གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/9/18ལྟ་ཀློག (44830)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     2014.9.15ཉིན་མདོ་སྨད་ཁྲི་འདུ་ལྷ་ཡི་གྲོང་ཁྱེར་དུ་གངས་ལྗོངས་གྲུབ་མཐའ་ཁག་དྲུག་གི་མཁས་དབང་རྣམ་པས་གྲུབ་མཐའ་རིས་མེད་དང་།  གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན་བསྡུས་ཤིང་། གསེར་རྟའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས།   ས་སྐྱ་པ་རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ།  དགེ་ལྡན་པ་ཀིརྟིའི་དགེ་བཤེས་བརྩོན་འགྲུས། བཀའ་བརྒྱུད་པ་དཔལ་སྤུངས་མཁན་ཆེན་དོན་གྲུབ་བཀྲ་ཤིས།   ཇོ་ནང་པ་དགེ་བཤེས་དངོས་གྲུབ་དཔལ། རྙིང་མ་པ་ཡ་ཆེན་སྤྲུལ་གསང་སྔགས་བསྟན་འཛིན།   བོན་པོ་བ་སྣང་ཞིག་སྐྱབས་མགོན་བཅས་ཚོགས་ཞུགས་མཛད་དེ་བཀའ་སློབ་མང་བོ་གནང་འདུག

ཚོགས་འདུ་འདིའི་དགོངས་དོན་གནད་བསྡུས་དང་གྲོས་འདེབས་ཀྱི་གྲོས་ཆོད་ཡི་གེ

གྲོས་ཆོད་དང་པོ།

        ནང་པ་སངས་རྒྱས་པའི་དགེ་འདུན་པ་སྤྱི་དང་། སྟོན་པ་དང་། ཆོས་ལ་ཡིག་ངག་གང་རུང་གི་ལམ་ནས་ངན་སྨད་དང་སྐུར་འདེབས་ཀྱི་ལས་རིགས་ལ་ཞུགས་ཚེ་སློབ་གསོ་གནང་རྒྱུ་སོགས་ཐབས་ལམ་འཇམ་པོས་བསྒྱུར་བཅོས་བྱེད་དུ་འཇུག་རྒྱུ་དང་། དེས་ཀྱང་བསྒྱུར་བཅོས་མ་བྱས་ན་དགེ་འདུན་པ་སྤྱིའི་སྒྲིག་འཛུགས་ཀྱི་ལམ་ནས་གནས་དབྱུང་གི་ལས་ལ་སྦྱར་རྒྱུ། གནས་ནས་བྱུང་ཟིན་པ་གྲུབ་མཐའ་དང་ཆོས་བརྒྱུད་ཁག་གཞན་གྱིས་ཡར་མི་བསྡུ་རྒྱུ།

གྲོས་ཆོད་གཉིས་པ།

        དགོན་པ་སོ་སོའི་ནང་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་ཐོབ་ཐང་ངོས་ལེན་མེད་པར་རྒྱ་ཡུལ་སོགས་སུ་རང་དགར་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་མཚན་སྙན་བེད་སྤྱོད་བྱས་ཏེ་གཞན་ལ་མགོ་བསྐོར་གཏོང་བར་སྔོན་འགོག་ཡོང་བར་གདན་ས་ཁག་དྲུག་དང་ཆོས་སྡེ་གཉིས་ཀྱིས་གཅིག་གྱུར་གྱི་དཔང་ཡིག་ཚད་ལྡན་ཞིག་གཏན་ལ་འབེབ་རྒྱུ་དང་། དཔང་ཡིག་སྟེར་མཁན་གྱི་མི་སྣ་ཚད་ལྡན་རྩ་འཛུགས་བྱ་རྒྱུ། དེ་དག་ལ་སྤྲུལ་སྐུའི་དཔང་ཡིག་དགོས་པའི་རེ་བ་བཏོན་ཚེ་ངོས་འཛིན་ཚད་ལྡན་བྱས་ཡོད་མེད་དང་། ངོས་བཟུང་ཟིན་ཡང་བསམ་སྤྱོད་ཀྱི་ཐད་ནས་དཔང་ཡིག་སྟེར་འོས་མིན་ལ་ཞིབ་བཤེར་ནན་མོ་མཛད་དགོས།

