གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/9/18ལྟ་ཀློག (44697)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     2014.9.15ཉིན་མདོ་སྨད་ཁྲི་འདུ་ལྷ་ཡི་གྲོང་ཁྱེར་དུ་གངས་ལྗོངས་གྲུབ་མཐའ་ཁག་དྲུག་གི་མཁས་དབང་རྣམ་པས་གྲུབ་མཐའ་རིས་མེད་དང་།  གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན་བསྡུས་ཤིང་། གསེར་རྟའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས།   ས་སྐྱ་པ་རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ།  དགེ་ལྡན་པ་ཀིརྟིའི་དགེ་བཤེས་བརྩོན་འགྲུས། བཀའ་བརྒྱུད་པ་དཔལ་སྤུངས་མཁན་ཆེན་དོན་གྲུབ་བཀྲ་ཤིས།   ཇོ་ནང་པ་དགེ་བཤེས་དངོས་གྲུབ་དཔལ། རྙིང་མ་པ་ཡ་ཆེན་སྤྲུལ་གསང་སྔགས་བསྟན་འཛིན།   བོན་པོ་བ་སྣང་ཞིག་སྐྱབས་མགོན་བཅས་ཚོགས་ཞུགས་མཛད་དེ་བཀའ་སློབ་མང་བོ་གནང་འདུག

ཚོགས་འདུ་འདིའི་དགོངས་དོན་གནད་བསྡུས་དང་གྲོས་འདེབས་ཀྱི་གྲོས་ཆོད་ཡི་གེ

གྲོས་ཆོད་དང་པོ།

        ནང་པ་སངས་རྒྱས་པའི་དགེ་འདུན་པ་སྤྱི་དང་། སྟོན་པ་དང་། ཆོས་ལ་ཡིག་ངག་གང་རུང་གི་ལམ་ནས་ངན་སྨད་དང་སྐུར་འདེབས་ཀྱི་ལས་རིགས་ལ་ཞུགས་ཚེ་སློབ་གསོ་གནང་རྒྱུ་སོགས་ཐབས་ལམ་འཇམ་པོས་བསྒྱུར་བཅོས་བྱེད་དུ་འཇུག་རྒྱུ་དང་། དེས་ཀྱང་བསྒྱུར་བཅོས་མ་བྱས་ན་དགེ་འདུན་པ་སྤྱིའི་སྒྲིག་འཛུགས་ཀྱི་ལམ་ནས་གནས་དབྱུང་གི་ལས་ལ་སྦྱར་རྒྱུ། གནས་ནས་བྱུང་ཟིན་པ་གྲུབ་མཐའ་དང་ཆོས་བརྒྱུད་ཁག་གཞན་གྱིས་ཡར་མི་བསྡུ་རྒྱུ།

གྲོས་ཆོད་གཉིས་པ།

        དགོན་པ་སོ་སོའི་ནང་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་ཐོབ་ཐང་ངོས་ལེན་མེད་པར་རྒྱ་ཡུལ་སོགས་སུ་རང་དགར་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་མཚན་སྙན་བེད་སྤྱོད་བྱས་ཏེ་གཞན་ལ་མགོ་བསྐོར་གཏོང་བར་སྔོན་འགོག་ཡོང་བར་གདན་ས་ཁག་དྲུག་དང་ཆོས་སྡེ་གཉིས་ཀྱིས་གཅིག་གྱུར་གྱི་དཔང་ཡིག་ཚད་ལྡན་ཞིག་གཏན་ལ་འབེབ་རྒྱུ་དང་། དཔང་ཡིག་སྟེར་མཁན་གྱི་མི་སྣ་ཚད་ལྡན་རྩ་འཛུགས་བྱ་རྒྱུ། དེ་དག་ལ་སྤྲུལ་སྐུའི་དཔང་ཡིག་དགོས་པའི་རེ་བ་བཏོན་ཚེ་ངོས་འཛིན་ཚད་ལྡན་བྱས་ཡོད་མེད་དང་། ངོས་བཟུང་ཟིན་ཡང་བསམ་སྤྱོད་ཀྱི་ཐད་ནས་དཔང་ཡིག་སྟེར་འོས་མིན་ལ་ཞིབ་བཤེར་ནན་མོ་མཛད་དགོས།

