རྟ་མཆོག་རླུང་རྟ་འོས་སྦྱོར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 11 ཚེས 2 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དཔལ་འབྱོར།» ཚོང་ལས་འོས་སྦྱོར། »རྟ་མཆོག་རླུང་རྟ་འོས་སྦྱོར།
རྟ་མཆོག་རླུང་རྟ་འོས་སྦྱོར།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2016/5/22ལྟ་ཀློག (32306)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

    རྔ་བ་རྫོང་རྟ་མཆོག་རླུང་རྟ་ཚད་ཡོད་འགན་འཁྲིའི་སྤྱི་གཉེར་ཁང་ནི་རྒྱ་ཆེའི་ཆོས་དད་འཛད་སྤྱོད་པའི་དགོས་མཁོ་ལྟར་ཆེད་གཉེར་དེང་རབས་ཚོང་རའི་ཞབས་ཞུའི་རྣམ་གྲངས་ཆ་ཚང་བའི་སྤྱི་གཉེར་ཁང་ཞིག་ཡིན།

    ༡   སྤྱི་གཉེར་ཁང་འདིའི་ནང་གི་རླུང་རྟའི་པར་གཞི་ནི་དགོན་པ་དང་ཁྱིམ་ཚང་གི་མཛོད་ན་ཉར་བའི་པར་གཞི་བཅུ་ལྷག་ལ་བསྡུར་བ་བྱས་ཤིང་།  དགོས་སུ་དགེ་བའི་བཤེས་གཉེན་དམ་པ་དུ་མའི་མདུན་སར་བཅར་ཏེ་བཀའ་འདྲི་གནངས་བར་ཁོང་རྣམ་པའི་ཐུགས་བཀོད་གང་མང་བསྩལ་བ་གཞིར་བྱས་ནས།  རླུང་རྟའི་གཙོ་རིས་རྟ་མཆོག་དང་སྟག་སེང་ཁྱུང་འབྲུག  སོ་སོའི་བླ་གཟའ་དང་སྲོག་གཟའ་འབྱུང་ཁམས་སོགས་ལ་དམིགས་ཏེ་སྨེ་བ་དགུ་དང་སྤར་ཁ་བརྒྱད་།   ཚེ་དང་བསོད་ནམས་ལ་དམིགས་ཏེ་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་བཅས་བཀོད་ཡོད་ལ།   འདི་དག་ཀྱང་འོལ་ཚོད་ཀྱིས་བཀོད་པ་མིན་ཏེ།  གོང་སྨོས་བཞིན་བོད་རང་ལ་སྔ་ནས་ཡོད་པའི་རླུང་རྟའི་དཔར་ཤིང་དང་དགེ་བའི་བཤེས་གཉེན་དུ་མའི་ཐུགས་བཀོད་བཞིན་བྱས་པ་ལགས།   དེ་བཞིན་རླུང་རྟ་དཔར་མཁན་དང་སྒྲིག་བཀོད་པ་ཆ་ཚང་བོད་མི་ཡིན་པས་སྒྲུབ་པ་ཉེས་དམིགས་སུ་མི་ལྟུང་བའི་དགེ་མཚན་ལྡན།   ངེད་སྤྱི་གཉེར་ཁང་གིས་རླུང་རྟ་སྡེབ་ཚོང་དང་སིལ་ཚོང་འདོད་མོས་བཞིན་བྱེད་ཀྱིན་ཡོད།  མིག་སྔར་སི་ཁྲོན་དང་མཚོ་སྔོན་ཀན་སུའུ་སོགས་ཀྱི་དགོན་པ་དང་ཚོང་ཁང་ལྔ་བཅུ་ལྷག་ལ་སྡེབ་ཚོང་བྱེད་མུས་སུ་ཡོད།

   ༢   བསང་རྫས་ལ་༼ལྷ་བསང༽དང༼མཆོད་སྤྲིན༽ཞེས་ཉོ་མཁན་རྣམ་གྱི་ཐུགས་བཞེད་བཞིན་སྤུས་ཚད་རབ་འབྲིང་གཉིས་ཡོད། བསང་རྫས་ཀྱི་རྒྱུ་ཆར་འབྲུ་རིགས་སྣ་ལྔ་དང་།  ལྷ་ཤུག་འཁན་པ་སེར་མགོ བ་ལི་དུང་མགོ ཙན་དན་དཀར་དམར་སོགས་ཅི་འདུས་འདུས་བྱས་ཡོད།

     ༣ མདའ་ནི་གཞི་བདག་ལ་ལོ་བསང་ཕུད་དུ་འགྲོ་དུས་ངེས་པར་དགོས་གལ་ཆེ་ཕྱིར།  འདིར་ལྷ་མདའ་དང་ཚོ་མདའ།  ཕྱུག་པོའི་མདའ་ནག   བཙན་པོའི་མདའ་དམར་སོགས་བླུ་མཁན་གྱི་དགོས་མཁོར་དམིགས་ཏེ་མདའ་རིགས་ཁ་ཤས་ཡོད།

     ༤ དཔུང་རྒྱན་ནི་བླ་མ་ཁ་ཤས་ཀྱི་ཐུགས་བཞེད་བཞིན་དབུས་གཙང་ཕྱོགས་སུ་སྐད་གྲགས་ཆོད་པའི༼དཔུང་རྒྱན་ཚར་བརྒྱ་མ༽ཞེས་པ་སྟེ།  དར་རེས་ངོས་སུ་དཔུང་རྒྱན་ཚར་བརྒྱ་རེ་བྲིས་ཡོད་པ་དེའི་ལུགས་རང་སོར་བྱས་ཡོད་པས་དགེ་མཚན་དང་ཁྱད་ཆོས་རབ་ཏུ་ལྡན།  དེ་བཞིན་སྤྱི་གཉེར་ཁང་ནང་གི་མཆོད་རྫས་ཡོད་ཚད་དུས་བཅད་ལྟར་གྲུབ་མཐའ་རིས་མེད་ཀྱི་དགེ་འདུན་པ་བསུ་ཕེབས་ཀྱིས་རབ་གནས་རྒྱས་ཤིང་དག་པ་བྱེད་བཞིན་ཡོད།  སྐུ་ཉིད་ལ་དགོས་མཁོ་གང་ཞིག་ཡོད་ན་ངེད་སྤྱི་གཉེར་ཁང་ལ་འབྲེལ་གཏུགས་བྱོས་དང་།  ཁྱེད་ཀྱི་འདོད་མོས་བཞིན་སྡེབ་ཚོང་དང་སིལ་ཚོང་སྐྱེལ་འདྲེན་སོགས་བྱེད་ངེས་ཡིན།

ས་གནས། ཨ་མདོ་རྔ་བ།

འབྲེལ་གཏུག་ཞལ་པར།

13990402717 

17072873000

སྐད་འཕྲིན།

906371272


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
eb3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
45724208
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1