གྲོས་ཆོད་གསུམ་པ།

        རབ་བྱུང་རྣམས་ཀྱིས་དགེ་འདུན་པ་སྤྱིའི་དོན་མ་ཡིན་པར་རང་དོན་དུ་ཚོང་བྱེད་པ་སོགས་དཔལ་འབྱོར་རྩོལ་སྒྲུབ་དང་གཞན་ཡང་དམེ་བྱེད་པ། སྤྱོད་ཡུལ་མ་ཡིན་པའི་གནས་སུ་ཞུགས་པ་དག་གིས་མཚོན་ཁྱིམ་པ་སུན་འབྱིན་གྱི་རྒྱུར་འགྱུར་བ་དག་སྔོན་འགོག་ཡོང་བར་དགོན་པ་དེར་གཏོགས་ཀྱི་རབ་བྱུང་རྣམས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་བཤད་སྒྲུབ་གང་རུང་དུ་བསྡུ་ཅི་ཐུབ་བྱ་རྒྱུ་དང་། གནས་སྐབས་བསྡུ་མ་ཐུབ་པ་རྣམས་ལ་ལོ་རེར་ཟླ་གཅིག་ཡན་གྱི་དུས་ཚོད་ངེས་ཅན་ཞིག་གཏན་ཁེལ་བྱས་ཏེ་སློབ་གསོའི་གསབ་སྦྱོང་འཚོགས་རྒྱུ།

གྲོས་ཆོད་བཞི་བ།

ཕམ་པ་འཆབ་བཅས་ཀྱིས་གོས་པའི་གང་ཟག་རྣམས་གནས་དབྱུང་བྱ་རྒྱུའི་ལག་ལེན་ཡོད་པའི་དགོན་པ་རྣམས་ཀྱིས་སྔར་བཞིན་རྒྱུན་སྐྱོང་གནང་རྒྱུ་དང་། དེ་འདྲའི་ལག་ལེན་མེད་པའི་དགོན་པ་དག་གིས་ད་ཕྱིན་ཕམ་པ་འཆབ་བཅས་བྱུང་བའི་གང་ཟག་འབྱུང་ཚེ་དམ་ཆོས་འདུལ་བའི་གཞུང་བཞིན་གནས་དབྱུང་གི་ལས་ལ་སྦྱར་རྒྱུ།

གྲོས་ཆོད་ལྔ་བ།

        སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ནི་ངོས་འཛིན་བྱེད་མཁན་དེ་ཐོབ་དང་གོ་ས་ལ་མ་ལྟོས་པར་སྡེ་དགོན་ཀུན་གྱིས་བློ་ཁེལ་ངེས་ཀྱི་མ་དགོན་རང་གི་སྐྱེས་ཆེན་དམ་པ་ཞིག་མ་གཏོགས་ངོས་འཛིན་མི་གནང་རྒྱུ། གཞན་ཡང་སྡེ་དགོན་ཡོངས་ཀྱིས་བསམ་བློ་གཅིག་གྱུར་ཡིན་པ་མ་གཏོགས་གང་ཟག་རེ་ཟུང་གིས་སྒེར་གཅོད་ཀྱི་ལམ་ནས་ཞུ་མི་ཆོག་པ་དང་། གལ་ཏེ་ཞུས་ཀྱང་ངོས་འཛིན་མི་བྱ་རྒྱུ། ངོས་བཟུང་ཡང་རང་ལོ་ཉེར་ལྔ་མ་ལོན་བར་དུ་ཁྲི་འདོན་དང་དཔང་ཡིག་སྟེར་བ་བཅས་ཀྱི་བྱེད་སྒོ་མེད་པར་དགེ་བའི་བཤེས་གཉེན་བསྟེན་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ།