གྲོས་ཆོད་གསུམ་པ།

        རབ་བྱུང་རྣམས་ཀྱིས་དགེ་འདུན་པ་སྤྱིའི་དོན་མ་ཡིན་པར་རང་དོན་དུ་ཚོང་བྱེད་པ་སོགས་དཔལ་འབྱོར་རྩོལ་སྒྲུབ་དང་གཞན་ཡང་དམེ་བྱེད་པ། སྤྱོད་ཡུལ་མ་ཡིན་པའི་གནས་སུ་ཞུགས་པ་དག་གིས་མཚོན་ཁྱིམ་པ་སུན་འབྱིན་གྱི་རྒྱུར་འགྱུར་བ་དག་སྔོན་འགོག་ཡོང་བར་དགོན་པ་དེར་གཏོགས་ཀྱི་རབ་བྱུང་རྣམས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་བཤད་སྒྲུབ་གང་རུང་དུ་བསྡུ་ཅི་ཐུབ་བྱ་རྒྱུ་དང་། གནས་སྐབས་བསྡུ་མ་ཐུབ་པ་རྣམས་ལ་ལོ་རེར་ཟླ་གཅིག་ཡན་གྱི་དུས་ཚོད་ངེས་ཅན་ཞིག་གཏན་ཁེལ་བྱས་ཏེ་སློབ་གསོའི་གསབ་སྦྱོང་འཚོགས་རྒྱུ།

གྲོས་ཆོད་བཞི་བ།

ཕམ་པ་འཆབ་བཅས་ཀྱིས་གོས་པའི་གང་ཟག་རྣམས་གནས་དབྱུང་བྱ་རྒྱུའི་ལག་ལེན་ཡོད་པའི་དགོན་པ་རྣམས་ཀྱིས་སྔར་བཞིན་རྒྱུན་སྐྱོང་གནང་རྒྱུ་དང་། དེ་འདྲའི་ལག་ལེན་མེད་པའི་དགོན་པ་དག་གིས་ད་ཕྱིན་ཕམ་པ་འཆབ་བཅས་བྱུང་བའི་གང་ཟག་འབྱུང་ཚེ་དམ་ཆོས་འདུལ་བའི་གཞུང་བཞིན་གནས་དབྱུང་གི་ལས་ལ་སྦྱར་རྒྱུ།

གྲོས་ཆོད་ལྔ་བ།

        སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ནི་ངོས་འཛིན་བྱེད་མཁན་དེ་ཐོབ་དང་གོ་ས་ལ་མ་ལྟོས་པར་སྡེ་དགོན་ཀུན་གྱིས་བློ་ཁེལ་ངེས་ཀྱི་མ་དགོན་རང་གི་སྐྱེས་ཆེན་དམ་པ་ཞིག་མ་གཏོགས་ངོས་འཛིན་མི་གནང་རྒྱུ། གཞན་ཡང་སྡེ་དགོན་ཡོངས་ཀྱིས་བསམ་བློ་གཅིག་གྱུར་ཡིན་པ་མ་གཏོགས་གང་ཟག་རེ་ཟུང་གིས་སྒེར་གཅོད་ཀྱི་ལམ་ནས་ཞུ་མི་ཆོག་པ་དང་། གལ་ཏེ་ཞུས་ཀྱང་ངོས་འཛིན་མི་བྱ་རྒྱུ། ངོས་བཟུང་ཡང་རང་ལོ་ཉེར་ལྔ་མ་ལོན་བར་དུ་ཁྲི་འདོན་དང་དཔང་ཡིག་སྟེར་བ་བཅས་ཀྱི་བྱེད་སྒོ་མེད་པར་དགེ་བའི་བཤེས་གཉེན་བསྟེན་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ།

