ཆེས་དགའ་བསུ་ཐོབ་པའི་རྩོམ་ཡིག་མཇལ་དར་ནང་མཛོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ཆེས་དགའ་བསུ་ཐོབ་པའི་རྩོམ་ཡིག་མཇལ་དར་ནང་མཛོད།
ཆེས་དགའ་བསུ་ཐོབ་པའི་རྩོམ་ཡིག་མཇལ་དར་ནང་མཛོད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/2/2ལྟ་ཀློག (19606)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་མཇལ་དར་ནང་མཛོད་ཅེས་འབོད་པ།

༄༅། ། སྔོན་ཆད་མ་བྱུང་ཉིས་སྟོང་བཅུ་དགུ་པ། །

ས་ཕག་ལོ་ཡི་ཆིབས་ཁ་བསྒྱུར་བ་དང་། །

ཉིས་སྟོང་བཅོ་བརྒྱད་ས་ཁྱིའི་ལམ་ཞུགས་གཉིས། །

མཇལ་དར་གཅིག་གིས་བསུ་སྐྱེལ་མཉམ་དུ་ཞུ། །


ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས། །

ཤེས་བྱའི་ཁྱོན་ཀུན་གཞལ་བའི་ཁོར་ཡུག་སྟེ། །

ཕ་མཐའ་མི་མངོན་སྲིད་ཞིའི་མཁའ་དབྱིངས་སུ། །

ཇི་སྙེད་དགེ་མཚན་རི་མོ་སྤྱན་སྔར་བཀྲམ། །


གངྒཱའི་རྒྱུན་དང་ལྷུན་པོའི་བརྟན་བརྗིད་ལ། །

འགྲན་པར་འོས་པའི་དཔེ་ཁྲིད་དགེ་བཤེས་དང་། །

ཚུལ་བཞིན་བསྟེན་པའི་ཆོས་རའི་སློབ་གཉེར་བས། །

ཐང་ལྷོད་མེད་པར་བསྟན་པའི་རྒྱལ་མཚན་བསྒྲེངས། །


སྲིད་འདིར་ཕུན་ཚོགས་བདེ་བས་མྱོས་པ་ཡི། །

བརྒྱད་ཅུ་དགུ་བཅུ་ལོན་པའི་མི་རྒན་དང་། །

བདེ་བར་སྲེད་པའི་ན་གཞོན་ཕོ་མོ་བཅས། །

རང་རང་འདོད་པ་འཇོ་བའི་བཀྲ་ཤིས་ཤོག །


དཔལ་འབྱོར་འདོད་རྒུར་སྤྱོད་པའི་ཕྱུག་བདག་དང་། །

སྒོར་མོ་འཚོལ་བའི་ཚོང་དང་ངལ་རྩོལ་བས། །

རང་རང་བསམ་པའི་ཕུགས་འདུན་མ་ལུས་པ། །

སྨོན་པ་བཞིན་དུ་འགྲུབ་པའི་བཀྲ་ཤིས་ཤོག །


སློབ་ཆེན་སློབ་ཆུང་འགྲིམ་པའི་སློབ་མ་སྟེ། །

བློ་གསལ་ན་གཞོན་ཕོ་མོ་ཡོད་དོ་ཅོག །

ཀླད་པའི་རྒྱ་ཁྱོན་ནམ་མཁའི་ཀློང་ཡངས་པོར། །

ཤེས་དང་ཤེས་བྱའི་འོད་སྣང་ཁྱབ་པར་སྨོན། །


རིམ་པ་མཐོ་དམན་བར་མ་མཐའ་དག་ན། །

སྲི་ཞུར་འབད་པའི་རྒྱ་བོད་ལས་བྱེད་ཀུན། །

ཇི་བྱས་བྱ་བ་ལམ་དུ་འགྲོ་བ་དང་། །

ཡུལ་ཁམས་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །


བྱམས་བརྩེའི་དྲོད་རླབས་འཕྱུར་པའི་རང་ཁྱིམ་དུ། །

ཕ་མ་བུ་ཕྲུག་ཨ་ཡས་ཨ་མྱེ་བཅས། །

མི་རབས་གསུམ་ག་འཛོམས་པའི་བདེ་སྐྱིད་འདི། །

བསྐལ་པའི་བར་དུ་བརྟན་པའི་བཀྲ་ཤིས་ཤོག །