གྲོས་ཆོད་དྲུག་པ།

       དགེ་ཚུལ་སློང་གི་སྡོམ་པ་སྟེར་ལུགས་ཀྱི་ཕྱོགས་ནས་སྡོམ་པ་གནང་མཁན་དག་གིས་སྒྲུབ་བྱེད་ཀྱི་ཆོ་ག་བློ་ལ་ཐོན་ངེས་ཤིག་དང་། བསྒྲུབ་བྱའི་ངོས་ནས་རང་ལ་ཡོ་སྤྱད་ཚང་དགོས་པ་རྣམས་ཚང་དགོས་ཤིང་། དགེ་ཚུལ་གྱིས་རགས་པ་བཅུ་དང་དགེ་སློང་གིས་ཕམ་ལྷག་བཅུ་བདུན་གྱི་སྡོམ་བློ་ལ་ཡོད་ཅིང་དོན་ངེས་པར་བྱ་བ་ཞིག་མ་མཐའ་ཡང་དགོས། གལ་ཏེ་བསྲུང་བྱའི་ཚིག་དོན་རྣམས་བློར་མ་ངེས་ཚེ་རེ་ཞིག་སྡོམ་པ་མི་སྟེར་བར་བསྲུང་བྱ་རྣམས་བསླབ་ཏུ་གཞུག་རྒྱུ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 122 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/9/30
འདི་ལ་རྩོད་རྙོག་ཟེར་བ་མ་རེད། མཁས་བརྒྱ་འགྲན་གླེང་དང་། མེ་ཏོག་མཉམ་བཞད་ཟེར་བ་དེ་རེད། ང་ཚོ་བགྲོ་གླེང་མང་ཙམ་བྱས་ན་བློ་རིག་ཡར་རྒྱས་ལ་ཕན་ཐོག་གི་རེད། ང་ཚོ་བོད་པ་ཚོས། བླ་མ་རྣམས་ཀྱིས་གང་ཟེར་ཡ་ལན་མ་སྤྲད་པས་ལགས་སོ་ཞུས་པའི་རྐྱེན་གྱིས། ཁོ་ཚོ་སྐྱག་ལོང་ཤོར་ནས་ཡ་ལན་ཚིག་གཅིག་ཀྱང་མི་ལྕོག་པ་གདོང་དམར་ཤར་རེ་ཆགས་པ་ང་ཚོས་སྐྱག་ལོང་བྱས་པ་རེད། དེས་ན་ཁོ་ཚོ་ལ་བཟོད་བསྲན་ཅིའང་མེད་པ། འདོད་ཆགས་ང་ཚོ་ལས་ཆེ། ཁོང་ཁྲོ་ང་ཚོ་ལས་ཆེ་བ་འདི་བྱུང་པ་རེད། རྩོད་པ་ཅུང་ཟད་གཏོང་ན་ཁོ་རང་ཚོ་ལའང་བཟོད་པ་སྒོམ་ཡས་དང་། གཞན་ལ་བསམ་བློ་གཏོང་པ་ཡོང་གི་རེད། ཁོ་ཚོ་ལ་ཕན་ཐོག་ཡོད་བ་རེད།
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/9/30
བོད་མི་དམངས་རྣམས་ད་ལྟའི་བར་བླ་གྲྭ་རྣམས་ཀྱིས་མགོ་བསྐོར་འོག་ལྷུང་ནས་མཐར་གནས་སྟངས་འདི་འདྲ་པོ་ཞིག་བྱུང་བ་རེད། ད་ནས་བཟུང་སློབ་སྦྱོང་ཡོད་མཁན་དང་། བསམ་གཏོང་ཤེས་མཁན་རྣམས་ཀྱིས། རྒྱ་བླ་འདི་ཚོའི་མགོ་བསྐོར་འོག་མི་ལྷུང་པའི་རེ་བ་ཡོད། ཆོས་རང་གིས་གྱིས། ཁ་འདོན་རང་གིས་འདོན། ཆོ་ག་དང་ཆོས་སྤྱོད་རང་རང་གིས་འདོན་ན་ཕན་ཐོག་ཆེ་ཤོས་དེ་རེད། སྡོམ་པ་མེད་པའི་གཟན་ཤམ་གྱོན་མཁན་ཞིག་ལ་རེ་བཅོལ་དགོས་པའི་རྒྱུ་མཚན་ཅི་ཡོད། སྡོམ་པ་ཡོད་ན་གཟན་ཤམ་མ་གྱོན་ནའང་འགྲིག་གི་རེད། མི་དམངས་རྣམས། རྨོངས་གཉིས་ལས་སད་པའི་རེ་བ་ཡོད།