གྲོས་ཆོད་དྲུག་པ།

       དགེ་ཚུལ་སློང་གི་སྡོམ་པ་སྟེར་ལུགས་ཀྱི་ཕྱོགས་ནས་སྡོམ་པ་གནང་མཁན་དག་གིས་སྒྲུབ་བྱེད་ཀྱི་ཆོ་ག་བློ་ལ་ཐོན་ངེས་ཤིག་དང་། བསྒྲུབ་བྱའི་ངོས་ནས་རང་ལ་ཡོ་སྤྱད་ཚང་དགོས་པ་རྣམས་ཚང་དགོས་ཤིང་། དགེ་ཚུལ་གྱིས་རགས་པ་བཅུ་དང་དགེ་སློང་གིས་ཕམ་ལྷག་བཅུ་བདུན་གྱི་སྡོམ་བློ་ལ་ཡོད་ཅིང་དོན་ངེས་པར་བྱ་བ་ཞིག་མ་མཐའ་ཡང་དགོས། གལ་ཏེ་བསྲུང་བྱའི་ཚིག་དོན་རྣམས་བློར་མ་ངེས་ཚེ་རེ་ཞིག་སྡོམ་པ་མི་སྟེར་བར་བསྲུང་བྱ་རྣམས་བསླབ་ཏུ་གཞུག་རྒྱུ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 122 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
eb3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/10/4
བོད་ཡིག་གི་དྲ་བ་ཡིན་ན་བོད་ཡིག་ཁོ་ན་འབྲི་དགོས་པས་མ་ཁྱབ་སྟེ། དཔེར་ན། བོད་ཀྱི་དགོན་པ་ཡིན་ན། མཇལ་མཁན་བོད་པ་ཁོ་ན་ཡིན་པས་མ་ཁྱབ་པ་བཞིན་དང་། དེ་བཞིན་དུ། བོད་ཀྱི་བླ་མ་ཡིན་ན་བོད་སྐད་ཁོ་ནས་ཆོས་གསུང་པས་མ་ཁྱབ་སྟེ། དཔེར་ན། གསེར་རྟའི་བླ་རུང་སྒར་དུ་རྒྱ་སྐད་ཀྱི་ཆོས་གསུང་མཁན་བོད་ཀྱི་བླ་མ་མང་པོ་ཡོད་པ་བཞིན་ནོ།
 སྤེལ་མཁན: སྒོ་ཡོན། སྤེལ་དུས:2014/10/4
དྲ་གྲོགས་ཚོས་དཔྱད་གཏམ་སྤེལ་དགོས་ན་བོད་ཡིག་གི་ལམ་ནས་སྤེལ་ན་བཟང་བར་སྣང། རྒྱུ་མཚན། འདི་བོད་ཡིག་གི་དྲ་བ་རེད།
 སྤེལ་མཁན: རིན་ སྤེལ་དུས:2014/10/3
རིས་མེད་ཞལ་ནས་གསུང་གིན་རིས་ཡོད་སྒྲུབ་པའི་སྐྱེས་བུ་གང་ཞིག ཡོད་ཚད་ཆོས་ཀྱིས་ཐག་གཅོད་བྱེད་དེ། ཞོགས་དུང་ལྟ་བུའི་འཇིག་རྟེན་མི་ཆོས་གཙོ་བོར་འཛིན་མཁན་རྣམས་དགྲ་རུ་བཟུང་བ་པོའི་མཁན་པོའམ་གང་ཟག སྐྱེས་བུ་དམ་པའི་མཚན་ཉིད། མཚན་གཞི་ནི། ཚུལ་བློ་ལྟ་བུའོ།། སྒྲུབ་བྱེད་ནི། འདི་ལྟ་བུའི་སྐྱེས་བུ་དམ་པས། གསེར་རྟའི་མཁན་པོ་རྣམས་ལ་དགག་པ་མ་བརྒྱབ། ཞོགས་དུང་བཟང་དུ་མ་ཟེར། ཆོས་ལ་དགག་པ་བརྒྱབ་པའི་ཕྱིར་རོ།། ཞེས་གསུངས།
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/10/1
