེ་བ་ཆེན་པོ་ཡོད་པས་རྟེན་འབྲེལ་ཞུ། ཞེས་མྱི་དཀར་བོས།
 སྤེལ་མཁན:  སྤེལ་དུས:2013/8/8
དེང་རབས་སྙན་ངག་པ་ཞིག་ཟེར་རྒྱུ་ཡིན། གྲོགས་པོ་ལགས། ཐོས་པ་དོན་ལྡན་ཞིག་བྱེད་ན།། གང་ཐོས་རང་རྒྱུད་ལ་སྦྱོར་རོགས།། དོན་མེད་ཐོས་པ་ཞིག་བྱེད་ན།། ཐ་སྙད་ཚིག་རྐང་རང་བསྒྲིགས་ཤིག།། མི་ཆ་མེད་རྣོ་འབར་ནས་གུས་པས།
 སྤེལ་མཁན:  སྤེལ་དུས:2013/8/8
དེང་རབས་ན་གཞོན་པའི་སེམས་ཀྱི་བཅད་རྩོམ་པ་འགྲན་བསྡུར་གྱི་གྲལ་དུ་སླེབས་དགའ་ཡོད། དྲ་གྲོགས་རྨ་དུག་གྲིས།
 སྤེལ་མཁན:  སྤེལ་དུས:2013/8/8
མདོ་སྨད་པ་ཟླ་གྲགས་ལགས་ཁྱེད་ནི་ན་གཞོན་ཤེས་ཡོན་པ་ཞིག་ཡིན་པར་སྔ་མོ་ནས་གོ་མྱོང་། ད་དུང་ཁྱེད་ཀྱི་བཅད་རྩོམ་བརྒྱ་ལྷག་བཀླགས་ཚར། དེ་བས་ཐེངས་འདིར་ཁྱེད་ལ་རེ་བ་ཟབ་མོ་ཡོད། རྩེ་གངས་རྒན་གྱིས། ངའི་ཁ་པར༡༥༣༥༢༩༣༩༨༤༡
  པར་ངོས་ཐོག་མ།  གོང་མ།  པར་ངོས 2/3 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
41142584
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1