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/9/30
བླ་མའི་ལས་འགན་དེ་མི་གཞན་ལ་རོགས་རམ་བྱ་རྒྱུ་དེ་རེད། ཁོང་ལ་ཁྲིམས་བཟོ་རྒྱུའི་དབང་ཆ་སུས་སྤྲོད་པ་རེད། བླ་མ་ཟེར་བ་དེ་རང་རང་གིས་བསླབ་སྡོམ་སྲུང་དགོས་པ་ལས་གཞན་ལ་ཁྲིམས་བཀོད་རྒྱུ་སངས་རྒྱས་ཀྱིས་མ་གནང་། མི་དམངས་འཐུས་མི་ཚོགས་ཆེན་མ་བརྒྱུད་པའི་ཁྲིམས་དེ་ཁྲིམས་འགལ་ཡིན་པ་ཧ་གོ་འམ། ད་ལྟ་ང་ཚོ་ལ་དགོས་རྒྱུ་དེ་ཁྲིམས་ཆད་བཅད་རྒྱུ་དེ་མ་རེད། ང་ཚོའི་མི་དམངས་ལ་དགོས་རྒྱུས་དེ་སློབ་གསོ་ཡར་རྒྱས་གཏོང་། མི་རབས་རྗེས་མ་གསོ་སྐྱོང་བྱ། ད་ཡོད་ཀྱི་མི་དམངས་རྣམས་ཀྱི་ལུས་ཁམས་བདེ་ཐང་དང་། འཕྲོད་བསྟེན་ལ་རོགས་རམ་གནང་དགའ་རྒྱུ་དང་དགོས་རྒྱུ་གཉིས་ཀ་དེ་རེད། ཁོང་གིས་ལས་ཀ་ཡག་པོ་བྱས་པའང་ཡོད་སྲིད། ད་ལྟ་འབྲོག་ཁུལ་མང་པོ་ཞིག་ལ་རྙོག་དྲ་བཟོས་པ་དེ་ལོ་རྒྱུས་ཐོག་གི་ནང་ཉེས་ཤིག་རེད་ལ། བོད་ཀྱི་ལོ་རྒྱུས་ནང་ལའང་འཁོད་ངེས་རེད།
 སྤེལ་མཁན:  སྤེལ་དུས:2014/9/30
ཨ་ཨ་ཨ་་་་་་་་་་་་་་་་་་་་་བོད་ནང་ལ་རྩོད་ཉོག་བྱུང་འདུག་ག ཤེས་ཡོན་ཅན་ཡིན་ན་བཟང་རྒྱུ་མི་འདུག་གི་ཡ། མི་ཨང་དང་པོ་དེ་ཅི་ཡང་མི་ཤེས་པའི་བླུན་པོ་དག་ཡིན་པ་འདྲ་ཡ། ཁོ་ཚོས་མ་ཎི་འདོན་རྒྱུ་ལས་ནང་ཁུལ་ལ་རྩོད་ཉོག་མི་བྱེད་གི དོན་དངོས་སུ་བོད་པའི་ཤེས་ཡོན་པ་དག་གིས་མི་དགེ་བཅུ་ཡི་ཁྲིམས་ཞེས་བ་དེ་གནའ་རྫས་སུ་བཞག་ཟིན་པ་མིན་ནམ། གསར་བ་དེང་ལེན་ཆེ་ན་རྙིང་བ་འབོར་བཞིན་འདུག་གི་དགོ
 སྤེལ་མཁན: བོད་པ། སྤེལ་དུས:2014/9/30
ཚུལ་བློའི་སློབ་མ་མིན་ཁ་བྱོས། ལན་མི་འདེབས་ཁ་བྱོས། ཡ་ཡ་བདེ་མོ་བྱོས།
 སྤེལ་མཁན: སྡར་ལོ། སྤེལ་དུས:2014/9/30