བོད་ཕྲུག་ཟེར་བ་བགད་མོའི་གནས། །སྐད་ཆ་འདི་དག་བཤད་ཚུལ་ལ། །བླ་མ་ཞིག་གི་བྱི་ཕྲུག་ཡིན་པ་འདྲ། ཧ་ཧ་ཧ། དམ་པ་ཞེས་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས། དམ་པའི་མཚན་ཉིད་ཅིག་ཞོག་དང་། ཁྱོད་རང་གིས་འདོད་པ་ལྟར་ན། རང་འདོད་ཆེ་བ་དམ་པའི་མཚན་ཉིད། ཐོབ་དང་དབང་ལ་ཞེན་པ་དམ་པའི་མཚན་ཉིད་ཡིན་པ་འདྲ། དམ་པའི་མཚན་ཉིད་ཅིག་ཞོག་དང་དེ་ལས་བགྲོ་གླེང་གི་འགོ་འཛུགས་ཆོག་པར་སེམས།
 སྤེལ་མཁན:  སྤེལ་དུས:2014/10/1
ཤོལ་གྱི་ཤོ་ལོ་ཀ་འདི་གྲོགས་ཨ་མདོའི་གུར་མཆོག་ལ་ཕུལ།
 སྤེལ་མཁན:  སྤེལ་དུས:2014/10/1
ཡོན་ཏན་རྒྱ་མཚོ་འཇིགས་མེད་རྒྱལ་མཚན་དང་།། ཚུལ་བློ་བསོད་དར་དེང་དུས་བོད་མཁས་རྣམས།། བོད་པའི་ལྗོངས་ཆེན་འདི་ཡི་སྲོག་ཏུ་གྱུར །། ཁོང་ཚོའི་ཞབས་པད་བསྐལ་བརྒྱའི་བར་བརྟན་ཤོག།།
 སྤེལ་མཁན: ཨ་མདོའི་གུར་མཆོག སྤེལ་དུས:2014/10/1
འདིར་འདྲེ་ཕྲུག་སོགསལ་ལན་འདེབས་ཁུལ་བྱེད་པ་རྣམས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གི་སློབ་མ་དངོས་མིན་ངེས་ཅན་ཡིན་པ་འདྲ། རྒྱུ་མཚན་བླ་མ་ཁོང་གིས་མི་གཞན་གྱིས་ཁོང་དང་སྒར་སོགས་ལ་ངན་སྨྲས་གང་དང་གང་བྱས་ཀྱང་རང་ཅག་གིས་བཏང་སྙོམས་སུ་འཇོག་དགོས་ཞེས་རྒྱུན་ལྡན་དུ་གསུངས་བཞིན་ཡོད་པ་ཙམ་ཡང་གོ་མི་འདུག་པའི་ཕྱིར་རོ། །ཁོང་གི་དཔེ་གསུང་པའང་མཆོད་སྦྱིན་གྱིས་ལྷས་སྦྱིན་ལ་དངོས་པོ་ཞིག་བྱིན་ནའང་ལྷས་སྦྱིན་གྱིས་མ་བླངས་བའི་ཚེ་དངོས་པོ་དེ་མཆོད་སྦྱིན་ཁོ་རང་གི་ཡིན་པ་བཞིན་རང་ཅག་ལ་སྐྱོན་བརྗོད་ཅི་འདྲ་བྱས་ཀྱང་མི་སྐྱོན་ལན་འདེབས་གཏན་ནས་མི་ཉན་དང་སྐྱོན་དེ་དག་ཁོ་རང་ཚོའི་ཡིན་པ་ལས་ང་རང་ཚོ་ལ་གནོད་པ་མ་རེད། གཞན་གྱིས་ལོག་སྒྲུབ་ཐམས་ཅད་བཟོད་དགོས་གསུངས་ནས་སློབ་ཚོགས་ཁྲི་ཕྲག་ལྷག་ལ་བཀའ་སློབ་གནང་བའང་མ་ཚོར་བས་སོ།། ཡང་གཅིག་བཤད་ན་ཞི་བདེའི་དེད་དཔོན་གཉིས་པར་བསྔགས་པ་ཁོང་བྱ་བ་གང་བསྒྲུབས་ཀྱང་དམངས་གཙོ་དང་འདྲ་མཉམ་ཁོ་ན་བྱེད་པ་ལས་དབང་སྒྱུར་དང་སྒེར་གཅོད་ཀྱི་རྣམ་པ་གཏན་ནས་ཡོད་པ་མ་རེད། ཁོང་གིས་ཐ་ན་དཔོན་པོ་ཆུང་ཆུང་ཞིག་གིས་རང་གི་ཚོ་བ་ལ་དབང་སྒྱུར་བྱེད་པ་ལྟ་བུ་ཞིག་ཀྱང་མཛད་མ་མྱོང་བ་རེད། དགོན་ད