འཛམ་ཐང་གི་མགར་སྟོང་བཙན་ཐབ་ཚང་འོས་སྦྱོར།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 17 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དཔལ་འབྱོར།» ཚོང་ལས་འོས་སྦྱོར། »འཛམ་ཐང་གི་མགར་སྟོང་བཙན་ཐབ་ཚང་འོས་སྦྱོར།
འཛམ་ཐང་གི་མགར་སྟོང་བཙན་ཐབ་ཚང་འོས་སྦྱོར།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/1/20ལྟ་ཀློག (1943)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མགར་སྟོང་བཙན་ཐབ་ཚང་།

སྣེ་ལེན་པ། བཀྲེན་པོ།


༡   རྒྱ་ཆེ་བའི་བདག་གི་ཡུལ་གྲོགས་དང་སྤུན་ཟླ་ལྷན་རྒྱས་སྐུ་ཁམས་བཟང་། ཉེ་ཆར་བདག་གིས་གསར་དུ་བཟོ་བཞིན་པའི་ཇ་ཁང༿མགར་སྟོང་བཙན༾ལེགས་པར་གྲུབ་ཟིན་པས། བདག་ལ་བློ་དཀར་གཞུང་དྲང་ཞིང་། དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་བླ་མེད་མཛད་མཁན་གྱི་སྤུན་ཟླ་རྣམ་པར། རང་ཡུལ་དུ་ད་སྔོན་མེད་པའི་བདག་གི་རྣམ་པ་གསར་པ་ཅན་གྱི་ཐབ་ཚང་འདིས་ཡིད་དབང་གསོས་ཤིང་། ལྷིང་འཇགས་ཁུ་སིམ་གྱི་ཚོར་སྣང་བསྩལ་ཐུབ་པར་ཡིད་ཆེས་དང་རེ་འདུན་སྐོང་བའི་སྨོན་འདུན་ཞུ་བཞིན་ཡོད།


༢   ལྷིང་འཇགས་ངང་འདུག་འདོད་མཁན་ཚོར།  ཆེད་དུ་ན་གཞོན་གྲྭ་གྲོང་ཕོ་མོ་སུ་ཡིན་ཡང་། ངེད་མགར་སྟོང་བཙན་ཐབ་ཚང་འདིས། ཁྱེད་ལ་ཁུ་སིམ་དང་བག་ལྷོད་ཀྱི་སྣང་བ་རེ་བསྩལ་ཐུབ་པར་ཡིད་ཆེས་ཡོད།

༣    གཞན་དུ། ངེད་ཀྱི༿མགར་སྟོང་བཙན༾འདིར་སྐུ་ཉིད་ཀྱིས་གཙུག་ལག་རིག་གནས་གང་གི་སྐོར་གྱི་དཔེ་ཆར་གཟིགས་རྟོག་འདོད་ན། སྐུ་ཉིད་ཀྱི་འདོད་པ་ལྟར༿ཚོང་ལས༾དང༿ཁྱིམ་ཚང་སློབ་གསོ༾༿སློབ་སྦྱོང་ཡར་སྐུལ༾༿རྩོམ་རིག༾༿ཆོས་ལུགས༾༿རིག་གནས།༾༿ལོ་རྒྱུས༾༿ཚན་རིག༾སོགས་ཀྱི་སྐོར་ནས་དཔེ་ཆ་གསར་རྙིང་དུ་མར་གང་འདོད་ཀྱིས་ལྟ་ཀློག་ཐུབ་པས། ཁོ་ཧྥེ་འཐུང་ཞོར་ཉིད་ཀྱིས་མ་ཤེས་ཐབས་མེད་ཀྱི་ཤེས་བྱ་མང་པོའི་རྒྱུན་ཤེས་སྐོར་ལ་ཏོག་ཙམ་སློབ་སྦྱོང་ཡང་ཐུབ་པར་ངེས།