བོད་པ་དང་འདྲེ་ཕྲུག་སོགས་ཀྱི་ཆགས་སྡང་གི་འདམ་རྫབ་ལས་བྱུང་བའི་མི་གཙང་བའི་ཚིག་མཚོན་དག་ལ་སུ་ཞིག་གིས་ལན་འདེབས་དགོས་ཏེ་མི་དགོས། རྒྱུ་མཚན་བྱེ་མའི་ཁང་བུ་བཞིན་དུ་ཁོ་རང་རང་ཞིག་ལ་འགྲོ་བ་དང་རྡར་མའི་མཚོན་ཆ་རང་གཤེད་དུ་འགྲོ་བ་རེད། ང་ནི་ཚུལ་ཁྲིམས་བློ་གྲོས་ཀྱི་སློབ་མ་མིན་ལ་རང་གའི་ཨ་མདོ་རྔ་བའི་མི་སྐྱ་ཕལ་བ་ཞིག་ཡིན་ཀྱང་ཁོང་གིས་འགྲོ་ཕན་འབའ་ཞིག་སྒྲུབ་པ་ལ་སྐུར་འདེབས་བྱེད་པ་སེམས་ཀྱིས་མ་བཟོད་པར་བྲིས་སོ།།
 སྤེལ་མཁན: བོད་པ། སྤེལ་དུས:2014/9/30
ད་ལྟའི་དུས་སུ་དགེ་བཅུའི་ཁྲིམས་རེད་དང་མ་རེད། ཁྲིམས་མིན་ན་འགྲིག་ཡོད་རེད། ཁྲིམས་ཡིན་མིན་ལན་ཞིག་གནང་རོགས། བསོད་བཟང་ལ།
 སྤེལ་མཁན: བསོད་བཟང་། སྤེལ་དུས:2014/9/30
དགེ་བཅུ”ནི། ༡ བཤས་འཚོང་མི་བྱ་བ། ༢ རྐུ་ཇག་མི་བྱ་བ། ༣ མཚོན་འཛིང་མི་བྱ། ༤ སྨད་འཚོང་མ་མི་བསྟེན་པ། ༥ བོའུ་དང་ཉལ་ཐའི་ཚོང་མི་བྱ་བ། ༦ ཉལ་ཐ་དང་ཐ་མག་མི་འཐེན་པ། ༧ ཆང་མི་འཐུང་བ། ༨ ཤོ་རྒྱན་མི་བསྐུག་པ། ༩ རྔོན་མི་བྱ། ༡༠ གཅན་གཟན་གྱི་པགས་པ་མི་གྱོན་པ་བཅས་ཏེ། ༢༠༠༨ལོའི་བོད་ཟླ༥པའི་ཚེས་ཉེར་ལྔ་ཉིན་དངོས་སུ་དར་སྤེལ་གྱི་ལས་འགོ་བརྩམས
 སྤེལ་མཁན: བོད་པ། སྤེལ་དུས:2014/9/30
འཇུ་གཡུ་སོགས་ཀྱིས་ནོར་འཁྲུལ་ལ་ནོར་འཁྲུལ་ངེས་མ་ཟིན་པས། ཆཁས་སྡང་གོང་འཕེལ་དུ་འགྲོ་བ་ཡིན་ཡང་། དུས་ནམ་ཞིག་བདེན་པར་ཁས་ལེན་ན། དགག་པ་མཚམས་འཇོག་གྱི་ཡིན།
 སྤེལ་མཁན: འཇུ་གཡུ། སྤེལ་དུས:2014/9/30
འདྲེ་ཕྲུག་སོགས་ཀྱི་ཆགས་སྡང་དང་རང་འདོད་ཀྱི་གཏམ་ལ་ལན་བཏབ་པ་མཚམས་འཇོག་བྱེད་རྒྱུ་ཡིན། ཁོང་ཅག་གི་བསམ་བློ་ཕྱིན་ཅི་ལོག་པ་དེ་ལ་ཅུང་ཟད་ཕན་དུ་རེ་བས་ཡིན་ཀྱང་། ཕན་པ་མི་འདུག་པར་མ་ཟད་རྩོད་པ་འཕེལ་བྱེད་དུ་འདུག་པས་ཁྱེད་ཅག ་གིས་ཅི་བསམ་གྱིས་གང་བསམ་སྨོས།
  པར་ངོས་ཐོག་མ།  གོང་མ།  པར་ངོས 3/13 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
41589088
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1