ཆེས་དགའ་བསུ་ཐོབ་པའི་རྩོམ་ཡིག་མཇལ་དར་ནང་མཛོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ཆེས་དགའ་བསུ་ཐོབ་པའི་རྩོམ་ཡིག་མཇལ་དར་ནང་མཛོད།
ཆེས་དགའ་བསུ་ཐོབ་པའི་རྩོམ་ཡིག་མཇལ་དར་ནང་མཛོད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2019/2/2ལྟ་ཀློག (19616)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་མཇལ་དར་ནང་མཛོད་ཅེས་འབོད་པ།

༄༅། ། སྔོན་ཆད་མ་བྱུང་ཉིས་སྟོང་བཅུ་དགུ་པ། །

ས་ཕག་ལོ་ཡི་ཆིབས་ཁ་བསྒྱུར་བ་དང་། །

ཉིས་སྟོང་བཅོ་བརྒྱད་ས་ཁྱིའི་ལམ་ཞུགས་གཉིས། །

མཇལ་དར་གཅིག་གིས་བསུ་སྐྱེལ་མཉམ་དུ་ཞུ། །


ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས། །

ཤེས་བྱའི་ཁྱོན་ཀུན་གཞལ་བའི་ཁོར་ཡུག་སྟེ། །

ཕ་མཐའ་མི་མངོན་སྲིད་ཞིའི་མཁའ་དབྱིངས་སུ། །

ཇི་སྙེད་དགེ་མཚན་རི་མོ་སྤྱན་སྔར་བཀྲམ། །


གངྒཱའི་རྒྱུན་དང་ལྷུན་པོའི་བརྟན་བརྗིད་ལ། །

འགྲན་པར་འོས་པའི་དཔེ་ཁྲིད་དགེ་བཤེས་དང་། །

ཚུལ་བཞིན་བསྟེན་པའི་ཆོས་རའི་སློབ་གཉེར་བས། །

ཐང་ལྷོད་མེད་པར་བསྟན་པའི་རྒྱལ་མཚན་བསྒྲེངས། །


སྲིད་འདིར་ཕུན་ཚོགས་བདེ་བས་མྱོས་པ་ཡི། །

བརྒྱད་ཅུ་དགུ་བཅུ་ལོན་པའི་མི་རྒན་དང་། །

བདེ་བར་སྲེད་པའི་ན་གཞོན་ཕོ་མོ་བཅས། །

རང་རང་འདོད་པ་འཇོ་བའི་བཀྲ་ཤིས་ཤོག །


དཔལ་འབྱོར་འདོད་རྒུར་སྤྱོད་པའི་ཕྱུག་བདག་དང་། །

སྒོར་མོ་འཚོལ་བའི་ཚོང་དང་ངལ་རྩོལ་བས། །

རང་རང་བསམ་པའི་ཕུགས་འདུན་མ་ལུས་པ། །

སྨོན་པ་བཞིན་དུ་འགྲུབ་པའི་བཀྲ་ཤིས་ཤོག །


སློབ་ཆེན་སློབ་ཆུང་འགྲིམ་པའི་སློབ་མ་སྟེ། །

བློ་གསལ་ན་གཞོན་ཕོ་མོ་ཡོད་དོ་ཅོག །

ཀླད་པའི་རྒྱ་ཁྱོན་ནམ་མཁའི་ཀློང་ཡངས་པོར། །

ཤེས་དང་ཤེས་བྱའི་འོད་སྣང་ཁྱབ་པར་སྨོན། །


རིམ་པ་མཐོ་དམན་བར་མ་མཐའ་དག་ན། །

སྲི་ཞུར་འབད་པའི་རྒྱ་བོད་ལས་བྱེད་ཀུན། །

ཇི་བྱས་བྱ་བ་ལམ་དུ་འགྲོ་བ་དང་། །

ཡུལ་ཁམས་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །


བྱམས་བརྩེའི་དྲོད་རླབས་འཕྱུར་པའི་རང་ཁྱིམ་དུ། །

ཕ་མ་བུ་ཕྲུག་ཨ་ཡས་ཨ་མྱེ་བཅས། །

མི་རབས་གསུམ་ག་འཛོམས་པའི་བདེ་སྐྱིད་འདི། །

བསྐལ་པའི་བར་དུ་བརྟན་པའི་བཀྲ་ཤིས་ཤོག །