༤   ཞོར་དུ།  ངེད་ཀྱི༿མགར་སྟོང་བཙན༾ཐབ་ཚང་དང་འབྲེལ་བའི༿རིག་གནས་ལས་སྒྲུབ་སྐོར་གྱི་ལས་ཀ་ཞིག་ཀྱང་སྒྲུབ་བཞིན་ཡོད། དཔེར་ན། ༿དཔེ་ཆ༾དང་༿ཚགས་ཤོག༾༿སྒྲིག་འགོད༾དང་༿ཡིག་གཏགས་ཀྱི་སྐོར། ༾༿འདོན་ཆོག༾དང༿གཉེན་སྟོན་ཤོག་བྱང༾སོགས་བསྐྱར་དཔར༾དང་སྒྲིག་འགོད་བྱེད་བཞིན་ཡོད། དེ་མིན་ན་གཞོན་ཚོར་ཆེད་དུ་དམིགས་པའི་བགྲོ་གླེང་དང་ཚོགས་འདུ་སྤེལ་ས། སྐྱེས་སྐར་གསོལ་སྟོན་འཚོགས་ས་སོགས་ཀྱི་ཞབས་ཕྱི་ཡང་སྒྲུབ་བཞིན་ཡོད་པས། སྐུ་ཉིད་འདིར་ཕེབས་དང་ངེད་ཀྱིས་གུས་ཞབས་ལེགས་པོས་མདུན་བསུས་ཏེ། ཁྱེད་ཀྱི་ཐང་ཆད་ཉོབ་ལ་ལྷུང་བའི་སེམས་པ་ལ་ངལ་གསོ་ལེགས་པོ་སྐྲུན་ཆོག


 མཐར་བདག་གི་ཡུལ་མི་སྤུན་ཟླ་རྣམ་པས་ཐུགས་ཁུར་དང་རྒྱབ་སྐྱོར་འོག༿མགར་སྟོང་བཙན༾ཞེས་པའི་ཇ་ཁང་སྒོ་འབྱེད་ཐུབ་པར་ཞལ་དྲོ་བཀྲ་ཤིས་ཞུ་རྒྱུ་དང་བཙན་པོའི་མགར་གྱི་དྲྭ་རྒྱའི་གཙོ་གཉེར་པ་ཁཱ་ཤེས་རབ་རྒྱ་མཚོ་ལགས་ལ་ཆེད་དུ་བཀའ་དྲིན་ཞུ།

ཞེས་ཁྱེད་ཀྱི་སྤུན་ཟླ་བཀྲེན་པོ་རུ་འབོད་པ་དེས་ཕ་ཡུལ་ན་མདའ་ནས་ཕུལ།


ས་གནས།   རྔ་བ་ཁུལ་འཛམ་ཐང་རྫོང་ན་མདའ་གྲོང་རྡལ།

15351434964

༢༠༡༧. ༡. ༡༧ མཛད་སྒོར་བྲིས།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qnft བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཟར་མ། སྤེལ་དུས:2017/1/21
ཕ་ཡུལ་འདིར་ཇ་ཁང་མང་པོ་ཡོད། ཡིན་ཡང་། དཔེ་ཆ་ཀློག་ཐུབ་སའི་ཇ་ཁང་ཧ་ཅང་དཀོན། ཁྱོའི་དེར་དཔེ་ཆ་ཀློག་རྒྱུ་དང་པར་རྒྱུ་སོགས་ཡོད་པས་དགའ་ནི་ཡིན།
 སྤེལ་མཁན: ཟར་མ། སྤེལ་དུས:2017/1/21
བཀའ་དྲིན་ཆེ། ཡིག་པར་སོགས་ཕ་ཡུལ་འདིར་ཚད་ལྡན་ཞིག་མེད་པས་དགའ་ནི་ཡིན།
 སྤེལ་མཁན: མེ་ཏོག་ལྷ་མོ། སྤེལ་དུས:2017/1/20
འདི་ངོ་མ་ཧྲ་གི ད་བར་དུ་འཛམ་ཐང་རྫོང་ཡིན་ཡང་ཡི་གེ་དཔར་ས་ཚད་ལྡན་ཞིག་མི་འདུག་མོད། ན་མདའ་གྲོང་རྡལ་འདི་ནས་འཛི་ལུང་ཁོག་གི་དགོན་སྡེ་སློབ་གྲྭ་སོགས་ཀྱི་ཡིག་ཆ་སྣ་ཚོགས་དཔར་ཐུབ་པ་འདི་ང་ཚོར་མཚོན་ན་སྟབས་བདེ་དཔག་མེད་ཅིག་རེད། བཀྲེན་པོ་བཀའ་དྲིན་ཆེ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
15095996
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号