      ཅེས་ལོ་གསར་པ་དབུ་བརྙེས་པར་ཕེབས་བསུ་ཞུ་བ་དང་། ལོ་རྙིང་པ་ཕེབས་སྐྱེལ་བཅས་ཀྱི་ཆེད་དུ་བཀྲ་ཤིས་པའི་སྨོན་ལམ། ཚིགས་སུ་བཅད་པ་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ལྡན་འདི་ལ<<མཇལ་དར་ནང་མཛོད>>ཅེས་བྱ་བའི་མིང་གིས་བརྒྱན་ཏེ། རྒྱ་མཚོ་ཆེན་པོའི་རླབས་ཕྲེང་དང་ཆེར་མི་རིང་བའི་རི་བོའི་སྐེད་དྲོ་གྲང་སྙོམས་པ། རང་བྱུང་གི་ཆུ་ཚན་འཕྱུར་བ། བྱ་དང་བྱིའུས་སྐད་སྙན་འབྱིན་པ། སྐྱེ་བོའི་རྒྱུ་འགྲུལ་ཉུང་བས་འདུ་འཛིས་དབེན་པ། མཁའ་རླུང་གཙང་ཞིང་གད་སྙིགས་ཀྱི་འབགས་བཙོག་ཉུང་བ་བཅས་ཕུན་སུམ་ཚོགས་པའི་ཁྱད་ཆོས་དུ་མ་མངོན་པའི་ཡུལ་འདི་ན། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་བུད་ངྷ་པཱ་ལི་ཏ་དང་། དཔལ་ལྡན་ཟླ་བའི་ཚིག་གསལ་དང་འཇུག་པའི་རང་འགྲེལ། ག་ལས་འཇིགས་མེད། ཤེས་རབ་སྒྲོན་མེ་སོགས་རྒྱ་གཞུང་དང་། རྩ་ཤེས་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ། འཇུག་ཊཱིཀ་དགོངས་པ་རབ་གསལ། ལམ་རིམ་ལྷག་མཐོང་ཆེན་མོ། རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་རྩ་ཤེས་ཀྱི་འགྲེལ་པ། པ་ཚབ་ལོ་ཙཱ་བའི་རྩ་ཤེས་ཀྱི་འགྲེལ་པ། རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཀྱི་རྩ་ཤེས་ཀྱི་འགྲེལ་པ། ས་སྐྱའི་རོང་ཊཱིཀ་པའི་རྩ་ཤེས་ཀྱི་འགྲེལ་པ། གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་སོ་སོའི་དབུ་མའི་ཡིག་ཆ་བཅས་གཞིར་བཟུང་བའི་སྟེང་ནས་དགའ་ལྡན་ཤར་རྩེ་སོག་པ་ཁང་ཚན་གྱི་དགེ་བཤེས་ལྷ་རམས་པ་བརྒྱད་དང་མཉམ་དུ་བགྲོ་གླེང་ལྷུག་པར་གྲོལ་བཞིན་པའི་གསེང་བར་ནས། ཨ་མཆོག་རིན་པོ་ཆེའི་སྐུ་ཕྲེང་ན་རིམ་གྱི་གྲལ་མཐར་སྡོད་ཅིང་། ནང་ཆོས་ཀྱི་དགེ་བཤེས་ལྷ་རམས་པ་དང་ཚན་རིག་གི་ཨ་རི་སོགས་ནུབ་ཕྱོགས་ཀྱི་མཁས་བརྒྱ་མཉམ་འཛོམས་ཀྱི་དཀྱིལ་འཁོར་མཐིལ་དུ་ལོ་མང་པོའི་རིང་བགྲོ་གླེང་གི་བཀོད་འདོམས་པ་སྟེ། ལུང་དང་རིགས་པ་སྨྲ་བའི་དགེ་བཤེས་ལྷ་རམས་པ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོར་འབོད་པས་སྨོན་ལམ་བཟང་པོས་རྒྱས་བཏབ་སྟེ་2019.1.25ཉིན་བྲིས་པའོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 34 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
oler བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཚ་འབྲོག་སྨན་པ། སྤེལ་དུས:2019/2/3
ཤིས་ཚིག་མཇལ་དར་ནང་མཛོད་ཅེས་པ་འདི་སྡེབ་སྦྱོར་སྙན་ཞིང་ནང་དོན་ཕུན་སུམ་ཚོགས་ལ་གོ་བདེ་བ་སོགས་སོ། །