      ཅེས་ལོ་གསར་པ་དབུ་བརྙེས་པར་ཕེབས་བསུ་ཞུ་བ་དང་། ལོ་རྙིང་པ་ཕེབས་སྐྱེལ་བཅས་ཀྱི་ཆེད་དུ་བཀྲ་ཤིས་པའི་སྨོན་ལམ། ཚིགས་སུ་བཅད་པ་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ལྡན་འདི་ལ<<མཇལ་དར་ནང་མཛོད>>ཅེས་བྱ་བའི་མིང་གིས་བརྒྱན་ཏེ། རྒྱ་མཚོ་ཆེན་པོའི་རླབས་ཕྲེང་དང་ཆེར་མི་རིང་བའི་རི་བོའི་སྐེད་དྲོ་གྲང་སྙོམས་པ། རང་བྱུང་གི་ཆུ་ཚན་འཕྱུར་བ། བྱ་དང་བྱིའུས་སྐད་སྙན་འབྱིན་པ། སྐྱེ་བོའི་རྒྱུ་འགྲུལ་ཉུང་བས་འདུ་འཛིས་དབེན་པ། མཁའ་རླུང་གཙང་ཞིང་གད་སྙིགས་ཀྱི་འབགས་བཙོག་ཉུང་བ་བཅས་ཕུན་སུམ་ཚོགས་པའི་ཁྱད་ཆོས་དུ་མ་མངོན་པའི་ཡུལ་འདི་ན། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་བུད་ངྷ་པཱ་ལི་ཏ་དང་། དཔལ་ལྡན་ཟླ་བའི་ཚིག་གསལ་དང་འཇུག་པའི་རང་འགྲེལ། ག་ལས་འཇིགས་མེད། ཤེས་རབ་སྒྲོན་མེ་སོགས་རྒྱ་གཞུང་དང་། རྩ་ཤེས་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ། འཇུག་ཊཱིཀ་དགོངས་པ་རབ་གསལ། ལམ་རིམ་ལྷག་མཐོང་ཆེན་མོ། རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་རྩ་ཤེས་ཀྱི་འགྲེལ་པ། པ་ཚབ་ལོ་ཙཱ་བའི་རྩ་ཤེས་ཀྱི་འགྲེལ་པ། རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཀྱི་རྩ་ཤེས་ཀྱི་འགྲེལ་པ། ས་སྐྱའི་རོང་ཊཱིཀ་པའི་རྩ་ཤེས་ཀྱི་འགྲེལ་པ། གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་སོ་སོའི་དབུ་མའི་ཡིག་ཆ་བཅས་གཞིར་བཟུང་བའི་སྟེང་ནས་དགའ་ལྡན་ཤར་རྩེ་སོག་པ་ཁང་ཚན་གྱི་དགེ་བཤེས་ལྷ་རམས་པ་བརྒྱད་དང་མཉམ་དུ་བགྲོ་གླེང་ལྷུག་པར་གྲོལ་བཞིན་པའི་གསེང་བར་ནས། ཨ་མཆོག་རིན་པོ་ཆེའི་སྐུ་ཕྲེང་ན་རིམ་གྱི་གྲལ་མཐར་སྡོད་ཅིང་། ནང་ཆོས་ཀྱི་དགེ་བཤེས་ལྷ་རམས་པ་དང་ཚན་རིག་གི་ཨ་རི་སོགས་ནུབ་ཕྱོགས་ཀྱི་མཁས་བརྒྱ་མཉམ་འཛོམས་ཀྱི་དཀྱིལ་འཁོར་མཐིལ་དུ་ལོ་མང་པོའི་རིང་བགྲོ་གླེང་གི་བཀོད་འདོམས་པ་སྟེ། ལུང་དང་རིགས་པ་སྨྲ་བའི་དགེ་བཤེས་ལྷ་རམས་པ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོར་འབོད་པས་སྨོན་ལམ་བཟང་པོས་རྒྱས་བཏབ་སྟེ་2019.1.25ཉིན་བྲིས་པའོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 34 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: 福田大师 སྤེལ་དུས:2019/2/3
法王长寿,法轮常转,法喜充满,吉祥如意🙏🌷🙏🌷🙏🌷🙏🌷🙏🌷🙏
 སྤེལ་མཁན: ནོར་བུ། སྤེལ་དུས:2019/2/2
ཡག་པོ་རེད། མི་མཐུད་དུ་རྩོམ་འདི་འདྲ་སྤེལ་རོགས་ཞུ།
 སྤེལ་མཁན: འཕགས་པ་སྐྱབས། སྤེལ་དུས:2019/2/2
རྩོམ་སྒྲིག་པ་བཀའ་དྲིན་ཆེ། རྩ་བའི་བླ་མ་གཙུག་གི་ནོར་བུའི་གསུང་རྩོམ་འདི་ལ་མཇལ་བའི་སྐལ་བ་ལྡན་སོང་།ཁོང་གི་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་དགོས།