པོན་ཆུང་ཆུང་ཞིག་གིས་སྒེར་གཅོད་ཀྱི་བྱ་བ་བྱས་པ་ཙམ་ཡང་ཁོང་གིས་ལོ་རྒྱུས་ཀྱི་སྟེང་དུ་གནང་མ་མྱོང་བ་རེད། མ་ཟད་སྤྱི་ཚོགས་ལ་སློབ་གསོས་ཡར་སྐུར་དཔེ་མེད་གནང་ཡོད་པ་རེད། ངོ་མ་རང་རེ་བོད་ལ་ཁོང་འདྲ་བ་དཀོན་མོ་རེད། སྔོན་སངས་རྒྱས་ལའང་སྐྱོན་བརྗོད་མཁན་མང་ཙམ་ཡོད་པ་ནང་བཞིན་རེད། འོན་ཀྱང་ང་རང་ཁོང་གི་སློབ་མ་ཙམ་ཡིན་པས་ན་ཁྱེད་ཅག་གིས་ཅི་སྨྲས་ཀྱང་ལན་མི་འདེབས་ངེས་པ་ཡིན། གཞན་ཁོང་ལ་དད་མཁན་རྣམས་ཀྱིས་ཀྱང་ལན་མ་བཏབ་རོགས། སྐྱོན་བརྗོད་འདོད་པ་རྣམས་ཀྱིས་ཡང་ཡང་དུ་བརྗོད་ཅིག་དང་ཁྱེད་ཅག་གིས་སྐྱོན་ཇི་ལྟར་ཇི་ལྟར་བརྗོད་ན་ངེད་ཅག་གིས་དེ་ལྟར་དེ་ལྟར་བྱ་བ་འགྲུབ་གི་ཡོད་པའི་དན་རྟགས་སུ་མཐོང་ངོ།། མཐར་ཐམས་ཅད་ལ་བཀྲ་ཤེས་ལེགས་ཞུ།
 སྤེལ་མཁན:  སྤེལ་དུས:2014/10/1
ཟླ་འདིའི་ཚེས་པ་བཅོ་ལྔ་ཉིན་གྱི་ཆུ་ཚོད་༦དང་སྐར་མ་༡༥ཙམ་ལ་ཟླ་བ་ཧྲིལ་འཛིན་འདུག ཡང་ཟླ་འདིའི་གནམ་གང་ཉིན་ཉི་མ་ཆ་འཛིན་འདུག་ཞེས་ལག་ཐོགས་ཁ་པར་གྱི་བོད་པའི་ལི་ཐོ་ཞིག་ཏུ་བཀོད་འདུག་ཡང་། ལྷ་སའི་ལི་ཐོ་ལས་ཉི་འཛིན་ཡོད་པ་གསུངས་མི་འདུག ཉི་ཟླ་གཟས་ཟིན་དུས་དགེ་སྡིག་གང་བྱས་བྱེ་བ་འབུམ་འགྱུར་ཡིན་ཞེས་གསུངས་འདུག་པ་ཀུན་གྱི་ཤེས་གསལ་ལྟར་བོད་པ་ཀུན་གྱི་འདིར་ཡིད་འཇགས་མཛད་ནས་དགེ་སྒྲུབ་སྡིག་སྤོང་བྱེད་པར་སྨོན།།
 སྤེལ་མཁན:  སྤེལ་དུས:2014/10/1
འདྲེ་ཕྲུག་ཞེས་པའི་མིང་ཞིག་བཏེགས་ཡོད་པ་འདིའི་ལས་རིགས་གང་ཡིན་ཁོ་བོས་མི་ཤེས་ཀྱང་། ཁོ་བོས་གསུངས་ཚུལ་ལ་ལྟོས་ན་བོད་པར་ཤ་མི་ཚ་མཁན་ཞིག་མིན་པ་འདྲ། མཐར་གཏུག་ན་མཁན་པོ་དྲུག་གིས་ལེགས་བཅོས་བསྐོར་གསུངས་བ་དང་ཁོའི་དྲན་ཚུལ་གཞི་གཅིག་ཏུ་གྲུབ་འདུག་སྙམ། འདྲེ་ཕྲུག་ཞེས་འབོད་མི་ཉན་ཡང་མཐོལ་ལོ་བཤགས། ཁོ་རང་ཡང་བོད་པ་ཞིག་ཡིན་པས་ཆ་ནས་བདག་ནི་ཁོ་བོ་ལའང་ཤ་རུས་གདུང་རྒྱུད་གཅིག་པའི་བརྩེ་པ་ནམ་ཡང་ཡོད། བདག་གི་རེ་བ་ཡིན་ན། མིང་དེ་བརྗེ་རོགས། བདག་གིས་ཁྱོད་ཉིད་ལ་མིང་དེ་ལྟར་བོས་ན་འདྲེ་ཕྲུག་མང་པོ་ཞིག་གི་སྐྱེ་བ་ལེན་པར་ཤིན་ཏུ་སྐྲག