 སྤེལ་མཁན: མིག་གསུམ་པས སྤེལ་དུས:2019/2/3
ཤིས་ཚིག་འདི་ནི་ད་ལོའི་ལོ་སར་གྱི་ལེགས་སྒྱེས་ཕུལ་ཏུ་བྱུང་བ་ཅིག་རེད་འདོད།
 སྤེལ་མཁན: མིག་གསུམ་པས སྤེལ་དུས:2019/2/3
ཤིས་ཚིག་འདི་ནི་ད་ལོའི་ལོ་སར་གྱི་ལེགས་སྒྱེས་ཕུལ་ཏུ་བྱུང་བ་ཅིག་རེད་འདོད།
 སྤེལ་མཁན: གཙང་ཕྲུག སྤེལ་དུས:2019/2/3
དགའ་ལྡན་ཤར་རྩེའི་མཁན་ཟུར་ལུང་དང་རིགས་པ་སྨྲ་བའི་སྐྱེ་ཆེན་ཁོང་གིས་བརྩམ་གནང་པའི་ཕྱི་ནང་རིག་གནས་ཀྱི་སྐོར་མང་པོར་མཇལ་མྱོང་ཡོད་ཐུགས་ཆེ་གནང་།
 སྤེལ་མཁན: རིག་སྨྲ་པ། སྤེལ་དུས:2019/2/3
རིགས་པའི་དབང་ཕྱུག་ཨ་མཆོག་པཎ་ཆེན་དང་། ། ལྷ་རམས་འཁོར་བཅས་ཕེབས་པའི་ངང་ཚུལ་འདི། ། སྔོན་ཆད་རྒྱལ་བ་བློ་བཟང་གྲགས་པ་ཉིད། ། རྣམ་དག་འཁོར་གྱིས་སྐོར་བའི་ཚུལ་འདི་དྲན། །བཀའ་དྲིན་ཆེ།
 སྤེལ་མཁན: རྨོངས་སངས་པ། སྤེལ་དུས:2019/2/3
དངོས་ཡོད་ཀྱི་འཚོ་བ་དང་སྦྱར་བའི་ཤིས་ཚིག་འདི་ལ་བརྗོད་བྱ་དོན་དང་ལྡན་ཞིང་རྗོད་བྱེད་ཕུན་སུམ་ཚོགས།།
 སྤེལ་མཁན: རྨོངས་སངས་པ། སྤེལ་དུས:2019/2/3
དངོས་ཡོད་ཀྱི་འཚོ་བ་དང་སྦྱར་བའི་ཤིས་ཚིག་འདི་ལ་བརྗོད་བྱ་དོན་དང་ལྡན་ཞིང་རྗོད་བྱེད་ཕུན་སུམ་ཚོགས།།
 སྤེལ་མཁན: ༼བསོད་ནམས་ཞིང༽ སྤེལ་དུས:2019/2/3
ཨ་མཆོག་རྡོ་རྗེ་འཆང་མཁྱེན་མཁྱེན🙏🙏🙏 བྱང་ཆུབ་སེམས་མཆོག་རིན་པོ་ཆེ། ། 胜菩提心极珍贵, མ་སྐྱེས་བ་རྣམས་སྐྱེ་གྱུར་ཅིག ། 诸未生者令生起, སྐྱེ་བ་ཉམས་པ་མེད་པ་ཡང་། ། 令已发者不衰退, གོང་ནས་གོང་དུ་འཕེལ་བར་ཤོག ། 辗转增上恒滋长。
 སྤེལ་མཁན: དགའ་ཤར་སོག་པ་ཨ་འཇམ། སྤེལ་དུས:2019/2/3
གད་སྙིགས་གཙང་བཟོ་ཁོར་ཡུག་སྲུང་སྐྱོབ་ཙམ།། མིན་པར་ས་གནས་སྲོག་ཆགས་འབུ་སྲིན་ཡན།། དོན་དངོས་ཚེ་ཐར་ཡིན་པའི་བཀའ་སློབ་ལ།། རྣམ་དཔྱོད་འབར་བ་དག་གིས་ཡི་རང་བྱེད།། རང་གི་མི་རིགས་བུ་རབས་ཚ་རྒྱུད་ཆེད།། རང་གིས་ལམ་སྟོན་བྱས་པ་ཙམ་མིན་པར།། རང་ཉིད་མཁར་བར་བསྟེན་ཕྱིར་གད་སྙིགས་རྣམས།། རང་གིས་ལག་པས་འཐུ་བར་ཨེ་མ་ཧོ།། རང་གཞན་བླ་མའི་བར་ལ་ཕྲག་དོག་མིན།། རང་གི་རྩ་བའི་བླ་མས་འཕྲིན་ལས་ཀྱིས།། རང་ལ་ཐོབ་པའི་འདི་ཕྱིའི་བདེ་བ་བསྐྲུན།། རང་གི་སེམས་ཀྱི་དཔལ་ཡོན་ཁྱེད་ཉིད་ལགས།།
 སྤེལ་མཁན: 追求者 སྤེལ་དུས:2019/2/3
安曲班智达钦诺🙏🙏🙏 阿弥陀佛🙏🙏🙏🌹🌹🌹
  པར་ངོས་ཐོག་མ།  གོང་མ།  པར་ངོས 2/4 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
41281562
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1