 སྤེལ་མཁན: རིག་འཁྲུངས། སྤེལ་དུས:2019/2/2
ཧ་ཅང་བཟང་གི
 སྤེལ་མཁན: ཀུན་པེ སྤེལ་དུས:2019/2/2
རྩ་བའི་བླ་མ་གཙིགས་ཀྱི་ནོར་བུ་ཡིན
 སྤེལ་མཁན: སྤེལ་མཁན།གསང་དགེན་འཇིགས་མེད་ཀླུ་སྒྲུབ།སྤེལ་དུས་2019.2.2 སྤེལ་དུས:2019/2/2
མི་འགྱུར་ལྷུན་པོ་སྐུ་ཡི་གཟི་མདངས་རྒྱས།། དྲུག་ཅུའི་གསུངས་དབྱངས་ངག་གིས་དབང་ཕྱུག་སྩོལ།། མཐའ་བྲལ་དོན་རྟོགས་ཐུགས་རྒྱུད་བསླབ་གསུམ་ཕྱུག། མི་ཤིགས་རྡོ་རྗེའི་རང་བཞིན་གཡོ་མེད་ཤོག།
 སྤེལ་མཁན: སྤེལ་མཁན། གཟན་ཤམ་དམར་པོ། སྤེལ་དུས་2019.2.2 སྤེལ་དུས:2019/2/2
ནང་ཆོས་དང་ཚན་རིག་དབར་ཉམས་མྱོང་གོ་རྟོགས་ཅན།གདན་ས་ཆེན་པོ་དགའ་ལྡན་ཤར་རྩེའི་མཁན་ཟུར།བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ཟུར་བ།ནང་ཆོས་དང་ཚན་རིག་དབར་གྱི་བགྲོ་གླེང་གི་བཀོད་འདོམས་པ།ཨ་མཆོག་སྐུ་འཕྲེང་བཞི་བ།ལུང་དང་རིགས་པ་སྨྲ་བའི་གྲ་སྐོར་ལྷ་རམས་པ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོར་འབོད་པས་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ལྡན་གྱི་ལོ་སར་ཤིས་ཚིག་གིས་བརྗོད་བྱེད་ཚིག་ཉུང་ཞིང་བརྗོད་བྱ་དོན་ཟབ་ལ་མ་ཚང་བ་མེད་པ་སུམ་ཚོགས་པའི་སྨོན་ཚིག་གམ་ཤིས་ཚིག་འདི་འུ་ཅག་གི་ཆུ་བུར་མིག་གིས་མཇལ་འདི་ཨེ་མ་ཧོ་རྨད་བྱུང་སྐལ་བ་བཟང་། ཁོང་གིས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་པ་འཕྲིན་ལས་དུས་རྟག་ཏུ་རྒྱས་པར་ཤོག བཀྲིན་ཐུགས་རྗེ་ཆེའོ།
 སྤེལ་མཁན: མགར་བཀྲ་ཤིས། སྤེལ་དུས:2019/2/2
དགུང་གྲངས་བཅུ་གསུམ་ནས་དབུས་ལྷ་ལྡན་དུ་ཕེབས་ཏེ་ཐོས་བསམ་གྱི་དབུ་བརྩམས་ཤིང་བཅོ་ལྔ་ན་འཕགས་ཡུལ་དུ་བསླེབས་ནས་ཕྱི་ནང་རིག་གནས་ཀུན་ལ་འབད་པས་གཞོལ་བར་མཛད་པོ།རྣམ་དཔྱོད་མཆོག་ཏུ་ཡངས་པའི་ཆོས་ཚན་རིག་པའི་དབང་ཕྱུག་མཁས་དབང་དམ་པ་ཨ་མཆོག་རིན་པོ་ཆེ་མཆོག་གིས་ཐུགས་སྨོན་ལ་བཀའ་དྲིན་ཆེ།🙏
 སྤེལ་མཁན: གཅའ་གངས་བུ།སྤེལ་དུས།2019/2/2ཉིན། སྤེལ་དུས:2019/2/2
འདི་ཕྱི་གཏན་གྱི་སྐྱབས་གནས་ཡིན།། ཆོས་ཚན་རིག་པའི་དེད་དཔོན་ཡིན།། ཤར་ནུབ་མཁས་པའི་ཡང་རྩེ་ཡིན།། འཛམ་གླིང་འཛིན་མའི་མཛེས་རྒྱན་ཡིན།།
 སྤེལ་མཁན: གངས་ཐིགས། སྤེལ་དུས:2019/2/2
བརྗོད་བྱ་ཕུན་སུམ་ཚོགས་ཤིང་རྗོད་བྱེད་ཁ་གསལ་བའི་འབོལ་རྩོམ་༼མཇལ་དར་ནང་མཛོད།ཅེས་པ་གུས་པས་བསྟོད་དོ།།
  པར་ངོས་ཐོག་མ།  གོང་མ།  པར་ངོས 3/4 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
41437656
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1