གཞན་གྱིས་ཀྱང་ཁྱོད་ལ་དེ་ལྟར་དུ་བོས་ན་ཁྱོད་ལའང་ཉེས་པ་འདུག་སྙམ། ཚེ་འདིར་མི་ལུས་ཐོབ་ནས་ལས་གང་དང་གང་བྱེད་རྒྱུ་ཡིན་པ་སྔོན་གྱིས་མཐུ་ལས་ཡང་དག་འབྱུང་། ཡང་ཚེ་འདིར་ལས་གང་དང་གང་བྱས་པས་མཐུ་ལས་ཕྱི་མར་འདི་དང་གན་དུ་སྐྱེ་ཞེས་པ་ཆོས་གཞུང་གང་དུའང་མཇལ་རྒྱུ་འདུག བདག་ཅག་གི་སྟོན་པ་ཐུབ་པའི་དབང་བོའི་དུས་སྐབས་ནས་ཀྱང་ཞི་དང་དུལ་པས་ཆོས་སུ་སྦྱོར་ཚུལ་ལས་དབང་དང་དྲག་པོས་ཆོས་སུ་འདུལ་ཚུལ་ཞིག་མེད་པ་འདྲ། བདག་ཅག་གི་སྟོན་པ་ཆེན་པོས་འཁོར་མང་པོ་དང་ལྷན་དུ་ཆོས་འདུལ་བའི་སྲོལ་ཡང་གང་འདྲ་བྱས་ཏེ་གཞི་ཚུགས་པར་བྱས་པ་ཡང་གཞུང་ཕྱོགས་སུ་གསལ་སྙམ། དེ་རིང་ནས་བདག་གིས་ཁྱེད་སློབ་བུ་རྣམས་ལ་ཆོས་འདུལ་བའི་ཁྲིམས་བསྒྲགས་རྒྱུ་ཡིན་པས་ཅིས་ཀྱང་ཉམས་སུ་ལེན་དགོས་མི་ལེན་པ་དག་རྒྱང་ཕུད་བྱེད་རྒྱུ་ཡིན་ཞེས་པ་ཞིག་སྟོན་པ་མཆོག་ནས་གསུངས་ཡོད་མེད་བླུན་པོ་ངས་མི་ཤེས། སང་ཉིན་ཉིད་ཀྱིས་ཆོས་འདི་འདྲ་ཞིག་གསུངས་རྒྱུ་ཡིན་པས་གང་སར་བཀའ་ལུང་འདི་སྒྲོགས་ཤིག་ཞེས་ཁྲོམ་བསྒྲགས་ཀྱང་བྱས་ཡོད་མིན་མི་ཤེས། ཁོང་ཉིད་ཀྱི་དུས་སྐབས་དེར་ཆོས་ཉན་པ་དག་ཁོང་གི་མདུན་སར་འདོད་མོས་བཞིན་འདུ་བཞིན་འདུག་སྙམ། དུས་སྐབས་འདིར་ཡོད་ཚད་འགྱུར་སོང་། སྤྱི་ཚོགས་འདི་འགྲོ་བ་མི་མཆོག་དམན་ཀུན་ནས་ཐུན་མོང་དུ་དེང་ལེན་བྱེད་པ་ནི་དཔལ་འབྱོར་རེད། དཔལ་འབྱོར་གྱིས་ད་གཟོད་མི་འདོད་བློ་ཡོངས་སུ་ཚིམ་པར་བྱ་ཐུབ་འདོད་པའི་ཀུན་སློང་རྫུན་མ་དེས་ནང་བསྟན་འདིར་ལྡན་དགོས་པའི་མི་གཤིས་དེ་ནག་ནོག་ཏུ་བྱས་སོང་། ནང་བསྟན་དེང་ལེན་ལ་ཡང་བར་ཆད་ཀྱང་འདིས་ཐེབས་ཡོད་སྙམ། གལ་ཏེ། དཔལ་འབྱོར་བསྐྲུན་མཁན་གྱི་བོད་པ་ཞིག་ལ་མཚོན་ན་དཔལ་འབྱོར་ལ་བརྩོན་ཐུབ་པ་དེ་བཞིན་ཆོས་དགེ་བ་ལ་འབུངས་ཐུབ་ཚེ་འུ་ཅག་གི་རེ་སྙིང་མ་བྱས་རང་རྟོག་གིས་གྲུབ་སོང་པ་མིན་ནམ། ད་ནི་འགྱུར་མི་ཉན་པའི་ངོ་བོ་ཡོད་ཚད་འགྱུར་འདུག་སྙམ། བསྒྱུར་མི་ཆོག་པའི་ཆོས་ཉིད་དག་བསྒྱུར་འདུག་འདོད། ཅི་ཞིག་གིས་ད་གཟོད་སྤྱི་ཚོགས་འདི་བསྒྱུར་སོང་པ་རེད། འདིར་འང་བསམ་བློ་ཞིག་ཅིས་ཀྱང་གཏོང་དགོས་འདོད། འུ་ཅག་ཆོས་པ་དག་ཆོས་རུ་མི་ཚུད། སྲིད་གཞུང་ནས་ཆོས་དད་རང་མོས་སུ་བཞག དེར་ཡི་མ་རངས་པས་ཚུལ་བསྟན། བརྟག་ཞིང་དཔྱད་ན་བོད་པ་རང་ངོས་ནས་ནང་བསྟན་རྗེས་འཛིན་གྱི་ཁས་འཆས་འདུག་ཡང་དོན་དངོས་སུ་བོད་པ་རང་ཡང་དཔལ་འབྱོར་དེང་ལེན་བྱེད་མཁན་གྱི་མི་རིགས་ཤིག་ཏུ་གྱུར། དཔལ་འབྱོར་དེང་ལེན་བྱས་ན་ཚེ་འདི་སྒྲུབ་པའི་ལས་འབའ་ཞིག་ཏུ་ཟད། ཕྱི་མ་ཞེས་པའི་འཇིགས་རུང་གི་གནས་དེའང་ཀུན་གྱི་སེམས་ངོ་རུ་གནའ་བཤད་རང་བཞིན་དུ་གྱུར། སྐྱིད་འདུག་བྱེད་མཁན་ལ་ཆོས་མི་འོང་ཟེར་བ་ནང་ལྟར་བདེ་བ་འབའ་ཞིག་སྒྲུབལ་བརྩོན། ཆོས་བཙལ་ནས་ཞུ་མཁན་ཞིག་གཏན་ནས་མེད། དཔལ་འབྱོར་གྱི་ཡོང་འབབ་བཙལ་མཁན་ཇེ་མང་ནས་ཇེ་མང་དུ་གྱུར། དཔལ་འབྱོར་དར་ཆེ་ན་ཆོས་ཉམས་སྨད་དུ་གྱུར། ཆོས་པའི་སྙིང་རྗེ་སྒོམ་ཡུལ་དབུགས་ལྡན་གྱི་ཚེ་སྲོག་འདི་དག་ཡིན་པས། འགན་ཁུར་ཏུ་ལྕི། བླ་མ་དང་མཁན་པོ་དག་མང་ཚོགས་ནང་ཕར་ཞུགས་ནས་ཆོས་ཡང་ཡང་གསུངས་ཀྱང་གནད་དུ་འགྲོ་དཀའ། བྱ་དཀའ་བ་སངས་རྒྱས་མཛད་པ་འདི་ཤིན་ཏུ་ནས་སྐྱོང་དཀའ ། དེ་ལྟར་ཡིན་པས་དབང་གིས་སློབ་དཔོན་ཉིད་ཀྱིས་ཞལ་ནས་ཀྱང་དུས་ངན་སྙིགས་མའི་མི་རྣམས་སྙིང་རེ་རྗེ་ཞེས་གསུངས་སོང་།།
 སྤེལ་མཁན: བོད་ཕྲུག སྤེལ་དུས:2014/9/30
དམར་ཕྱོགས་ཀྱི་ལྟ་བའི་བཤལ་ཆུ་ཡིས། །ཀླད་པ་དེ་བཀྲུས་ཤིང་བཀྲུས་པ་ཡིས། །དམ་པ་ལ་སྒྲོ་སྐུར་ཉམས་མི་ང་།།ཉེར་གཅིག་པའི་དུས་ཀྱི་དམར་སྲུང་དམག ། བདེན་དོན་ཞིག་བརྗོད་པ་ཡིན་སྐད་ཀྱིས། །མཁས་པ་ལ་འཕྱ་དམོད་བྱེད་པ་འདི། །ཡ་རབ་ཀྱི་གུས་ལུགས་མི་ཤེས་པའི། །ཁྲེལ་མེད་ཀྱི་མི་ཡི་གཤིས་ཀ་ཡིན། །
  པར་ངོས་ཐོག་མ།  གོང་མ།  པར་ངོས 2/13 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
41165350
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1